བདག་དཔེ་ཚོགས་ཀྱི་“བདག”དོན་ལ་དཔྱད་པ

ཧོར་ནག་པ་ཀླུ་སྨྱོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-27

རྒྱབ་ལྗོངས། རང་ཅག་སྒང་བ་བོད་ལ་མཚོན་ན་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡན་ཆད་དུ་སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་ཞེས་འཇིག་རྟེན་འདིའི་བདེ་སྡུག་དོན་དུ་གཉེར་མཁན་གྱི་མི་བུ་ཤ་སྟག་དག་ཡིན་པ་གོར་མ་ཆག་ཀྱང༌། མངའ་བདག་ཁྲི་རལ་དང་ཇོ་བོ་ཕུལ་བྱུང༌། རྗེ་ཐམས་ཅད་མཁྱེན་པ་སོགས་ཀྱི་སྐྱེས་ཆེན་དག་གི་བྱུང་བ་བརྒྱུད་ནས། ཆོས་པ་ནས་གྲོང་བ་དང༌། ཆོས་ལུགས་པ་ནས་ཆབ་སྲིད་པ། ཡང་མེས་ནས་སུམ་ཚ་དང༌། སྟོད་ཀྱི་ཕ་ཡུལ་ཟངས་དཀར་ནས་སྨད་ཀྱི་རི་བོ་སྤོ་འབོར་བར་སོགས། བོད་ཀྱི་ནང་བཅུད་ཀྱི་གཡོ་བ་ཐ་དག་གིས་ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན་འདི་གཉེར་བྱ་མ་ཡིན་པར་སྤངས་བྱར་གྱུར་ལ། ཐ་ན་གཙང་མས་རྒྱལ་སྲིད་རྩྭ་ལྟར་སྤངས་བ་སྟེ་ཞེས། འཇིག་རྟེན་དོན་དུ་གཉེར་མཁན་དག་གིས་ཕ་བུ་ཡིན་ཀྱང་ངོ་མི་བལྟ་བར་ཁྱོད་ཤི་ང་གསོན་གྱིས་རྩོད་འཕྲོག་བྱེད་པའི་རྒྱལ་སྲིད་ཀྱང་ཐལ་བར་མཐོང་ནས་རྩྭ་ལྟར་སྤངས་ཡོད།
འདི་ལྟར་མི་ཆོས་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་གི་རྨང་གཞི་ནས་བརྡོལ་བས། ང་ཚོའི་སྲིད་དབང་རྩ་འཐོར་དང་ཆབ་སྲིད་ཡ་བྲལ། དཔལ་འབྱོར་རྗེས་ལུས་ཐེབས་ཏེ་དུས་ད་ལྟའང་ད་དུང་རྐང་ལམ་ཕྲ་མོར་བོང་རྒན་སྐྱ་རིལ་ལ་བརྟེན་ནས་རྡོག་ཐོན་བྱེད་བཞིན་པ་འདིའོ།
གཞན་ཡང་དེང་སྐབས་ནི་ངེས་པ་དོན་གྱི་རྩོད་ལྡན་གྱི་དུས་རབས་21པ་ཡིན་པས། འོད་གསལ་ལྷ་ལས་མཆེད་པའི་རྫོགས་ལྡན་གྱི་དུས་སྐབས་ཏེ། རྨུ་ཐག་ལས་ཐོན་ཞིང་ལྷ་སྐས་ལས་བབས་པའི་དུས་སྐབས་ལྟར་ཟས་ལ་བསམ་གཏན་གྱི་ཟས་དང་མ་རྨོས་པའི་ལོ་ཏོག་ཅི་ཡང་ཟ་རྒྱུ་མེད་པར་རྩོལ་བསྟུན་ཐོབ་སྤྲོད་དང་ངལ་རྩོལ་གྱིས་བསྐྲུན་པའི་ཟས་ཟ་གྱིན་ཡོད་པས། དེང་སྐབས་ཀྱི་མི་ཞིག་ཡིན་ཕྱིན། འཚོ་གནས་བྱེད་པར་ངེས་པར་དུ་རྩོལ་བ་ལ་བརྟེན་ཏེ་དངོས་པོའི་དཔལ་ཡོན་བསྐྲུན་དགོས། ང་ཚོ་བོད་ལ་བསམ་པའི་དཔལ་ཡོན་གྱ་ནོམ་པ་ཡོད་པ་བདེན་དུ་ཆུག་ཀྱང༌། དངོས་པོའི་དཔལ་ཡོན་ཉག་ཕྲ་ལ་ཤིན་ཏུ་རྗེས་ལུས་རེད། ད་ལྟ་ང་ཚོ་གོ་ལ་རིལ་མོ་འདིའི་ངོས་ན་རླུང་གིས་གཙེས་ཀྱིན་པའི་ཆུ་བུར་དང༌། སད་ཀྱིས་འཇོམས་བཞིན་པའི་མེ་ཏོག་ལྟར་ཡལ་ལ་ཡལ་ལ་ཉེ།
