ནང་བསྟན་དཔལ་འབྱོར་རིག་པར་ཐོག་མའི་རྣ་བ་གཡར་བ།

                                    __ཤེས་ཡོན་པའི་སྡེ་ལ་བགྲོ་ཙམ་བྱས་པ།
                                                    
     གཏམ་མགོ་མ་དཔྱིད་ཉི་ཤར་ཚུལ་རེད།
     སྤྱི་ལོ་༢༠༠༧ལོར་མདོ་སྨད་གཙོས་གྲོང་ཁྱེར་ནས་བསྡུས་པའི་གངས་རིའི་བུ་མོའི་འཁྲུངས་སྐར་དུ་སྐུ་ཞབས་རྒྱ་གྲོལ་ལགས་ཀྱིས<<ནང་བསྟན་དཔལ་འབྱོར་རིག་པ>>ཞེས་པའི་གཏམ་བཤད་ཅིག་གནང་བ་ནས་བཟུང་ང་ཚོའི་ཤེས་ཡོན་པའི་སྡེ་ནས་དེ་ལ་དོ་སྣང་བྱེད་མགོ་བརྩམ་བྱུང་ལ་ལྷག་པར་དུ་གྲྭ་བཙུན་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས<<ང་ཚོ་སད་རན>>དུ་ནང་བསྟན་དཔལ་འབྱོར་རིག་པ་ཟེར་རྒྱུ་ཞིག་ཡོད་ན་ནམ་ཞིག་གི་ཚེ་ནང་བསྟན་དམག་དོན་རིག་པ་ཟེར་རྒྱུ་ཞིག་ཀྱང་ཡོད་རྒྱུ་རེད་ཅེས་དེ་ལ་མི་འཐད་པའི་རྣམ་འགྱུར་བསྟན་པ་དང་མཉམ་དུ་ང་ཚོའི་བོད་ནས་གཏམ་དེ་དག་གོ་ཐོས་བྱུང་བ་ཙམ་གྱི་མི་ཞིག་ཡིན་ཚེ་བསམ་བློ་ཅི་ཡང་མི་གཏོང་བར་རྩེད་ཞོར་དགོད་ཞོར་དུ་སྒོ་ཤེར་གྱི་སྐད་ཆ་འདི་བསྐྱར་ཟློས་བཤད་སྲོལ་ཞིག་ཀྱང་ཆགས་ཡོད་པ་འདྲ།འོན་ཀྱང་འདས་པའི་ལོ་ངོ་གཉིས་གསུམ་ཙམ་གྱི་སྔོན་ནས་བཟུང་ནང་བསྟན་དཔལ་འབྱོར་རིག་པ་ནི་འཛམ་གླིང་ན་དར་དང་དར་བཞིན་པའི་རིག་པ་ཅིག་ཡིན་པ་ང་ཚོའི་བོད་ནང་དུའང་ཆ་འཕྲིན་རབ་དང་རིམ་པ་འབྱོར་སོང་།(བློ་གཟུ་བོའི་ངང་ནས་དཔེ་ཀློག་བྱེད་མཁན་ཞིག་ཡིན་ན<<རྩོད་པའི་རླབས་ཕྲེང་>>དང<<བསམ་བློའི་ཤེས་རིག>>དུ<佛教经济学>><<ཆུང་ངུ་ནི་མཛེ
ས་སྡུག་གོ>>སོགས་དང་ད་དུང་དབྱིན་ཡིག་གི་ཐོག་ན་མང་པོ་ཡོད་པ་རྩོམ་པ་པོ་དང་བརྩམས་ཆོས་རེ་རེ་ནས་ངོ་སྤྲོད་འོས་འཚམས་ཤིག་བྱས་ཡོད་འདུག)དེར་བརྟེན་ད་ནི་ང་ཚོས་རིག་གཞུང་དེ་འདྲ་ཞིག་འཛམ་གླིང་དུ་དར་ཡོད་མེད་ལ་ཐེ་ཚོམ་སྐྱེས་མི་དགོས་ཤིང་ཁྲོན་པའི་སྦལ་བའི་སྐྱེས་པ་བླངས་ནས་རྨོངས་པའི་འོལ་ཚོད་གྱི་གཏམ་དེ་དག་ཀྱང་མི་བཤད་པར་རིག་གཞུང་འདི་ཉིད་རང་རའི་བོད་ལ་དགོས་མཁོ་ཡོད་མེད་དང་ཡོད་ན་མྱུར་དུ་དངོས་ཡོད་འཚོ་བའི་ཁྲོད་དུ་ལག་ལེན་ལ་བསྟར་ཅི་ཐུབ་བྱེད་པ་ལས་གཞུང་ལུགས་ཙམ་དུ་བཞག་ནས་རྩོམ་པ་པོ་རེ་གཉིས་ཤིག་གི་མི་ཚེ་གཏོང་བྱེད་དུ་མི་སྤྱད་རྒྱུ་ཧ་ཅང་གལ་ཆེན་རེད།
གཏམ་བར་མ་བློ་ཁ་གྲོས་བསྡུར་བྱེད།
    << རྩོད་པའི་རླབས་ཕྲེང>>དང་ལྷག་པར་དུ<<བསམ་བློའི་ཤེས་རིག་>> དུ་ནང་བསྟན་དཔལ་འབྱོར་རིག་པའི་གཞུང་ལུགས་ངོ་སྤྲོད་དང་དེ་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་འཕྲོ་རིམ་འཕྲོར་བཀོད་དེ་དཔེ་ཆ་དེ་ཡི་ལེ་ཚན་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ལ་བལྟས་ན་རྒན་རྒྱ་གྲོལ་ལགས་ཀྱིས་སྒོ་ཤེར་གྱི་སྐད་ཆ་དེ་མ་བཟོད་པར་བདེན་དཔང་མང་པོ་བཤམས་ནས་དཔེ་ཆ་དེ་ག་རང་ཉིད་ཀྱི་ལྟ་བ་དྲིལ་སྒྲོག་བྱེད་སྤྱད་ཅིག་ཏུ་བེད་སྤྱོད་གཏོང་གིན་ཡོད་པའི་སྣང་བ་ཞིག་ཀྱང་རང་བཞིན་གྱིས་སྟེར་མོད།འདི་ནི་ཀློག་པོ་ང་རང་གི་དགོས་མེད་ཀྱི་རྣམ་རྟོག་ལྷག་མ་ཞིག་མིན་པའི་ངེས་པའང་ཁྱོན་ནས་མེད་པས་གཞན་པ་རྣམས་ལ་ཟུར་ཁ་ཙམ་ཞུས་པ་ལགས།ཁོང་གི་ལོ་ངོ་འདི་དག་གི་བྱ་གཞག་གཞན་པ་འགའ་རེའི་སྟེང་ནས་དེ་ལྟ་ཞིག་གཏན་ནས་ཡིན་མི་སྲིད་པའི་ངེས་ཤེས་བསྐྱེད་དུ་འཇུག་པ་མང་པོ་ཞིག་ལ་མ་བཤད་རུང་གསལ་རྒྱུས་ཆེ་ནི་རེད།
         དཔལ་འབྱོར་དང་དཔལ་འབྱོར་རིག་པ་ནི་མི་ཡི་སྤྱི་ཚོགས་འཚོ་བའི་སྲོག་གི་རྟེན་གཞི་དང་ཚེ་ཡི་རྒྱུན་ཐག་ཡིན་པ་ང་ཚོས་ཤེས་ལ། དངོས་པོའི་འཚོ་བ་ཧ་ཅང་ཉམ་ཐག་ཡིན་པའི་རང་རེའི་བོད་ལྟ་བུར་མཚོན་ན་དེ་ལ་ལྷག་པར་དུ་དོ་སྣང་དང་ཟབ་འཇུག་བྱེད་དགོས་པ་འང་ད་ལྟ་འཕྱི་ཡོད་པ་ལས་སྔ་མེད་པ་ཁྱེད་ཅག་གིས་ཀྱང་མཁྱེན་གསལ་རེད།  དེ་ན་ནང་བསྟན་དཔལ་འབྱོར་རིག་པ་ནི་ང་ཚོས་སྐོམ་པ་ཆུ་འདོད་ལྟར་བྱེད་ཀྱིན་པའི་རེ་བ་འདི་དག་འགྲུབ་བྱེད་ཅིག་ཡིན་མིན་ཐད་ད་ལྟའི་འབྲེལ་ཡོད་རྩོམ་ཡིག་འདི་དག་ལ་བལྟས་ན་ལན་ཞིག་བྱིན་པ་ནི་{མ་རེད}་ཅེས་པ་འདི་ཡིན་ཏེ།  ནང་བསྟན་དཔལ་འབྱོར་རིག་པའི་ཐོག་མའི་དེབ་ལ་བགྲང་བའི་<<ཆུང་ངུ་ནི་མཛེས་སྡུག་གོ>>ཅེས་པའང་ང་ཚོས་ཐད་ཀར་དུ་དངོས་ཡོད་འཚོ་བའི་ནང་དུ་བཀོལ་ཅི་ཐུབ་བྱེད་མི་ཐུབ་པ་ཞིག་ཏུ་སོང་འདུག་ལ།  ཐ་ན་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་ང་ཚོར་ཐད་ཀར་འབྲེལ་བའང་ཆེན་པོ་མེད་པ་ཞིག་ཏུ་གྱུར་ཡོད་དེ།དེ་ནི་ནུབ་ཕྱོགས་པའི་ད་ཡོད་དཔལ་འབྱོར་གནས་ཚུལ་ལ་གཞིགས་ནས་བྲིས་པ་ཞིག་ཡིན་ཏེ།“ནུབ་ཕྱོགས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་དོགས་སློང་དང་།ཉིང་རྡུལ་མཚོན་ཆ་དང་ཞིང་སྨན་རྫས་འགྱུར་སོགས་ཀྱི་སྤྱོད་པ་ལ་ངོ་རྒོལ་བྱས་པ་མ་ཟད།རྒྱལ་ཁབ་ཞིག་ཡར་རྒྱས་འགྲོ་མིན་གྱི་ཚད་གཞིར་དཔལ་འབྱོར་འཕེལ་རྒྱས་འཛིན་པ་ལ་སྐྱོན་བརྗོད་གནང་འདུག་པ”ཞིག་ཡིན་པར་བཤད་ཡོད་པས་ང་ཚོས་ཉིང་རྡུལ་མཚོན་ཆ་ཕར་ཞོག་ཞིང་སྨན་རྫས་འགྱུར་ཙམ་ཡང་བཟོ་ལས་བྱེད་མི་ཐུབ་པས་དེ་དག་ནི་ང་ཚོའི་རྗེས་ལུས་ཀྱི་དཔལ་འབྱོར་གནས་ཚུལ་འདི་དང་འབྲེལ་བ་ཅི་ཙམ་ཡོད་པ་མ་ཞུས་རུང་གསལ་བོ་མི་ཤེས་སམ།  དེ་ལས་གཞན་ཐེ་ཝན་གྱི་རྒྱའི་མཁན་པོ་ཆོས་སྐྱོང་གི་ནང་བསྟན་དཔལ་འབྱོར་རིག་པ་ཅེས་པ་དེ་རུ་དཔལ་འབྱོར་གྱི་ནང་དུ་ཚད་བཀག་མང་པོ་དགོས་པར་གསུངས་ཡོད་པས་དེ་ཡང་ནང་བསྟན་དུ་ཆོག་ཤེས་བསྟེན་དགོས་རབས་བཤད་པའི་རྨང་གཞི་དང་མི་རྣམས་དངོས་པོའི་བྲན་དུ་མི་འགྱུར་བར་གསུངས་པ་དག་ལ་གཞིགས་ནས་བྲིས་ཡོད་པས་གྲྭ་བའི་ངོས་ཐད་ནས་བཤད་ན་འཕྲོད་པོ་ཡོད་པ་ལས་སྤྱི་ཚོགས་ཤིག་ལ་ཁ་གཏད་ནས་སློབ་སྟོན་བྱས་ན་ཆེད་དམིགས་སུ་དཔལ་འབྱོར་གྱི་རིག་པ་བླ་ན་མེད་པ་ཅིག་ཏུ་ཅིས་ཀྱང་མཐོང་ཐབས་མི་འདུག  {རྒྱུ་མཚ ན་ང་ཚོར་མཚོན་ན་ཆོག་ཤེས་མེད་པར་འཚོལ་བ་ལ་སྡུག་བསྔལ་ཆར་བཞིན་རྒྱུན་དུ་འབབ་ལྟ་བུ་དག་ནི་ཤ་རུས་པའི་གཏིང་ལ་ཟུག་སོང་བའི་མི་རིགས་ཤིག་ཡིན་ལ་དོན་དངོས་འཚོ་བའི་ཁྲོད་ནས་ཀྱང་དེ་དག་གིས་ཁྲིད་སྟོན་ནན་མོ་བྱས་དང་བྱེད་བཞིན་ཡོད་པས་ད་ནི་དེ་དག་ལའང་རང་གི་དངོས་ཡོད་འཚོ་བའི་ཁྲོད་ནས་ཕྱིར་རྟོག་བྱེད་དགོས་པ་དང་གོ་ཐོབ་གཞན་པ་ཞིག་ཀྱང་ངེས་པར་དུ་སྤྲོད་པའི་དུས་ལ་དེད་ཡོད་པས་ཡིན།}
