བོད་ཀྱི་ཤེས་ཡོན་པའི་སྡེ་བྱེ་བྲག་ཅིག་ནས་འཁྱུག་ཙམ་ལྟ་བ།

གཟི་རྟ་རྒན་འཇིགས་སྐྱོབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-24

   ཉེ་ཆར་ཤེས་རིག་གི་འགྲུལ་བཞུད་ཅིག་གི་སླད་དུ་ཙི་ནའི་རྒྱལ་སར་གནས་སྐབས་ཀྱི་སྡོད་དགོས་བྱུང་ལ། ཡུལ་འདིར་ཕ་ཡུལ་བོད་ནས་སླེབས་པའི་བློ་རིག་གཉིས་འཛོམས་ཀྱི་ན་གཞོན་ཤེས་ཡོན་ཅན་མང་པོ་ཞིག་སློབ་གྲྭར་འགྲིམས་བཞིན་པའང་རྟོགས་ནས། སེམས་པ་རྨང་ནས་དགའ་ཐག་ཆོད་ནས་ཁོ་རང་ཚོ་དང་ཉེ་སར་བཅར་ཅི་ཐུབ་བྱས་ལ། འབྲེལ་འདྲིས་ཀྱི་བརྒྱུད་རིམ་ཁྲོད་དགའ་སྐྱོ་ཟུང་གི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སེམས་པའི་སྦུབས་སུ་འཐིམས་ལ། ཡང་གཅིག་བཤད་ན་འདི་ནི་དེང་གི་བོད་ཀྱི་སྐྱ་བོའི་སློབ་གྲྭ་མང་ཆེ་བར་ཉེན་པའི་གཅིག་མཚུངས་ཀྱི་དཀའ་རྙོག་ཅིག་མིན་པའི་ངེས་པའང་མེད་སྙམ་སོང་། ད་ལྟ་ཡང་དུ་བསམ་གཞིགས་བྱས་ཚེ། མི་རིགས་གླེང་ཟེར་ནའང་འདྲ། རིག་གནས་བགྲོ་ཟེར་ན་ཡང་ཆོག ངེད་ཅག་ཤེས་ཡོན་པས་མུར་བའི་གནས་ལུགས་རྡོག་རྡོག་དེ་དང་། འུ་ཚོས་ངོ་གདོང་ན་ཅེར་བའི་མིག་འབྲས་གཉིས་དང་སེམས་ན་བཀྲ་བའི་རྒྱུ་འབྲས་བློ་མིག་དག་ལྡོངས་མེད་པ་ཡིན་ན། སློབ་གསོའི་གནས་བབ་དང་སློབ་གསོའི་སྣང་ཚུལ་འདི་དག་ཉམས་བཞག་ཡོད་མེད་ཀུན་གྱི་མིག་མདུན་དུ་དགྲམ་ནས། ཀུན་པོས་དོ་སྣང་དང་བསམ་གཞིག་ཅིག་འཐོབ་ན་ཅི་མ་རུང་སྙམ་པའི་སེམས་འཚབ་ཅིག་གིས་སྐུལ་ཏེ་རང་གི་མཐོང་སྣང་དུ་གྱུར་བ་དང་། དངོས་འདྲི་བརྒྱུད་པའི་གནད་དོན་དག་ཡིག་ཐོག་ཏུ་བཀོད་ལ། བརྒྱ་ལ་འདིར་གནས་ལུགས་རེ་བདོག་ན་ཀུན་གྱིས་མྱི་སྐད་རེ་འདོན་རྒྱུ་མཐར་ཐུག་གི་སེམས་འདུན་དང་། འཆལ་གཏམ་དང་ལབ་བརྡོལ་དུ་འཁུམས་མཁན་དག་གིས་གལ་སྙིགས་སྒམ་དུ་འཕངས་ཀྱང་ཆོག་ཞེས་པ་སྔོན་དུ་སོང་བའི་སྐད་ཆ་ལགས།
  དུས་འདིར་གོ་ལ་རིལ་བོ་སྒང་འདིར་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་གང་ཡིན་རུང་། སློབ་གསོ་ནི་མིའི་རིགས་ཀྱི་མདུན་དུ་ལྷགས་པ་དང་ལག་ཐོགས་སུ་བསྟར་རྒྱུའི་ལས་བྱ་གལ་ཆེན་ཞིག་ཡིན་པར་ཀུན་པོས་མགྲིན་གཅིག་ཏུ་གྱེར་གྱིན་ཡོད། དེ་བཞིན་རང་ཅག་གངས་ཅན་པ་རུ་འབོད་པའི་ས་མཐོ་མི་རིགས་འདིའི་ཁྲོད་དུ་ཡང་། སློབ་གསོ་ནི་མི་རིགས་དར་རྒུད་ཀྱི་གཞི་རྩར་བཤད་མཁན་ཡོད་ལ། དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་བཟོ་བཀོད་པ་ཡིན་ཅེས་བྲིས་འདུག་པ་སློབ་གྲྭ་ཆུང་འབྲིང་གི་གྲྭ་ཟུར་གང་རུང་ནས་མཐོང་ལམ་དུ་སྣང་ལ། ཐ་ན་ལན་རེར་ཡིག་རྨོངས་པ་རྒན་པོ་མགོ་སེ་དག་གི་ཁ་ནས་ཀྱང་གཏམ་འདི་དག་ཐོས་འོང་དུས་སེམས་སུ་དྲོད་ཀྱིས་བསྐྱིལ་ནས་ཡོང་མོད།  གང་ལྟར་ལེགས་བཤད་འདི་དག་སྒྲོག་ལ་མཁས་པའི་མི་བུ་གང་མང་ཁྲོད། གཏམ་དེའི་ནང་སྙིང་ཤེས་ནས་མཐོན་པོར་གྱེར་མཁན་འདུག་ལ། གཞན་གྱི་བཟོ་ལྟ་ལ་སྤྲེལ་ལད་བྱེད་མཁས་པོ་ཡོད་པའི་མི་ཡང་གང་མང་ཡོད་པ་སྨོས་མ་དགོས། དངོས་འབྲེལ་གྱི་དེང་གི་བོད་མིའི་སྐྱ་བོའི་སློབ་གསོ་འདི་ལམ་ཁ་ག་འདྲ་ཞིག་ཏུ་སྙེག་པའི་ཐད། ཁོ་བོས་ཙི་ནའི་རྒྱལ་ཁབ་ཏུ་ཡོད་པའི་བོད་ཀྱི་རིག་གནས་ལ་ཐོས་བསམ་དང་ཉམས་ཞིབ་གནང་སའི་ཆེས་མཐོ་སློབ་ཆེན་དུ་འབོད་པ་སྟེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་གཙོར་བྱས་འདིར་གནས་བཅས་པའི་བོད་རིགས་སློབ་གྲྭ་བ་ཚོའི་སྐོར་ནས་དངོས་དཔེ་མཉམ་དཔྱད་ཀྱི་ལས་ལ་འཇུག་དང་། འདི་ཉིད་ཕལ་ཆེར་ཟུར་བསྟན་ལེབ་མཐོང་གི་དཔེ་རུ་མི་འགྲོ་བའི་ངེས་པ་གཏན་ནས་མེད་སྙམ་པས་གཤམ་ནས་རེ་རེ་བཞིན་གླེང་བར་བྱ།
   ཙི་ནའི་རྒྱལ་ས་སྟེ་པེ་ཅིན་ནི་ཀྲུང་གོའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ཡིན་པས་ན། འདིར་རྒྱལ་ཁབ་ཡོངས་ན་མཚན་སྙན་གྱི་བ་དམ་གཡོ་བའི་རིག་གནས་སློབ་གླིང་ཡང་དུ་མ་བདོག་ལ། རྒྱལ་སར་གནས་པའི་མི་འབོད་ཀྱི་གྲས་སུ་སློབ་གྲྭ་བའི་བརྒྱ་ཆའི་མི་འབོད་ངེས་ཅན་ཞིག་ཟིན་ཡོད།  འདིར་གནས་པའི་བོད་རིགས་སློབ་གྲྭ་བའི་དབང་དུ་བཏང་ན་སྤྱི་ཕྱོགས་ནས་རིགས་མི་འདྲ་བ་གཉིས་སྟེ། རིགས་གཅིག་ནི་ཕ་སྐད་ཀྱི་ལམ་ནས་བོད་ཀྱི་རིག་གནས་ལ་སློབ་གཉེར་གནང་གིན་པའི་གཞོན་སྐྱེས་དེ་དག་ཡིན་ལ། ཅིག་ཤོས་ནི་བོད་ཡིག་སྦྱངས་བྱ་མ་ཡིན་པའི་རིག་ཚན་གསར་བར་འཇུག་མཁན་གྱི་གཞོན་སྐྱེས་དེ་དག་རེད།
   འདི་དག་ལས་ངེད་ཀྱིས་དམིགས་བསལ་སྒོས་ཕྱི་མ་དག་གི་སྐོར་ནས་ཐོག་མར་གླེང་བར་འདོད་དེ། བོད་ཀྱི་སྐད་ཡིག་རིག་གནས་ཆེད་ལས་མ་ཡིན་པའི་བོད་ཕྲུག་དག་ནི་ཀྲུང་གོའི་སློབ་གྲྭ་རྩེ་གྲས་པེ་ཅིན་སློབ་གྲྭ་ཆེན་མོ་དང་། ཆིན་ཧྭ་སློབ་གྲྭ་ཆེན་མོ་གཙོས་སློབ་གྲྭ་ཆེན་མོ་དུ་མ་ཞིག་ཏུ་ཁ་ཤས་རེ་མི་བདོག་པ་ཕལ་ཆེར་མེད་ལ། ཡོད་མཁན་དག་ནི་བརྒྱ་ཆའི་དགུ་བཅུ་གོ་ལྔ་ནི་དབུས་གཙང་ཕྱོགས་ནས་ཡིན་པ་དང་། ཁོ་རང་ཚོ་དང་འབྲེལ་འདྲིས་བགྱིད་དུས་ང་ལ་ཤུགས་རྐྱེན་མི་འདྲ་བ་གཉིས་བཞག་སོང་སྟེ། ཁོ་ཚོ་ལས་སྐོར་སྟངས་གཅིག་ནི་སློབ་ཆུང་དང་སློབ་འབྲིང་གི་སྐབས་སུ་བོད་སྐད་བོད་ཡིག་གི་སློབ་གསོ་མྱངས་ནས་འོངས་པ་དང་། གཞན་སློབ་ཕྲུག་འབོར་ཆེན་ཞིག་ནི་ནང་སའི་བོད་ལྗོངས་སློབ་འབྲིང་ཞེས་པའི་ཀྲུང་གོའི་ནང་ལོག་གི་ཞིང་ཆེན་མང་ཆེ་བར་བཙུགས་པའི་སློབ་གྲྭ་ཁག་ནས་རྒྱ་རིགས་སློབ་གྲྭ་བ་ཚོ་དང་མཉམ་དུ་སློབ་འབྲིང་བཏོན་ནས་སློབ་གྲྭ་ཆེན་མོར་སླེབས་པ་རེད།  སློབ་ཕྲུག་འདི་དག་སློབ་གསོའི་ཁོར་ཡུག་མི་འདྲ་བ་ནས་འཚར་ལོངས་བྱུང་བས་ན། ཚང་མ་ཤ་རུས་བོད་ཡིན་ཡང་དྲན་འཆར་དང་འདུ་ཤེས་འཛིན་སྟངས་སོགས་ཅུང་ཁ་ཁ་ཡིན་པའི་ཚོར་སྣང་ཞིག་བྱིན་སོང་སྟེ། སྔ་མ་དག་ནི་རང་ཉིད་བོད་མི་ཞིག་ཡིན་པ་རྨང་ནས་བོར་མེད་པ་དང་། བོད་ཀྱི་རིག་གནས་དང་གནས་བབ་སོགས་ཀྱི་སྐོར་ནས་སྐད་ཆ་རེ་ལབ་དུས།
    ཚོར་བ་སྐྱེན་ཞིང་ན་ཟུག་ཡོད་པ།  རང་རིགས་ཤིག་མཐོང་བསི་དུས་ན་དུངས་པ་ཡོད་པའི་འཛུམ་གྱིས་ཚུར་བསུ་མ་བྱེད་པ་སོགས་མི་རིགས་འདིའི་རུས་ལ་ཆགས་པའི་རྐང་དེ་ཡལ་མི་འདུག་ཅེས་བཤད་ཆོག་ལ། ཕྱི་མ་དག་ནི་དུས་ཡུན་རིང་བོར་ནང་ལོག་ནས་སློབ་གཉེར་བགྱིས་ཙང་ཕལ་མོ་ཆེ་ནི་ཀུན་སྤྱོད་དང་། འདུ་ཤེས་འཛིན་སྟངས། ཆ་ལུགས་སོགས་རྒྱ་རིགས་སློབ་མ་དང་ཁྱད་ཆེན་པོ་མེད་པར་སྣང་ལ། འདི་དག་ལས་བོད་ཡིག་ལེགས་པོ་ཞིག་ཤེས་མཁན་ཧ་ཅང་ཉུང་ལ། ཁ་ཤས་དུས་ཡུན་རིང་བོར་བོད་སྐད་མི་བཤད་པར་གོམས་པས་ན། ད་ནི་བོད་སྐད་བྱེད་པ་ལས་རྒྱ་སྐད་རྒྱག་པར་ཤིན་ཏུ་གོམས་བདེ་པོ་ཡོད་པར་ཁོ་རང་ཚོས་དངོས་སུ་ལབ་སོང་།
     ཀུན་ལ་གསེད་འགྲོལ་ཞིག་བྱེད་དགོས་པའི་གནས་ཤིག་ནི། དེང་གི་ཆར་ཞིང་ལྗོངས་ལྔ་རུ་ཁྱབ་པའི་བོད་ས་ཁྱོན་ཡོངས་ནས་རྒྱ་ནང་དུ་སླེབས་པའི་སློབ་ཕྲུག་ཁག་དབུས་གཙང་ཕྱོགས་ནས་ཡིན་པ་མང་པོ་གདའ་བ་ནི། ཁོ་རང་ཚོ་སློབ་སྦྱོང་ལ་ཧུར་བརྩོན་ཡོད་པ་དང་མདོ་ཁམས་ནས་ཡིན་པའི་སློབ་ཕྲུག་ཚོ་སྒྱིད་ལུག་མཁན་ཏག་ཏག་ཡིན་པ་ནི་གཏན་ནས་མ་རེད་ལ།  རྒྱུ་མཚན་ནི་བོད་རང་ལྗོངས་ལྗོངས་སུ་བོད་མི་འདུས་སྡོད་བྱས་པའི་ཞིང་ཆེན་གཞན་དང་མི་མཚུངས་པའི་དམིགས་བསལ་གྱི་སྲིད་ཇུས་རེ་གཉིས་ལག་ཐོགས་བཏབ་དང་འདེབས་བཞིན་ཡོད་པས་རྐྱེན་རེད། ༼འདིའི་སྐོར་གྱི་གནས་ཚུལ་གཞན་ནས་རྒྱུས་ལོན་བྱེད་པ་ལས་འདིར་ཞིབ་མོར་ལབ་རྒྱུ་མིན།༽ ཡང་ཕྱོགས་གཞན་ཞིག་ནས་གནད་འདིར་སེམས་ཚེ། དུས་རབས་ཉེར་གཅིག་གི་ཚན་རིག་ལག་རྩལ་གྱི་འཁོར་ལོས་དབང་བསྒྱུར་བའི་འཇིག་རྟེན་འདིར། ངེད་ཅག་ལའང་རིག་ཚན་གསར་བར་སློབ་གཉེར་བྱེད་མཁན་གྱི་སྡེ་ཞིག་མཁོ་བ་ནི་ཤིན་ཏུ་གལ་ཆེན་པོར་མཐོང་ལ། ཁོ་རང་ཚོས་འཚོལ་ཞིབ་དང་གསར་འཇུག་གི་བསམ་བློ་སོགས་ལ་བསྟོད་བསྔགས་ཕུལ་འོས་པ་ཞིག་ཀྱང་རེད་འདོད་པ་དང་། ཤུལ་དུ་སེམས་ཁྲལ་འབའ་ཞིག་ལྷག་པ་ནི་རིག་པ་བཀྲ་བའི་གཞོན་སྐྱེས་འདི་དག་གིས་རང་གི་ཡབ་མེས་ནས་བརྒྱུད་པའི་སྐད་དང་ཡི་གེ་གཏིང་ནས་བརྗེད་པར་གྱུར་དངའགྱུར་བཞིན་པ་འདི་ཡིན་ལ། གལ་སྲིད་འདི་དག་གིས་ཆེས་མ་མཐར་ཡང་བོད་ཀྱི་སྐད་དང་ཡིག་ངོ་ཆོད་པ་དང་། གཞན་ཁོ་རང་ཚོར་བསམ་བློའི་མཛུབ་སྟོན་མཁན་ཡང་དག་ཅིག་མངའ་ཚེ། མ་འོངས་རང་རེའི་ཡུལ་ཁམས་དང་མི་རིགས་འདིའི་གདུང་མ་འདེགས་བྱེད་ཀྱི་གསེར་གྱི་ཀ་བ་ཁྱུ་ཞིག་ཏུ་འགྱུར་བར་ཐེ་ཚོམ་མི་འདུག
      ད་ནི་རང་རེའི་བོད་ཀྱི་རིག་གནས་ལ་ཆེད་སྦྱོང་དང་ཉམས་ཞིབ་བགྱིད་ཀྱིན་པའི་ན་གཞོན་སློབ་གཉེར་མཁན་དག་གི་སྐོར་ནས་ཞུ་བར་འདོད་དེ། ཁོ་རང་ཚོས་སློབ་གཉེར་གནང་ས་དེ་ནི་ཀྲུང་གོ་ཡོངས་ནས་གྲངས་ཉུང་མི་རིགས་སློབ་གྲྭ་རུ་འབོད་པའི་སློབ་ཆེན་ཁག་ལས་རིམ་པ་མཐོ་ཤོས་ཀྱི་སློབ་གྲྭ་སྟེ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་འབོད་པ་དེ་རེད། དུས་རབས་སྔོན་མའི་ནང་དུ་སློབ་གྲྭ་འདིར་སློབ་གཉེར་བྱེད་མཁན་གྱི་སློབ་མའི་བརྒྱ་ཆའི་བདུན་བཅུ་ཁ་ཤས་གྲངས་ཉུང་མི་རིགས་སུ་འབོད་པའི་མི་རིགས་ཉམ་ཆུང་དེ་དག་གི་བྱིས་པ་ཡིན་པར་བཤད་ལ་། དེའི་ལྷག་མ་རྣམས་ནི་རྒྱ་རིགས་རེད། ཡིན་ནའང་དེང་གི་སློབ་གྲྭ་འདིར་ཁྱོན་བསྡོམས་པའི་སློབ་མ་ཁྲི་ཁ་ཤས་ཡོད་པར་བཤད་ལ། དེའི་ནང་གི་སློབ་མའི་བརྒྱ་ཆའི་ཕྱེད་ཀ་ནི་ཨ་ཞང་ཚང་གི་བུ་རབས་ཚ་བརྒྱུད་ཡིན་པར་བཤད། སློབ་གྲྭ་འདིའི་ནང་གི་བོད་ཀྱི་རིག་གནས་སློབ་གླིང་ལ་མཚོན་ན། སྤྱི་ལོ༡༩༥༢ལོར་བཙུགས་པའི་མི་རིགས་གྲངས་ཉུང་གི་སྐད་ཡིག་ཚན་ཁག་སྟེ་བོད་ཀྱི་སྐད་ཡིག་གི་ཆེད་ལས་ཐོག་མར་བཙུགས་པའི་རྨང་གཞིའི་སྟེང་། མུ་མཐུད་རྒྱ་བསྐྱེད་དང་འཕེལ་རྒྱས་སུ་ཕྱིན་ནས་ད་ལྟའི་བོད་རིག་པ་ཞིབ་འཇུག་སློབ་གླིང་ཞེས་པའི་མིང་རྫིག་པོ་འདི་འཐོབ་པར་བཤད། སློབ་གྲྭ་འདིར་བོད་ཀྱི་རིག་གནས་སློབ་གླིང་ལས་གཞན་སོག་པོ་མི་རིགས་དང་། ཡུ་གུར། ཁྲོ་ཞན། ཧྭ་སག་བཅས་ཁྱོན་བསྡོམས་གྲངས་ཉུང་མི་རིགས་ལྔ་ལ་སོ་སོའི་མི་རིགས་ཀྱི་སྐད་ཡིག་རིག་གནས་ལ་ཆེད་སྦྱོང་བྱེད་སའི་སློབ་གླིང་བཙུགས་ཡོད།
     དེང་གི་དུས་འདིར་བོད་ཀྱི་རིག་གནས་ལ་སློབ་གཉེར་བྱེད་ས་སྟེ་བོད་རིག་པ་ཞིབ་འཇུག་སློབ་གླིང་ཞེས་པའི་སྡེ་ཁག་འདིར་ཁྱོན་བསྡོམས་དགེ་སློབ་བཞི་བརྒྱ་ལྷག་ཡོད་ས་རེད་ལ། འདིའི་ནང་བོད་ཡུལ་མདོ་དབུས་ཁམས་གསུམ་ནས་འཐོན་པའི་རིག་ཀྱི་བུ་བུ་མོ་ཡོད་ལ། ད་ལོ་ནས་བཟུང་རྒྱལ་ཁབ་གཞུང་ནས་ཁྱད་དམིགས་སྒོས་མི་རིགས་མི་འདྲ་བའི་བྱིས་པ་སྙིང་རྗེ་སྐོར་ཞིག་ལ་བོད་ཀྱི་དབྱངས་གསལ་ནས་སྦྱོང་བའི་འཛིན་གྲྭ་གསར་བ་ཞིག་ཀྱང་བཙུགས་ཡོད་པ་རེད་ལ། འདི་དག་ནི་སླད་མར་རྒྱལ་ཁབ་ནས་ས་གནས་གང་རུང་དུ་གཏོང་རྒྱུའི་གཅེར་ནོར་དང་ཕོ་ཉར་འགྱུར་བར་བརྗོད་ཀྱིན་འདུག  བོད་ཀྱི་སློབ་གླིང་སྤྱིའི་དགེ་སློབ་དག་གི་ཡོངས་ཁུངས་ལ་གཞིགས་ན། ཨ་མདོ་ནས་ཐོན་པ་ཆེས་མང་ཤོས་རེད་ལ། དེ་དག་ནི་སོ་སོའི་འཇོན་ནུས་ལ་བརྟེན་ནས་སློབ་གྲྭ་འདིར་འཐོན་པའི་རོང་འབྲོག་བུ་བུ་མོ་རྣལ་མ་རེད་འདུག་ལ། དགེ་རྒན་དག་ལ་མཚོན་ནའང་ཨ་མདོ་ནས་ཡིན་པ་མང་དུ་འདུག་ལ། ཁྱད་པར་མཚོ་སྔོན་གྱི་བྱེ་བྲག་གི་ཡུལ་ཁམས་མཚོ་ལྷོ་ཟེར་བའི་ཕྱོགས་ནས་ཡིན་པ་མང་ཤོས་རེད་ཟེར།
    སློབ་གླིང་འདིའི་སློབ་མ་དག་དང་འབྲེལ་འདྲིས་ཀྱི་གོ་རིམ་བརྒྱུད་ནས་ཁོ་བོས་གནད་དོན་མང་དུ་མཐོང་སོང་ལ། འདི་དག་ནི་སྤྱིར་ན་དོན་ཙག་ཙིག་ཏུ་སོང་ཙང་གླེང་རིན་མེད་པ་ཞིག་ཏུ་དགོངས་ཀྱང་། ཞིབ་ཏུ་སེམས་ན་འདིས་མ་འོངས་བོད་ཀྱི་སློབ་གསོའི་ལམ་ཁ་འདི་ཀྲུང་གོའི་རྨང་ནས་འཁྱོག་པའི་སློབ་གསོའི་ལམ་ལུགས་འདིའི་འོག་རང་ཤི་བརྒྱག་པར་སེམས་ཁྲལ་དང་བཅས་རེ་རེ་བཞིན་འགོད་པའི་ངལ་བ་བྱས།
    སྤྱིར་བྱ་དངོས་གང་ཡིན་རུང་དེ་ནི་དགེ་སྐྱོན་གྱི་བདག་ཉིད་ཅན་དུ་འཁུམས་པ་ཀུན་གྱིས་ཁས་ལེན་ཡོད་ལ། ངེད་ཀྱི་འདིར་མི་བུ་བསྐྱེད་སའི་བོད་ཀྱི་རིག་གནས་ཀྱི་སྡེ་འདིའི་གླེང་རིན་བདོག་པ་གང་ཞིག་ཉུང་ཙམ་བརྗོད་འདོད་དེ། སློབ་གླིང་འདིར་སློབ་གཉེར་བགྱིད་པའི་ན་གཞོན་དག་ནི་མཐོ་རྒྱུགས་ཀྱི་ཡིག་རྩལ་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་རེ་བླངས་ནས་སློབ་གཉེར་གྱི་བསྐལ་བ་འཐོབ་མཁན་ཏག་ཏག་རེད་ལ། གཞོན་པ་འདི་དག་གིས་སློབ་སྦྱོང་ལ་རང་འགུལ་གྱི་འབད་བརྩོན་བགྱི་སྟངས་ནི། བོད་ཁུལ་གྱི་སློབ་ཆེན་གཞན་དག་གིས་མིག་དཔེར་ལྟ་ས་རུ་འགྲོ་གིན་སྙམ་སོང་ལ། ཁོ་བོ་སྔོན་མ་ནས་བོད་ཁུལ་གྱི་སློབ་ཆེན་འགའ་ལ་འཁྱམས་ཉུལ་དུ་སོང་མྱོང་ལ། སློབ་གྲྭ་མང་ཆེ་བར་བོད་རིགས་བྱིས་པ་དེ་དག་གིས་དུ་ཆང་དང་། རྒྱན་ཤོ་སོགས་རྣམ་གཡེང་གི་ལས་སུ་མགོ་འཐོམས་ནས་ཉི་མ་འཁྱོལ་ཐབས་སུ་བརྩོན་གྱིན་པ་དངོས་སུ་མཐོང་མྱོང་ལ། དེ་དག་གིས་ན་ཟུག་ཅིག་སྦྱིན་མྱོང་ལ། ཞོར་དུ་སེམས་ཁྲལ་ཞིག་ཀྱང་སྦྱིན་མྱོང་། དེ་དང་ཞིབ་བསྡུར་བགྱིས་ན་སློབ་གྲྭ་འདིར་གནས་པའི་བོད་རིགས་བུ་བུ་མོ་ཚོར་ཁོར་ཡུག་གིས་ཤུགས་རྐྱེན་ཐེབས་ཟེར་ནའང་འདྲ། རང་རྟོགས་ཀྱི་འདུ་ཤེས་རྨང་ནས་སེལ་ཟེར་ན་ཆོག་སྟེ། གང་ལྟར་བརྒྱ་ཆའི་དགུ་བཅུའི་སློབ་གྲྭ་བ་དག་ནི་དཔེ་ཁུག་དང་ཇ་ཕོར་བསྣམས་ནས་དཔེ་མཛོད་ཁང་གི་ཙོག་ཙེ་གྲུ་བཞིི་རེ་རེའི་ཟུར་ཞིག་ན་དཔེ་ཆའི་ཀློང་དུ་བརྡོལ་བ་དེ་དག་མིག་ལམ་དུ་མཐོང་ཚེ། རང་གཞན་སུ་ཡང་སྤྲོ་ལྷང་ངེར་ཡོང་ལ། སློབ་གྲྭ་འདི་རུ་ཡང་བོད་རིགས་སློབ་མ་རྣམས་ནི་ཡ་རབས་དང་། གཞན་ལ་བཀུར་བསྟི་ཡོད་པ། སློབ་སྦྱོང་ལ་ཧ་ཅང་བརྩོན་པར་དགེ་རྒན་དང་ལས་བཟོ་བ་ཀུན་གྱིས་གླེང་གིན་འདུག  གཞན་ད་དུང་བསྔགས་འོས་པ་ཞིག་ལ་སློབ་གླིང་འདིར་མགོ་ཁྲིད་ཤེས་ཡོན་པ་གང་གིས་དགོངས་བཞེད་ལྟར། བོད་ཡིག་གི་དགེ་རྒན་ཀུན་གྱིས་རང་ནུས་ཐུབ་ཚོད་ཀྱིས་སློབ་ཁྲིད་སྐབས་སུ་ཀུན་གྱིས་ཁྲིད་བྱ་གང་སློབ་མ་དག་གིས་བདེ་ལེགས་སུ་གོ་སླད། ༼དབུས་གཙང་གི་ཡུལ་སྐད་ཀྱི་སྒྲ་གདངས་རྨང་གཞིར་བྱས་ཤིང་། ཡིག་སྐད་ཀྱི་ཐ་སྙད་བེད་སྤྱོད་བྱེད་པ༽ནི་བོད་ཀྱི་སྤྱི་སྐད་དུ་ངོས་འཛིན་གྱིན་ཡོད་ལ། སློབ་མ་རྣམས་ལ་མཚོན་ནའང་སྐད་ཀྱི་འགྲོ་སྟངས་འདི་ལ་འབད་པ་ཧུར་ཐག་བྱེད་ཀྱིན་འདུག་སྟེ། བརྒྱ་ལ་ལེགས་པོ་མ་སྦྱངས་ཚེ་སྐར་གྲངས་མི་ཐོབ་ལ། སྐར་གྲངས་མ་འཐོབ་ཚེ་བདེ་ལེགས་ངང་སློབ་མཐར་ཕྱིན་མི་ཐུབ་པའི་སྒྲིག་ཁྲིམས་ཡོད་པས་ན། གནད་འདིས་བོད་ཀྱི་སྤྱི་སྐད་ཅེས་པ་ཆགས་རྒྱུར་སོ་སོ་རང་ངོས་ནས་འབད་ཐབས་བགྱིད་པའི་དཔེ་གསོན་པོ་ཞིག་ཀུན་གྱིས་སྤྱན་ལམ་དུ་བཀྲམས་འདུག་པས།  མཐེ་བོང་བགྲང་འོས་པའི་དོན་ནི་མང་ཡང་དེ་དག་ཁྲོད་འདི་གཉིས་ནི་ཁོ་བོས་ཡིད་ཀྱི་དང་བ་འདྲེན་བྱེད་དུ་གྱུར་བས་ན་ཡིག་ཐོག་ཏུ་ཤར་མར་བཀོད་པ་ལགས།
ངེད་ཅག་གི་སློབ་གསོ་འདི་ད་ད་དུང་ཡང་མཐུས་སྒོ་ཆ་མི་ཚང་བ་ནས་ཇེ་ཚང་དུ་འགྲོ་བའི་ལམ་ག་ཞིགཏུ་ཡོད་ཙང་། ད་རེབ་ཀྱི་འགྲུལ་བཞད་འདིའི་ཁྲོད་ང་ལ་སེམས་འཚབ་སྦྱིན་པ་དང་། ཅུང་གུ་ཡངས་སུ་བཏང་ན་རྒྱུ་འབྲས་བློ་མིག་ལ་གཅེས་བརྩི་མ་བྱས་པའི་དོན་རེ་གཉིས་ཀྱང་མིག་ལམ་དུ་གཤབ་ནས་ཡོང་སོང་ལ། དེ་དག་དག་འདིར་གླེང་བར་འདོད་པ་ནི། དགེ་རྒན་རྣམ་པའི་སློབ་ཁྲིད་ཐད་ཀྱི་གནད་དོན་དེ་སྐོར་ཡིན། སློབ་མ་ཞིག་དང་ཁ་བརྡ་བགྱིད་དུས་ཁོས་འདི་ལྟར་ལབ་སོང་སྟེ། ང་ནི་སྐད་ཡིག་རྩོམ་ཡིག་ཆེད