ང་ཚོས་ད་དུང་འདི་ལྟར་འཇིག་རྟེན་ཐད་དུ་བསྐྱུར་ཏེ་སྣང་མེད་ལྷོད་གཡེང་གིས་སྔར་བྱས་ཀྱི་བྱས་ཉེས་དེ་ལ་རྣམ་པར་སུན་འབྱིན་པ་སྟེ་འགྱོད་བཤགས་དང་ངེས་རྟོགས་ངེས་ཟིན་མ་བྱས་ན། ཉ་ཆེན་པོས་ཉ་ཆུང་བ་དང་ཉ་ཆུང་བས་གློ་ཉ་ཟ་བ་ལྟར། གོར་ཁ་མིན་ན་དབྱིན་ཇི་སྟེ། སྟོབས་ལྡན་རྒྱལ་ཁབ་ཅིག་གིས་རྩ་མེད་དུ་བརླགས་འགྲོ་བ་གདོན་མི་ཟ་བས། ང་ཚོས་འདི་འདྲ་བའི་གནད་འགག་དང་ཚབས་ཆེ་བའི་གནས་བབ་ཀྱི་བཙན་ཤུགས་དང་བཙིར་རྒོལ་འོག་ཏུ། བདག་སྟེ་བདག་འཛིན་བསྐྱར་དུ་བཞེངས་བསྐྲུན་བྱས་ཏེ་བོད་རང་ལ་ཁ་ཕྱོགས་འགྱུར་མཚམས་ཀྱི་བྱེད་ནུས་ཤིག་ཐོན་པ་བྱེད་དགོས། བདག་དཔེ་ཚོགས་ཀྱི་རྩོམ་པ་པོ་དག་གིས་བདག་མེད་དང་ནང་བསྟན(སྲོལ་རྒྱུན་རིག་གནས) ཀྱི་ཁྱད་ཡོན་མ་མཐོང་བ་མིན་གྱི། འཚོ་གནས་ཀྱི་དགོས་མཁོ་དང་དུས་རབས་ཀྱི་གནས་བབ་འོག་ཏུ། བོད་སྤྱི་དང་རང་རིགས་ཀྱི་བདེ་སྡུག་ལ་གཞིགས་ན་འདི་ལྟར་མི་ཤོད་ཐུ་མེད་རེད།
བདག་གི་གོ་དོན——
དེ་ཡང་བདག་ཅེས་པ་ནི་རང་ཉིད་ཀྱི་ཞེ་སའམ་རང་ཉིད་ཀྱི་དོན་རེད། བདག་དེ་བདག་མེད་དང་ཕན་ཚུན་སྤང་འགལ་ལམ་བདག་མེད་ཀྱི་ལྡོག་ཟླ་རེད། དེ་ངོས་འཛིན་ཚུལ་ལ། བདག་ལ་གཟུགས་སུ་ལྟ་བ། གཟུགས་ལ་བདག་ཏུ་ལྟ་བ། བདག་ལ་གཟུགས་དང་ལྡན་པར་ལྟ་བ། གཟུགས་བདག་གི་ཡིན་པར་ལྟ་བའམ་ཡང་ན། ནང་བའི་རྩ་བའི་གྲུབ་མཐའ་བཞི་སོ་སོས་བཤད་པའི་གདགས་གཞི་ཙམ་སྟེ་བདག་གམ་གང་ཟག་དེ་ཡིད་ཀྱི་རྣམ་ཤེས་དང་ཀུན་གཞིའི་རྣམ་ཤེས་སུ་འདོད་པའམ། ཕུང་བོ་ལྔ་ཚོགས་ཙམ་མམ་སོ་སོ་ནས་ཡིན་པར་འདོད་པ་གང་ལྟར་ཀྱང་འཇིག་རྟེན་པ་དག་གིས་བདག་ཏུ་འཛིན་དགོས། བདག་ལ་གཟུགས་སུ་ལྟ་དགོས་ལ་གཟུགས་བདག་གི་ཡིན་པར་འང་བལྟ་དགོས། བདག་དོན་གཉེར་བྱ་དང་འདོད་ཡོན་ལོངས་སྤྱད་བྱར་བྱེད་དགོས། ཁྱོད་ནི་ཚེ་འདི་དོན་དུ་གཉེར་མཁན་རེད། འཇིག་རྟེན་པ་རེད། 
