ཕྱི་ལོགས་སློབ་མ།

   ངས་རང་གི་བརྒྱུད་མྱོང་བའི་འདས་ཟིན་པའི་ལོ་ཟླའི་བར་ནས་ཉན་ན་སྙིང་ཚ་ཞིང་སེམས་ན་དགོད་བྲོ་བའི་དོན་བྱ་མང་པོ་ཞིག་མེ་ལོང་ལོར་རང་གི་ངོ་གདོང་འཆར་བ་བཞིན་ག་ལེར་དྲན་འོངས་ན་ཕྱིར་དྲན་ལ་ལ་ཞིག་ལ་ཡི་གེས་ངལ་བ་མི་བསྟེན་ཀ་མེད་རེད།དེ་ནི་ཉིན་སྟོང་བདུན་གྱི་ཕྱིན་དྲན་ཞིག་ཞིག་སྟེ་ད་ལྟ་བསམ་ན་ཡང་ངའི་སེམས་ཀྱི་དབྱིངས་སུ་དོགས་པའི་སྤྲིན་ནག་གིས་བསྒྲིབས་ནས་རང་དང་རུས་རྒྱུད་དང་འདུན་པ་གཅིག་པའི་ཕྱི་ལོགས་ཀྱི་སློབ་གྲྭའི་སློབ་གསོ་དང་ཁོར་ཡུག་ལ་སྐད་ཆེན་པོས་དྲི་བ་འགའ་འདོན་ན་འདོད།
   ཉིས་སྟོང་བདུན་ལོའི་དགུན་ཟླར་ང་མེ་འཁོར་ལ་བུད་དེ་ལྷ་སའི་ཕྱོགས་སུ་ཆས་པ་ཡིན།ང་འདུག་སའི་མེ་འཁོར་སྒམ་ནང་དུ་སི་ཁྲོན་གྱི་རྒྱ་མིས་ཕལ་ཆེར་བཀང་ཡོད་ལ་ད་དུང་འབྲོག་པ་མཇལ་བ་འགའ་ཡང་ཡོད།རྒྱ་མི་དེ་དག་དཔལ་འབྱོར་གྱི་ཆེད་དུ་ཉི་མ་ལྷ་སའི་ཕྱོགས་སུ་བསྐྱོད་པ་ཡིན་ལ་འབྲོག་པ་དེ་དག་དད་པའི་སྟོབས་ཀྱིས་བཏེགས་ནས་གྲོན་ཆུང་ངང་བསགས་པའི་དངུལ་ལོ་མང་པོ་ཞིག་ཨམ་ཕྲག་ནང་བཅུག་སྟེ་ངོ་ལ་འཛུམ་མདངས་ལྷད་མེད་པ་ཅིག་རྒྱས་ནས་ངའི་ཁ་གཏད་དུ་ཙོག་ཡོད།ང་དོགས་པ་ཟ་ས་ཞིག་ཡོད་པ་ནི་འབྲོག་པ་དེ་དག་གིས་དཀོན་གཆོག་གསུམ་གྱི་གྲངས་ཀའང་འདྲེན་མི་ཤེས་པ་དེ་རེད།སྤྱིར་བཤད་ན་གྲངས་འདྲེན་ནི་གྲངས་ཀ་ཙམ་རེད་མོད་ཡིན་ཡང་སྣང་ཚུལ་འདིས་ངེད་བོད་མིའི་དད་པའི་སྤུས་ཀ་དང་ཤེས་རྨོངས་མཚོན་ནུས་ཏེ།བོད་མི་རིགས་ནང་ཆོས་ལ་སྒུར་ནས་མི་ལོ་མང་པོ་ཕྱིན་ཡོད་ན་ཡང་མང་ཚོགས་ཁྲོད་ནས་སུ་ཞིག་གིས་ནང་ཆོས་ལ་ཞིག་འཇུག་དང་དོགས་སློང་བྱས་མྱོང་ངམ། བླ་མའི་ཅི་གསུངས་ཆོས་དང་།མཛུབ་བུས་གར་བསྟན་ཤར་བྱས་པ་ནས་ང་ཚོའི་བསམ་གཞིགས་ལ་རང་ཚུགས་ཀྱི་གོམས་ལོབས་མེད་ལ་དེ་དང་ལྷན་དུ་ང་ཚོ་ཤེས་རྨོངས་ཀྱིས་ཕྱི་ནང་མེད་པར་བཏུམས་པ་རེད།འདང་ཞིབ་མོ་བརྒྱབ་ན་ས་སྐྱའི་དུས་རབས་ནས་ང་ཚོ་ལ་མཁས་པ་དང་རིག་གཞུང་སློབ་གཉེར་བ་མང་དུ་བྱོན་ན་ཡང་དེ་དག་ཐགས་ཅད་གཅིག་བྱས་ན་རབ་བྱུང་བ་ཡིན་པ་དང་ཡང་ན་དཔོན་གནས་ག་གེ་མོ་ཡོད་པའི་མཐོ་རིམ་མི་སྣ་རྐྱང་རྐྱང་ཡིན་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ།མི་སྐྱེས་པ་ནས་རིག་གནས་དང་ཤེས་ཡོན་སློབ་པའི་བདག་དབང་འདྲ་མཉམ་དུ་ཡོད་ན་ཡང་ང་ཚོའི་སྲོལ་རྒྱུན་ཁྲོད་བདག་དབང་དེ་འདྲ་མེད་སོང་བ་རེད།བདག་དབང་དེ་ཐོབ་དགོས་ན་དགོན་སྡེ་ཞིག་ལ་སྐྱབས་སུ་འགྲོ་དགོས་པ་དང་ཡང་ན་སྐུ་དྲག་གང་རུང་ཞིག་གི་རིགས་རྒྱུད་དུ་སྐྱེས་དགོས་པ་རེད།ང་ཚོ་ལ་ཤེས་ཡོན་སློབ་པའི་བདག་དབང་དེ་དམངས་ཡོངས་ཀྱི་རང་བཞིན་མ་ལྡན་པས་ད་ལྟའི་དུས་སའང་ཡིག་རྨོངས་པ་མང་པོ་ཡིན་པའི་རྒན་རྒོན་མཐོང་རྒྱུ་ཡོད་པ་མ་ཡིན་ནམ།ང་ལ་དོགས་པ་ཟ་ས་གཞན་ཞིག་ཡོད་པ་ནི་འབྲོག་པ་དེ་དག་གིས་དད་པའི་ཆེད་དུ་དངུལ་ལོ་གཏོང་བ་ཇི་བཞིན་རང་གི་བུ་ཕྲུག་གི་སློབ་སྦྱོང་ཕྱོགས་སུ་མིག་མ་དོག་པར་མཐུན་རྐྱེན་སྦྱར་རྒྱུ་ཨེ་ཡིན་ནམ་སྙམ་པ་དེ་རེད།སྐབས་དེར་འབྲོག་པ་དད་པས་བཏེགས་ནས་ལྷ་སར་འགྲོ་བ་དང་།རྒྱ་མི་སྒོར་མོའི་ཆེད་དུ་ལྷ་སར་འགྲོ་བ་དང་ང་ནི་སློབ་སྦྱོང་གི་ཆེད་དུ་ལྷ་སར་སོང་བ་རེད།ལྷ་སར་ཐོན་རྗེས་ངས་དཀའ་ལས་མང་པོ་ཞིག་བརྒྱབ་རྗེས་གཞི་ནས་རྒྱ་གར་དུ་ལམ་ཁྲིད་མཁན་གྱི་ལམ་པ་ཞིག་རྙེད་པ་དང་ལམ་ཆས་ཆ་ཚང་བསྒྲིགས་རྗེས་ང་དང་གྲོགས་པོ་འགའ་ལྷན་དུ་རྒྱ་གར་དུ་བྲོས་བྱོལ་བ་ཡིན།ང་རྒྱ་གར་གྱི་འབྲོ་བའི་རྒྱུ་མཚན་ནི་རྒྱུ་རྐྱེན་ཧ་ལས་པ་ཞིག་མེད་པར་སློབ་སྦྱོང་གི་ཆེད་ཁོ་ན་ཡིན་ཏེ་ངའི་བསམ་པར་ཕྱི་ལོགས་ནས་བསྒྲུབས་པའི་སློབ་གྲྭ་ནི་བོད་རང་གི་སྐད་ཡིག་གཙོ་བྱས་ཐོག་དེང་རབས་རིག་གནས་དང་རིག་ཚན་མང་པོ་ལྡན་པའི་ཁོར་ཡུག་ཅིག་ཏུ་སེམས་ཡོད་པས་ཡིན་ལ།ཡང་གཞན་ཞིག་ནི་བོད་ནང་ལོགས་ཀྱི་སློབ་གྲྭ་འགྲིམས་པར་དཔལ་འབྱོར་གྱི་ཆ་རྐྱེན་མཐུག་དགོས་པའི་རྒྱུ་མཚན་ཡང་ཡིན།དེ་ལྟར་ང་ཚོ་རྐང་ཐང་དུ་ཉིན་གསུམ་འགོར་སྐབས་སྟབས་མ་ལེགས་པར་དམག་མིས་བཟུང་བྱུང་།དམག་མི་དག་ལ་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་པས་ཡིན་ནམ་མི་གཤིས་ཧ་ཅང་བཙོག་སྟེ།བཟུང་མི་དག་ནི་མི་ཡིན་པའི་སྣང་བ་མེད་པར་གང་འདོད་དུ་རྡུང་ལ་ཐ་ན་གནས་ལུགས་ཡང་བཤད་ས་མི་འགྲོ།དམག་མིའི་ཀུན་སྤྱོད་དང་ཚིག་རྩུབ་ཀྱི་ཉམས་ལ་བརྟག་ན་ཡུལ་གང་ཞིག་ནས་གདོད་མའི་དམུ་རྒོད་སྐོར་ཞིག་ཁྲིད་ཡོང་བའི་སྣང་བ་སྦྱིན་འོང་།བཙོན་ཁང་ནང་ན་རྒྱལ་མཚམས་ལྐོག་བརྒལ་གྱི་ཉེས་མིང་ཡོད་པའི་བོད་མིའི་བཀང་ཡོད་ལ་དེའི་ཁྲོད་དུ་ཆུང་དུས་ནས་རྒྱ་གར་ནས་ནར་སོན་པའི་སློབ་མའང་མང་པོ་འདུག་པས་ཟླ་གཉིས་ལྷག་གི་རིང་ལ་ཁོ་ཚོ་དང་དཔུང་བ་མཉམ་གཤིབས་ཀྱིས་འཚོ་བ་རོལ་བ་ཡིན།བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་ཚོའི་བོད་ཡིག་གི་ཆུ་ཚད་ཧ་ཅང་ཞན་སྟེ་གླུ་ཚིག་གཅིག་འབྲི་ན་ཡང་བོད་ཡིག་གི་ལམ་ནས་འབྲི་མི་ཤེས་པ་དེ་རེད།ཁོ་ཚོ་ནམ་རྒྱུན་དབྱིན་སྐད་བཤད་རྒྱུར་དགའ་བ་དེ་ནི་བོད་ནང་ལོགས་ཀྱི་སློབ་ཆེན་སློབ་མས་རྒྱ་སྐད་བཤད་རྒྱུ་དགའ་བ་དང་ཆ་མཚུངས་ན་ཡང་མི་འདྲ་ས་་ཞིག་ཡོད་པ་ནི་བོད་ནང་ལོགས་ཀྱི་སློབ་ཆེན་སློབ་མས་བོད་ཡིག་གི་ཆུ་ཚད་དེ་འདྲ་སྡུག་ཐུག་ཅིག་ག་ལ་ཡིན།ཁོ་ཚོ་དང་འབྲེལ་འདྲིས་བརྒྱུད་ནས་ང་ཕྱི་ལོགས་ན་བསྒྲུབས་པའི་སློབ་གྲྭའི་ཁོར་ཡུག་དང་སློབ་གསོ་ལ་དོགས་པ་མི་ཟ་རང་སར་གྱུར་སོང་།ཁོ་ཚོ་དང་ཁ་བརྡ་བརྒྱུད་ནས་ངས་ཤེས་རྟོགས་བྱུང་བ་ནི་ཁོ་ཚོ་ནི་ཆུང་དུས་ནས་བོད་རང་གིས་བསྒྲུབས་པའི་སློབ་གྲྭར་འགྲིམས་པ་རེད་ལ་ད་ལྟ་འཛིན་གྲྭ་བཅུ་གཉིས་ཡས་མས་ཀྱི་སློབ་མ་ཏག་ཏག་རེད།སྤྱིར་ན་སློབ་གྲྭ་གང་ན་ཡང་སློབ་སྦྱོང་ལ་མི་བཟང་བའི་སློབ་མ་ཡོད་པ་ཆོས་ཉིད་ཡིན་ན་ཡང་ངས་འབྲེལ་འདྲིས་བྱས་པའི་སློབ་མ་བཅུ་ལྷག་ཡོད་པ་་དེ་དག་གི་ཁྲོད་ནས་བོད་ཡིག་གི་ཆུ་ཚད་བཟང་བ་ཞིག་ཅི་ལ་མེད་སོང་བ་ཡིན།ཁོ་ཚོའི་ཀུན་སྤྱོད་དང་སྐད་ཆ་བཤད་སྟངས་གང་ལ་བརྟག་ཀྱང་ཧ་ཅང་རྩིང་རག་གི་ཆ་དང་མི་གཞན་ལ་བརྩི་བཀུར་མེད་པའི་བག་ཆགས་ངན་པ་ཞིག་ང་ལ་གཏིང་ནས་བཞག་བྱུང་།ང་ལ་འཇིགས་སྣང་ཞིག་ཡོད་པ་ནི་བོད་རང་གི་ལག་ན་རང་དབང་དུ་ཡོད་ན་ཡང་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་དུངས་པ་མེད་པར་གཞན་གྱི་རིག་གནས་ལ་མགོ་འདོགས་བྱེད་པ་དེ་རེད།
གསལ་བཤད།
རྩོམ་ཡིག་འདི་ནི་དྲ་ཁང་ཞིག་ནས་བྲིས་པ་ཡིན་པས་མགོ་རྔ་ཆ་ཚང་བ་ཞིག་དང་རང་གི་བཤད་འདོད་པ་ཐམས་ཅད་ཐོན་མི་འདུག་པས་གཞུག་ནས་ཁ་བསབ་བྱེད་པའི་དམིགས་ཡུལ་ཡོད།
                     ༢༠༠༡༡.༡༠.༢༣ཉིན་དྲ་ཁང་དུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱི་ལོགས་སློབ་མ།

2011-11-02 གདུ་བུ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།