་ལས་ཀྱི་སློབ་མ་ཞིག་ཡིན་་་་་་་་་སྔོན་མ་ང་རང་ཚོར་རྩོམ་ཡིག་འབྲི་སྦྱོང་གི་སློབ་ཁྲིད་ཅིག་དགེ་རྒན་ཆེ་གེ་མོས་ཁྲིད་ལ། ཁོས་སློབ་བསྡུ་གཅིག་ལ་རྩོམ་ཡིག་གཅིག་མ་གཏོགས་བཀོད་སྒྲིག་བྱས་མ་སོང་ཟེར། ཡང་སློབ་གྲོགས་གཅིག་དང་གླེང་མོལ་བགྱིད་དུས། ཁོས་ང་ཚོར་ད་ལོ་བརྡ་སྤྲོད་ཁྲིད་ཀྱིན་ཡོད་ལ། བརྡ་སྤྲོད་ཀྱི་རྩ་བའི་མཆོད་བརྗོད་གཅིག་པུ་ཟླ་བ་གཅིག་ཏུ་ཁྲིད་ལ། སློབ་མཇུག་ཏུ་སུམ་ཅུ་བའང་ཁྲིད་ཚར་མ་སོང་ཟེར། ངས་འོ་ན་སློབ་མཇུག་གི་ཡིག་རྩལ་ནི་ག་འདྲ་གཏོང་དགོས་པ་རེད་ཅེས་དྲིས་པ་ན། ཁོས་བཤད་རྒྱུར་ཡིག་རྩལ་ནི་དགེ་རྒན་གྱིས་རྟགས་བརྒྱབ་པ་གང་ང་ཚོས་བློར་བཟུང་ན་ཆོག་པ་རེད་་་་་་་་ ཡང་ཁ་ཉིན་རྩོམ་རིག་ལ་དགའ་བའི་ངའི་གྲོགས་པོ་ཞིག་གིས། ང་ཚོར་དེ་སྔོན་སྙན་ངག་ཁྲིད་ལ། དགེ་རྒན་ཆེ་གེ་མོས་རྩ་བ་དང་འགྲེལ་བ། ཐ་ན་དཔེ་བརྗོད་དང་བཅས་པ་མར་ཀློག་པ་ལས་ཞིབ་འགྲེལ་མི་རྒྱག་ལ། སློབ་ཁྲིད་གཅིག་ལ་ཤོག་གྲངས་སུམ་ཅུ་ཁ་ཤས་ཁྲིད་པའི༼མཛད་པ༽དེས་ང་ལྟ་བུའི་རྩོམ་རིག་ལ་མོས་པ་དག་གིས་སེམས་སུ་ཆུ་འཁྱག་བླུགས་སོང་ཞེས་ལབ། ད་རུང་དེ་དག་ལས་སྐྱི་གཡའ་བ་ཞིག་ནི། ད་ལོ་སློབ་གྲྭ་འདིའི༢༠༡༠ལོའི་ལོ་ཙྰ་འཛིན་གྲྭ་དེར་སློབ་བསྡུ་གཅིག་གི་སློབ་ཡུན་དུས་ཚོད་ཞེ་བརྒྱད་ནང་བོད་ཀྱི་གྲུབ་མཐའ་དང་ད་དུང་བསླབ་ཚན་གཞན་གཉིས་བསྟུད་མར་ཁྲིད་ཚར་དགོས་པའི་ཅུང་དགོད་བྲོ་ལ་ངུ་ཡང་བྲོ་བའི་སློབ་ཁྲིད་བྱེད་ཐབས་ཤིག་ལག་ལེན་དུ་བསྟར་གྱིན་པ་མཐོང་སོང་ལ། འདི་དང་འདི་ལྟ་བུའི་གནད་དོན་མང་པོ་ཞིག་ས་གསེབ་ནས་རྡོ་ལྷང་ལ་བུད་པ་ནང་བཞིན་ཀུན་གྱིས་བཤད་ཡམས་ཆེས་མང་བར་གྱུར་འདུག  གནས་དོན་ཕྱི་མ་འདིའི་ཐད་ནས་ངས་འཛིན་གྲྭ་འདིའི་བུ་སློབ་ཁ་ཤས་ལ་བསམ་འཆར་བསྡུ་ལེན་ལྟ་བུ་བྱས་ལ། ཁོ་རང་ཚོས་བཤད་རྒྱུར། དགེ་རྒན་གང་ཉིད་ཀྱིས་སློབ་ཁྲིད་ཀྱི་མགྱོགས་ཚད་འདིས་ང་ཚོར་གཉིད་བསླངས་པ་དང་མགོ་འཐོམས་སུ་འཇུག་པ་ལས། ཆེས་སྦྱངས་པར་འདོད་པའི་བསླབ་བྱ་གང་ལ་སྦྱངས་པའི་འདུན་པ་ནི་ཅིག་ཅར་རྨེག་མེད་དུ་བཏང་སོང་ཞེས་དངན་པ་ཁོངས་ནས་ཕྱུངས།