བདག་ནི་འཇིག་རྟེན་ལ་འཇུག་པའི་སྒོའམ་ཆེས་རྩ་བ་དང་ཆེས་ཐོག་མ། ཆེས་རྨང་གཞིའི་ཆ་རྐྱེན་རེད། བདག་མེད་ན་འཁོར་བ་འདི་གནས་པ་དང་འཕེལ་ཐབས་བྲལ། བདག་ཡོད་པས་འཇིག་རྟེན་ལ་འབྱུང་འཇིག་དང་བདག་མེད་པས་འཁོར་བ་རྩ་ནས་ལྡོག འགག་པ་མེད་པས་སྐྱེ་བ་མེད་ལ། སྐྱེ་བ་མེད་ན་ཆོས་ཐམས་ཅད་གང་གིས་རྟེན་ཅིང་འབྲེལ་བར་འང་འབྱུང་ཐབས་བྲལ། ཆད་པ་མེད་ན་རྟག་པ་མེད་པ་དང་འགྲོ་བ་མེད་ན་འོང་བ་མེད་པ་ལྟར་རེད། 
བདག་ནི་དམིགས་སུ་ཡོད་པ་དང་རིས་སུ་ཡོད་པ། ཉེ་རིང་ཆགས་སྡང་ཡོད་པའི་དོན་རེད། གལ་ཏེ་བདག་མེད་ན་རང་མེད་ལ། རང་མེད་ན་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བའི་ཉེ་རིང་ཆགས་སྡང་འདིའང་ཡོངས་ཐབས་བྲལ། ཉེ་རིང་ཆགས་སྡང་མེད་ན་བཏང་སྙོམས་རེད། ཉེ་ལམ་ང་ཚོ་ལ་མཁོ་བ་ནི་འཇིག་རྟེན་མི་ཆོས་ཀྱི་རིག་གཞུང་དང་དངོས་པོའི་དཔལ་ཡོན་རེད་ལ། སྣོད་བཅུད་བཏང་སྙོམས་སུ་བསྐྱུར་བའི་ཉམས་ལེན་འདིས། དངོས་པོའི་དཔལ་ཡོན་དང་མི་ཆོས་རིག་གཞུང་གང་ཡང་སྤེལ་ཐབས་བྲལ། དེས་ན་ད་ནས་བཟུང་སྟེ་མཛངས་ལ་བློ་འགྱུ་བའི་སྒོ་ནས་བདག་ལ་ངོས་ཡང་དག་ཅིག་འཛིན་པ་ནི་གནད་དུ་ཆེའོ།
དེང་སྐབས་ང་ཚོའི་མི་རིགས་འདི་ཁྱིམ་ཚང་ཞིག་ཡིན་པའི་དབང་དུ་བཏང་ན། བཟའ་མི་ཡོངས་ཀྱིས་བདག་མེད་སྒོམ་པའི་རྣལ་འབྱོར་གྱི་ཁྱིམ་ཚང་ཞིག་དང་ཀུན་ནས་མཚུངས་ཤིང༌། བདག་མེད་དངོས་གནས་པ་སྒོམ་པའི་ཁྱིམ་ཚང་འདི་གཞར་ཡང་འཚོ་གནས་བྱེད་ཐབས་མེད་དེ། ཁོ་ཚོས་ཆོས་དང་བདག་མེད་ཁོ་ནར་གཞོལ་བས་བཟའ་བཏུང་རྩོད་སྒྲུབ་དང་སོ་ནམ་བཞི་སོགས་འཇིག་རྟེན་པའི་བྱ་བ་དོན་དུ་མི་གཉེར་ལ། དེ་ལྟ་ན་བཟའ་ཆས་མུ་འབྲེལ་ལ་བརྟེན་ནས་ཚེ་རྒྱུན་བསྲིངས་པའི་བདག་མེད་པ་འདི་དག་གི་མགོ་ཐོག་ཏུ་མུ་གེ་དང་ལྟོགས་ཤིའི་འཇིགས་པའང་མི་འོང་བའི་གདེང་སྤོབས་ག་ལ་ཡོད།