   ༡༩༩༤ལོར་ཧྥ་རན་སིའི་ཡོ་ནེ་སུ་ཁུའུ་ཞི་བདེ་སློབ་གསོ་བྱ་དགའི་རྟགས་མ་ཐོབ་མྱོང་བའི<<ནང་བསྟན་དཔལ་འབྱོར་རིག་པའི>>(རྩོམ་པ་པོ་ཕེ་ཡོ་ཐོ)ནང་དུའང“དོན་དངོས་སུ་ང་ཚོས་ནུབ་ཕྱོགས་དཔལ་འབྱོར་རིག་པའི་བརྡ་ཆད་དང་རིག་ལམ་གྱིས་ནང་བསྟན་ཆོས་ལུགས་ལ་བགྲོ་གླེང་བྱེད་ཀྱིན་འདུག  གལ་ཏེ་ང་ཚོས་ནང་བསྟན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་ཚུལ་འདི་བྱ་དངོས་སྤྱོད་གསུམ་ལ་འཛིན་ཐུབ་ན་དེ་ལྟར་དཔལ་འབྱོར་རིག་པ་ལའང་ཁེ་ཕན་དང་ནུས་ཤུགས་ཡོད་ངེས”ཞེས་ཁ་གསལ་བོས་བསྟན་འདུག་པའི་ཐོག་ནས་ཀྱང་ང་ཚོས་ཤེས་ཐུབ་པ་ནི་འདི་ནི་དཔལ་འབྱོར་དར་རྒྱུར་དམིགས་ནས་བརྩམས་པ་ཞིག་མ་ཡིན་པར་དོན་དངོས་སུ་ནང་བསྟན་ལྟ་བས་ད་ལྟའི་དཔལ་འབྱོར་རིག་པའི་ལྟ་གྲུབ་ཐད་དུ་བཀོད་འདོམས་དང་ཚོད་འཛིན་བཟོ་པར་འདོད་པའི་ནང་བསྟན་ཆོས་ལུགས་ཀྱི་ལྟ་བ་ཞིག་དྲིལ་བསྒྲགས་བྱེད་པ་ཞིག་རེད།(འདི་ནི་ད་ལྟའི་འཛམ་གླིང་སྤྱིའི་ངོས་ཐད་ནས་བཤད་ན་དོན་བཟང་ཞིག་ཡིན་ཏེ་སྤྱི་ཚོགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ། ཁོར་ཡུག་སྲུང་སྐྱོབ་དང་མི་རྣམས་ཀྱིས་དཔལ་འབྱོར་ལ་འཛིན་པའི་ལྟ་བ་སོགས་ཕྱོགས་གང་ཐད་ནས་ཕན་པ་མི་དམན་པ་ཡོད)འོན་ཀྱང་ང་ཚོའི་བོད་ལ་མཚོན་ན་འདི་ནི་ག
སར་འགྱུར་ཙམ་དང་རྒྱུན་ཤེས་སམ་ཡང་ན་གནས་སྐབས་སུ་འདང་རེ་བརྒྱབ་ན་ཆོག་པའི་གྲས་ཤིག་ཡིན་པ་ལས་སྟོབས་ལྡན་རྒྱལ་ཁབ་ཁོ་ཚོ་དང་འདྲ་བར་རྒྱུན་ལྡན་དཔལ་འབྱོར་འཚོ་བའི་ནང་ནས་ལག་ལེན་དུ་བསྟར་རྒྱུ་ཞིག་མ་རེད་འདོད།རྒྱུ་མཚན་ང་ཚོས་ད་དུང་འཛམ་གླིང་གི་གཙོ་རྒྱུགས་དཔལ་འབྱོར་ཤེས་བྱ་བཀོལ་ནས་རང་ཉིད་ཀྱི་འཚོ་བ་གོང་འཕེལ་གཏོང་ཐུབ་ཀྱིན་མེད་ལ།ལྡོག་སྟེ་རང་ཉིད་ཀྱི་མཉམ་མྱོང་ཙམ་དང་ཡང་ན་དབྱར་དགུན་སྟོན་དཔྱིད་དུ་སེན་མགོ་རྣག་དང་སེན་རྟིང་ཁྲག་བྱས་ནས་ཕྱུགས་ལས་ཙམ་དང་ཞིང་ལས་དང་ཞོར་ལས་རེ་བཙལ་ནས་ཁ་གསོ་བཞིན་ཡོད་པས་ན་ང་ཚོར་མཚོན་ན་ད་དུང་དེང་རབས་དཔལ་འབྱོར་གྱིས་བཟོས་པའི་ལྡོག་ཕྱོགས་ཀྱི་དོན་འདི་དག་ལ་སེམས་ཁུར་ལྷག་མ་བྱེད་པ་དང་ཡང་ན་དེ་དག་ལ་འཛེམས་ཅི་ཐུབ་བྱས་ནས་རང་ཉིད་ཀྱི་འཚོ་བའི་འཕེལ་རྒྱས་མདུན་ལམ་ལ་བཀག་འགོག་བྱེད་པ་ནི་རི་བོང་གནམ་རྡིབ་གྱི་སྡུག་བསྔལ་ཞིག་དང་སྤྲང་བོས་ནམ་མཁའི་སྐར་མ་བརྩི་བའི་ལས་ཤིག་ཏུ་སོང་མེད་དམ།
གཏམ་མཇུག་མ་སེམས་ཁུར་རེ་ཞུ་ཡིན།
        ནང་བསྟན་དཔལ་འབྱོར་རིག་པ་ནི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བ་ཡིན་པ་དང་རྒྱུ་འབྲས་འབྲེལ་བའི་རང་བཞིན་ཁྲོད་དུ་ཡོད་པའི་བསམ་བློ་ལྟ་བའི་རྨང་གཞི་ལ་བརྟེན་ནས་དེང་རབས་དཔལ་འབྱོར་རིག་པར་བློ་འཚབ་སྐྱེས་ནས་བྱུང་བ་ཞིག་ཡིན་མོད། གལ་ཏེ་ང་ཚོའི་བོད་ཡུལ་དུ་དར་ཡོང་ན་དཔལ་འབྱོར་འཚོ་བའི་ཞབས་འདེགས་དང་རམ་འདེགས་ཙམ་དུ་མ་སོང་བར་མང་ཚོགས་ཉམ་ཐག་པ་དེ་དག་གི་ལག་ནས་ཨ་ལགས་ཚོན་པོ་དེ་དག་གིས་རྒྱུ་ནོར་བསྡུ་བྱེད་ཀྱི་ལག་ཆ་ཞིག་ཏུ་མི་འགྱུར་བའི་ངེས་པའང་མེད་པ་ད་ལྟའི་མང་ཚོགས་བྱིངས་ཀྱི་རྨོངས་དད་ཀྱི་སྤྱོད་ཚུལ་ལ་བལྟས་ན་སེམས་ཁུར་བྱེད་དགོས་པ་ཅིག་ཏུ་སོང་ཡོད།
        ཁོ་བོས་རྩོམ་ཡིག་འདི་སྤེལ་དོན་ནི་བོད་ཀྱི་ད་ཡོད་དཔལ་འབྱོར་གནས་ཚུལ་དང་རིག་པ་གསར་བ་འདི་གཉིས་གཤིབ་བསྡུར་བྱས་ནས་འདིའི་ཐད་ཀྱི་རང་ཉིད་ཀྱི་བསམ་ཚུལ་དག་ཤེས་ཡོན་པའི་སྡེ་ལ་བགྲོ་ཙམ་སློང་བ་ཡིན་ལ་སྐུ་ཞབས་རྒྱ་གྲོལ་ལགས་གཙོ་བྱས་འདི་དགལ་ཡང་བསྐྱར་བསམ་གཞིགས་ཤིག་བྱེད་པའི་རེ་འབོད་ཀྱང་བྱས་པ་ཡིན།   གང་ལྟར་ང་ཡིས་གནས་བབས་དངོས་ལ་གཞི་བཅོལ་ཏེ་བྲིས་པ་ཡིན་པའང་ཞོར་ནས་ལོག་འགྲེལ་མི་བྱེད་རྒྱུར་བརྡ་ཙམ་བརྒྱབ་པ་ཡིན།
                                                                                   2011.10.15  ནུབ་བྱང་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནང་བསྟན་དཔལ་འབྱོར་རིག་པར་ཐོག་མའི་རྣ་བ་གཡར་བ།

2011-10-21 གསོམ་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།