    དགེ་རྒན་ཆེན་མོ་དག་གིས་སློབ་ཁྲིད་ཀྱི་རྣམ་འགྱུར་ཡང་དག་མ་ཡིན་པ་འདི་ནི། དེང་གི་བོད་ཁུལ་གྱི་སློབ་གྲྭ་སྤྱི་ལ་ཁྱབ་པའི་ནད་ཡམས་ཤིག་རེད་སྙམ་ཏེ། དེ་སྔོན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་ཆེ་གེ་མོས་ཇོ་བོ་རྗེ་བསྟོད་རྩོམ་ཞིག་སློབ་བསྡུ་ཞིག་ལ་ཁྲིད་ཟེར་བའི་གཏམ་ཞིག་ཐོས་ལ། ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་རྒན་ཆེ་གེ་མོས་སློབ་ཁྲིད་ཀྱི་སྐབས་ཉོག་བཤད་ལོག་བཤད་ལས་ཁྲིད་བྱ་དངོས་མི་བཤད་པར་གོམས་པས་བུ་སློབ་དག་སུན་པོར་བཟོས་འདུག་པར་བཤད་ལ། ལྷོ་ནུབ་མི་རིགས་སློབ་ཆེན་དུ་དགེ་རྒན་ཆེ་གེ་མོས་སློབ་ཁྲིད་ཀྱི་སྐབས་ཁྲིད་སྟེགས་སྟེང་ནས་སློབ་མ་ཚོར་རང་གི་མི་ཤེས་བཞིན་དུ་ད་རུང་མུ་མཐུད་རྫུན་རྗེས་རྫུན་གྱིས་གཏུགས་པ་སོགས་སློབ་ཁྲིད་བྱེད་སྟངས་ཡ་མ་བརླ་མང་པོ་ཞིག་དེང་གི་སློབ་དཔོན་ཆེན་མོ་དེ་དག་གིས་ཁུར་གྱི་བཞེས་ཡོད་པ་ཀུན་གྱིས་མཐོང་ལམ་དུ་གསལ་ལམ་མེར་བཀྲ་འདུག   སྤྱིར་ན་འདི་དག་ནི་གནད་དོན་ཆུང་ངུ་ཙམ་དུ་ལྟ་མཁན་མང་དུ་གདའ་མོད། ཁོ་བོས་བསམ་ན་འུ་ཅག་གིས་ཞིབ་ཏུ་བསམ་བློ་རེ་བཏང་ན། དེང་གི་སློབ་ཆེན་གྱི་དགེ་རྒན་ཁྲོད་རེ་འགའ་ནི་སྔོན་བྱོན་དམ་པའི་གསུངས་རྒྱུན་ལས་ཡར་བཏུས་མར་རྐུ་བྱས་ནས་རང་ལ་གསུངས་འབུམ་མང་དུ་རྩོམ་པར་བྲེལ་མཁན་འདུག་ལ། ཕྱིའི་རྒྱལ་ཁབ་སོགས་སུ་འགྲིམས་ནས་ནོར་དང་གདུལ་བྱ་མང་པོ་འགུགས་པར་བྱང་ཆ་ཡོད་མཁན་ཡང་གདའ་ལ། ད་དུང་ཏང་དང་རྒྱལ་ཁབ་ཀྱི་རྗེས་འཇུག་རྣམ་དག་པ་ཞིག་གི་བརྟུལ་ཞུགས་བླངས་ནས༼ལས་གཞི་རླབས་པོ་ཆེ༽རེ་ལ་ཤི་འཐམས་རོ་འཐམས་བྱེད་པ་བདོག་ལ། རེ་འགའ་ནི་ཉིན་དཀར་རིག་གནས་སྡེ་ན་ཡོད་པའི་ཤེས་ཡོན་པ་དང་མཚན་དུ་ཚོང་རའི་དཔལ་འབྱོར་ཀྱི་ཡོ་ལང་རབ་ཏུ་རྒྱས་སའི་ཚོང་ར་རུ་མི་ཚེའི་རྔུལ་ཁྲག་འབུལ་ཀྱིན་པའང་ཉུང་ཉུང་མ་རེད། རྒྱུ་དང་རྐྱེན་འདི་འདྲ་མང་པོ་ཞིག་ལ་ཆགས་དྲགས་པས་སློིབ་ཁང་གི་གྲུ་ཟུར་རེ་ན་མིག་ཟུང་ཆེ་ཆེར་བཀྲ་བའི་བྱིས་པ་དེ་དག་གི་མདུན་དུ་བུམ་པ་གང་བྱོ་བྱེད་རྒྱུ་ལྟ་ཞོག  སེམས་རྣལ་མས་སློབ་ཁྲིད་ནན་ཏན་དང་། མཛུབ་སྟོན་ཡང་དག་ཅིག་བྱེད་མཁན་ཡང་ཉིན་མོའི་དཀར་མ་བཞིན་ཇེ་དཀོན་དུ་འགྲོ་བར་འདོད་མཁན་མང་དུ་ཡོད་པར་གཞིགས་ན། གནས་བབ་འདིར་རིགས་ཀྱི་མདུན་ལམ་དང་། རིགས་ཀྱི་རིག་གནས་སེམས་མཁན་གང་གིས་མྱི་སྐད་གསོང་བོར་བརྗོད་རྒྱུ་ཇི་འདྲའི་འགངས་ཆེན་དུ་འཁུམས་ཨང་།

                                                                            ༢༠༡༡་་་༩་་་༡༨ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་ཤེས་ཡོན་པའི་སྡེ་བྱེ་བྲག་ཅིག་ནས་འཁྱུག་ཙམ་ལྟ་བ།

2011-10-24 གཟི་རྟ་རྒན་འཇིགས་སྐྱོབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།