མི་རིགས་ནི་ཚོགས་སྤྱི་ཞིག་རེད་ལ། ཚོགས་སྤྱི་འདི་མི་ཁྱིམ་ལས་གྲུབ་པར་དོགས་དཔྱོད་ཅི། དེ་ཡང་བུམ་པ་འཇིག་ན་བུམ་པའི་ཁ་དང་ལྟོ་བ་ཞབས་སོགས་རེ་རེ་ནས་འཇིག་པས་མ་ཁྱབ་ལ། བུམ་པའི་ཁ་ལྟོ་ཞབས་གསུམ་རེ་རེ་ནས་འཇིག་ན་བུམ་པ་གཞི་ནས་འཇིག་ཟིན་པའི་དཔེ་འདི་ནང་བཞིན། བདག་མེད་པའི་ཁྱིམ་ཚང་རེ་རེ་སོ་སོ་ནས་འཇིག་དུས་བདག་མེད་པའི་མི་རིགས་འདིའང་ཡོངས་སུ་འཇིག་ཟིན་ལ། དེ་ལས་ལྡོག་ན་མ་ངེས་ཏེ། དེང་སྐབས་མན་ཛུའི་མི་རིགས་འཇིག་ཟིན་ནའང་མན་ཛུ་བ་ད་དུང་གནས་པ་བཞིན་ནོ།
གཞན་དུ་དོན་ཅེས་པ་ལའང་བསྒྲུབ་ཚུལ་གྱི་སྟེང་ནས་སམ་དམིགས་གཞིའི་སྒོ་ནས་དབྱེ་ན་རང་དོན་དང་གཞན་དོན་གཉིས་ཡོད། རང་དོན་ནི་འཇིག་རྟེན་པ་དང་བདག་གི་ལོངས་སྤྱད་བྱ་དང་གཞན་དོན་ནི་ཆོས་ལུགས་པའམ་བདག་མེད་པས་ལོངས་སྤྱད་བྱ་རེད། འདི་གཉིས་འཇིག་རྟེན་པའི་ཤེས་ངོ་ལ་བལྟས་ཏེ་བདག་འཛིན་གྱི་རྨང་གཞིའི་སྟེང་ནས་དབྱེ་བ་ཞིག་རེད། རྒྱུ་མཚན་བདག་ནི་རང་རེད་ལ། བདག་མེད་ན་རང་མེད་པས་གཞན་ག་ནས་འབྱུང༌།འདི་གཉིས་ལྟོས་ས་ལྟོས་འཇོག་གམ་རྟེན་བྱུང་འབྲེལ་རེད། དེ་བས་བྱང་སེམས་འཕགས་པ་དག་གིས་གཞན་དོན་གཉེར་དུས་སུའང་རང་དོན་གྱི་བློ་སྔོན་དུ་སོང་ཟིན་པ་གཞིར་བཞག་རེད། དེ་ལྟ་ན་འཇིག་རྟེན་པ་དག་གིས་བདག་དང་རང་དོན་གཉེར་ལྟ་ཅི་སྨོས། འདི་ནི་ཁོ་ཚོའི་ཆེད་གཉེར་དང་ཁོ་ཚོའི་འོས་འགན་རེད་ལ། རང་གི་འོས་འགན་ཡོངས་འགྲུབ་མི་བགྱི་བའི་མི་ནི་འཇིག་རྟེན་པས་ཡ་རབས་མི་ལ་རྩིས་སུ་མེད། དེས་ན་འཇིག་རྟེན་ནམ་འཁོར་བ་དོན་དུ་གཉེར་བའི་མི་ཚུལ་རིང་ལུགས་ཀྱི་ཡ་རབས་མི་རིགས་ཤིག་ཡིན་ཚེ། རང་དོན་ནམ་རང་གི་འོས་འགན་ཏེ་བདག་ཡོངས་འགྲུབ་བྱ་དགོས།
མཐར་ཐུག་བརྗོད་ན་ནི། ཆོས་པས་མི་ཚུལ་ལ་སྐེ་མི་བསྲིངས་པ་དང་འཇིག་རྟེན་པས་ལྷ་ཆོས་ལ་ལག་མི་རྐྱོང་བར་གཉིས་ཀའི་བར་དུ་ཧེ་བག་དང་མཚམས་ཐིག་གསལ་བོར་བྲིས་ཏེ་རང་རང་གི་དོན་ལ་གཞོལ་ན་ད་གཟོད་མི་རིགས་འདིའི་ཡར་རྒྱས་དང་འཕེལ་ཁས་ཇོ་མོ་གླང་མའི་དཔངས་ལ་ཅོ་འདྲི་ཞིང༌། འཕེལ་ཚད་ནམ་མཁའི་གློག་ལྟར་མྱུར་སྲིད་ལ། འཕེལ་ཡུན་ཇི་སྲིད་བསྐལ་བའི་བར་དུའོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་དཔེ་ཚོགས་ཀྱི་“བདག”དོན་ལ་དཔྱད་པ

2011-10-27 ཧོར་ནག་པ་ཀླུ་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།