ང་ཚོའི་མདུན་ལམ་དང་ང་ཚོའི་ཡིག་ནོར།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-21

  དེའང་མི་རིགས་འདི་ལ་ཡིག་ཐོག་གི་སྐད་དང་ངག་ཐོག་གི་སྐད་གང་རུང་ཆགས་པ་ནས་བཟུང་སྐྱེས་བོ་ཇི་སྙེད་ཅིག་གིས་རང་ཉིད་ལ་དབང་ཞིང་ནམ་མཁའ་ལྟ་བུའི་མདུན་ལམ་ཞིག་ལ་འཚོལ་སྙེག་བྱེད་བཞིན་འདུག  དེ་ནི་དགའ་རུང་བའི་དོན་ཆེན་ཞིག་ཏུ་བརྩི་རུང་སྟེ་དཔྱོད་ཤེས་དང་ཚུལ་ལྡན་གྱིས་གྲུབ་པའི་རྣམ་དག་གི་ལུགས་ཤིག་ཀྱང་ཡིན།   མི་རིགས་མི་འདྲ་བས་དེས་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་ལུགས་སོགས་ཀྱང་གཅིག་མཐུན་མིན་པ་འདྲ་ལ་ཆ་ཚང་བའི་ལག་ལེན་དང་བརྒྱུད་སྒྲོགས་བྱེད་པ་ནི་མི་རབས་རྗེས་མའི་འགན་འཁྲི་དང་དུས་རབས་གསར་བའི་མི་སྣའི་ཁ་ཟས་བྱེད་ཆོག་ཆོག་རེད།  དེས་ན་ང་ཚོས་སྙིགས་དོར་བཅུད་ལེན་གྱི་བླང་བྱ་དག་ལ་དམིགས་བསལ་གྱི་འཆར་ཡན་སྦས་སྐོང་བྱས་ཏེ་བརྡ་སྤྲོད་ཀྱི་ལུགས་ལས་བརྒལ་མི་རུང་སྟེ་བོད་ཀྱི་བསྟན་བཅོས་བརྒྱད་ཀྱང་རླུང་ཁའི་མར་མེ་བཞིན་ཟད་ཟད་ཀྱིན་དུ་ད་ལྟ་སྤྱོད་བཞིན་པའི་བརྟན་ཆགས་ཀྱི་བསྟན་བཅོས་འདི་གཉིས་ལ་ང་ཚོས་ནམ་ཡང་ཡི་རང་དང་བཀུར་བསྟི་བྱེད་དགོས་ཏེ་མི་རིགས་རང་སྟེང་དང་མི་གཞི་རང་སྟེང་ནས་སྐད་དང་ཡི་གེ་ནི་མི་རིགས་དེའི་ཁྲག་དང་དབང་རྩ་ཡིན་པ་བརྗེད་མི་རུང་།   གལ་ཏེ་རྩོམ་རིག་ལ་དགའ་མཁན་གྱི་མི་སྣ་ཞིག་ཡིན་ནའང་ཐོག་མར་རང་ཉིད་ཀློག་པ་པོ་དཀྱུས་མ་ཞིག་གི་གྲས་ནས་ཚད་བརྒལ་ཀྱི་བསམ་བློ་ཞིག་དང་རྟོགས་སད་ཀྱི་གོ་རིམ་ཞིག་ལ་བརྟེན་ནས་ད་གཟོད་སྐྱེས་འཕེལ་གཉིས་ཀའི་འགྲོ་ལུགས་སྐྱོང་ནས་འོང་གིན་པ་
འདི་དག་ཀྱང་གནའ་ཡི་ངག་རྒྱུན་ཞིག་ལ་བཅོལ་མི་རུང་སྟེ་འདི་ནི་ལམ་ཡངས་བའི་བྱང་ཁོག་སྟོད་ན་རང་ཉིད་ཀྱིས་ཤེལ་ཀྱི་མིག་ཟུང་ཞིག་འཚོལ་འདོད་པའི་གོ་རིམ་ཙམ་ཡིན།གང་ལྟར་ང་ཚོས་བཤད་ཕོད་པ་དག་སྒྲུབ་དགོས་ལ་སྒྲུབ་དགོས་བ་དག་དོན་སྙིང་ཅན་ཞིག་ཏུ་གཏོང་དགོས།    ད་ལྟ་ང་ཚོའི་མི་རིགས་འདི་ལ་བོད་རེ་བ་ཅན་ཞེས་བའི་མིང་བྱང་ལྗིད་མོ་ཞིག་ཆགས་བཞིན་པ་་འདི་ལའང་མི་རིགས་གཞན་གྱི་ཡིན་སྨོན་འཆོར་ས་ཞིག་ཏུ་གྱུར་ཡོད་མེད་ནི་སྐབས་བབ་ཀྱི་ལས་ཀ་ཞིག་ཏུ་སེམས་མི་རུང་། རྒྱུ་མཚན་ནི་ང་ཚོ་ལ་མདོག་མེད་གཞན་འགྱུར་གྱི་ཆོས་ལུགས་དད་མོས་དང་ཤུལ་བཞག་རིག་གནས་ཀྱི་ནང་སྙིང་ཡོད་པའི་རྐྱེན།   དེས་ན་མི་ཞིག་ལ་མིག་ཟུང་ཡ་གཅིག་མེད་པའི་དབང་དུ་བཏང་ན་ཀུན་གྱིས་དེ་ལ་དེ་ནི་དབང་བོ་སྐྱོན་ཅན་ཞིག་རེད་ཟེར།   སུས་ཀྱང་མིང་བྱང་དེ་ནི་འཁུར་མི་འདོད་དེ་འཁུར་སོང་བའི་དབང་དུ་བཏང་ནའང་དེ་ནི་འུ་ཐུག་ཐབས་ཟད་ཀྱི་ཡ་ང་བའི་འཚོ་གནས་ཤིག་རེད།
    ལོ་རབས་མང་བོའི་ལམ་བུ་རེ་རེའི་ནང་ཤེས་ཡོན་པ་ནི་མེ་རི་ལྟ་བུ་འཕྱུར་བཞིན་ཡོད་དེ་གཙོ་བོ་དགོན་སྡེ་དང་སློང་གྲྭ་ཆེན་མོའི་ནང་ཁུལ། སློབ་མཐར་ཕྱིན་རྗེས་ཀྱི་མི་སྣ་རེ་འགའ་ཡིན་འདུག   
སྤྱིར་ན་ང་ཚོས་བོད་ཡིག་བོད་སྐད་སྤྱོད་དགོས་ཏེ་འདི་ནི་སུས་་ཁྱོད་ལ་བཞག་པའི་འགན་འཁྲི་ཞིག་མ་ཡིན་པར་འདི་ནི་དགོས་མཁོ་ཞིག་རེད།  དེས་ན་དང་བོ་རྩོམ་ཡིག་ལ་དགའ་མཁན་ཞིག་ཡིན་ན་ཐོག་མ་ཉིད་ནས་རང་གི་བསམ་བློ་སྟེང་ལ་གཞན་གྱི་བསམ་བློ་བསྡུ་ལེན་བྱ་དགོས།།གཉིས་བ་ནི་བོད་ཀྱི་བརྡ་སྤྲོད་ཀྱི་ལུགས་ལས་བརྒལ་མི་རུང་སྟེ་ཐུན་མོང་གི་ཡིག་སྐད་བཀོལ་དགོས།   གསུམ་པ་ནི་ཚིག་དང་མིང་གི་ཁྲོད་གང་རུང་ནས་ཡིག་ནོར་གྱི་རྣམ་པ་སྤངས་དགོས།དེ་སྔོན་བོད་ཁུལ་གྱི་བསམ་བློ་པ་ཞིག་གི་ངག་ལས་ནུབ་བྱང་ཚང་ལ་ཡིག་ནོར་རི་འདྲ་བ་ཡོད་རུང་བསམ་བློ་མཛོ་འདྲ་བ་ཡོད་ན་མཐར་ཕྱིན་འཛིན་ཡིག་ལེན་ཐུབ་པའི་འདི་འདྲའི་དགོད་གཏམ་ཞིག་ཀྱང་མཐོང་སོང་།  དེ་ནི་ནུབ་བྱང་ཚང་གཅིག་པུར་སྡུག་སྐྱོན་བྱས་བ་མ་ཡིན་པར་བོད་ཀྱི་སློང་ཆེན་སོ་སོ་ལའང་དེ་འདྲའི་བརྩེ་མཚར་བརྗོད་ཡོད།   གང་བྱས་ཀྱང་བསམ་བློ་ནི་མི་ཞིག་གི་བླ་སྲོག་ཡིན་ལ་ཡིག་ནོར་ནི་མི་དེའི་ལུས་སྟེང་ན་གནས་བའི་ཁྲག་ཐིག་རེ་འགའ་རེ་འགའ་རེད།    ང་ཚོས་རྒྱུན་དུ་ཐ་མག་གིས་མིའི་ལུས་ཕུང་ལ་གནོད་པ་གཏོང་གིན་འདུག་པའི་བཤད་སྲོལ་ཞིག་ཡོད་མོད་འོན་ཀྱང་ངས་བལྟས་ན་ཡིག་ནོར་འདིས་རང་ཉིད་ཚར་གཅོད་དུ་གཏོང་གིན་པ་འདུག རྒྱུན་དུ་ཡིག་ནོར་གཅིག་ཤོར་སོང་བ་ནི་མ་ནི་(བོན་པོའི་ཆོས་ལུགས་ཕུད)ཕྱིར་བསྐོར་ཞིག་བརྒྱབ་བ་དང་འདྲ་ལ་དེས་ཉེས་བ་གནམ་གྱིས་མི་ཤོང་།ཁ་མི་དལ་དགེ་སྐྱོན་གླེང་བརྗོད་དང་ལག་མི་དལ་སུག་བྲིས་གང་འདོད་དུ་སྤེལ་རྒྱུ་ནི་ང་ཚོའི་རང་དབང་ཞིག་ཡིན་ལ་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ཞིག་ཀྱང་ཡིན།    
    འདི་ལྟ་བུའི་སྣང་ཚུལ་ནི་ང་ལའང་རྟག་ཏུ་འབྱུང་བའི་རྐྱེན་གྱིས་གང་ལྟར་ཁ་གསལ་མོ་ཞིག་དང་ཡིད་མཐུན་པོར་ཞིག་གིས་བརྗོད་མ་ཤེས་བས་རྒྱུ་མཚན་ཅིག་ལ་དམིགས་པ་ཡིན་ཅེས་བརྗོད་ན་ཁ་སྐོང་ནང་གི་མིང་ཚིག་ཅིག་ཡིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོའི་མདུན་ལམ་དང་ང་ཚོའི་ཡིག་ནོར།

2011-10-21 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།