དཔའ་དར་འདི་དགེ་ཆོས་ལ་འཐེན། (ཁག་དང་པོ)

   རིགས་པའི་བརྒལ་བརྟག་དང་རྩོད་པའི་བགྲོ་གླེང་ནི་ཐོས་པའི་ཤེས་རྒྱ་དང་བསམ་པའི་གོ་རྟོགས་ལ་ཤིན་ཏུ་སྨན་ཞིང་དེ་ནི་རང་རེའི་སྔོན་བྱོན་མཁས་པ་དག་གི་ཕྱག་སྲོལ་བཟང་པོ་ཞིག་ཀྱང་ཡིན་ཙ་ན། ད་ལྟའི་ཆར་ཡང་འུ་ཅག་གི་བསམ་བློའི་གླེང་སྟེགས་སུ་སོ་སོའི་དགོངས་འཆར་རྗེན་པར་འདོན་པ་དང་རང་རང་གི་ལྟ་ཚུལ་ལྷུགས་པོར་བརྗོད་པ་འདི་ནི་རིག་གནས་བགྲོ་གླེང་གི་ཁོར་ཡུག་ཅིག་ངང་ངམ་ཤུགས་ཀྱིས་གྲུབ་དང་འགྲུབ་བཞིན་པའི་ལྟས་བཟང་པོ་ཞིག་ཏུ་བརྩིས་ཆོག
  རྩོད་པའི་བགྲོ་གླེང་དེར་ཧྥ་རན་སིའི་བློ་འབྱེད་བསམ་བློ་མཁན་ཧྥོལ་ཐེར་ལགས་ཀྱིས་གསུངས་པའི“ཁྱོད་ཀྱི་ལྟ་ཚུལ་ལ་ང་འཐད་པ་མིན་རུང་།ཁྱོད་ཀྱིས་རང་ལུགས་འདོན་པའི་དབང་ཆ་ལ་ངས་རང་གི་གཅེས་སྲོག་གིས་སྲུང་སྐྱོབ་བྱེད་ངེས་ཡིན”ཞེས་པ་འདི་ཅིས་ཀྱང་སྔོན་དུ་འགྲོ་དགོས་པ་ཡིན་ཏེ།འདི་འདྲའི“ཤིས་བརྗོད་ཕྱག་བྱ”ཞིག་སྔོན་དུ་སོང་ཚེ་རིག་གནས་དཀྱེལ་ཡངས་ཀྱི་ཁོར་ཡུག་ཅིག་རིམ་གྱིས་ཆགས་འགྲོ་བ་རེད།
  ཐེངས་འདིའི“དགེ་ཆོས་དུས་དྲན”ལས་འཕྲོས་པའི་བགྲོ་གླེང་འདི་ལ་མཚོན་ནའང་གཞོན་སྐྱེས་དག་རྩོད་པའི་ང་རོ་སྒྲོག་པའི་ལས་ལ་ཤུགས་ཀྱིས་འཇུག་པ་ནི། མི་སུ་ཡིན་ཡང་སོ་སོའི་ལྟ་ཚུལ་འདོན་ཆོག་པའི་སྨྲ་བརྗོད་ཀྱི་དབང་ཆ་དེ་ལ་ངེས་ཤེས་མི་དམན་པ་ཞིག་རྙེད་འདུག་པའི་རྟགས་ཤིག་ཏུ་མངོན་པ་དང་། རང་གི་སྨྲ་ལྕེ་རང་ལ་དབང་ཞིང་རང་གི་དྲན་འཆར་རང་གིས་བརྗོད་པའི་སྙིང་སྟོབས་ཤིག་ཏུའང་ངོས་བཟུང་ཆོག་སྙམ།
  དགེ་ཆོས་ཁོང་གི་སྐད་ལྟར་དུ་བཤད་ན“འཛམ་གླིང་ན་དཀོན་པའི་བེེཌུརྱའི་བུམ་པ་ཞིག་རྡོ་ལ་བརྡབས”ཏེ་ལོ་འཁོར་དྲུག་ཅུ་འགོར་པའི་ཉིན་མོ་སྟེ་སྤྱི་ལོ2011ལོའི་ཟླ9པའི་ཚེས11ཉིན(ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི)ང་ཚོས་ལན་གྲུ་རུ“དགེ་ཆོས་དུས་དྲན”འདུ་ཚོགས་ཤིག་བསྡུས་པར་རྐྱེན་བྱས་ཏེ་དེ་ལ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་མང་དུ་བྱུང་ཞིང་། དེ་ལ་ཡང་དགེ་ཆོས་དང་རང་གྲོལ་སོགས་ལས་བོད་ཀྱི་མཁས་པ་གཞན་རྣམས་ལ་རྗེས་དྲན་བྱེད་ན་ལེགས་ཚུལ་དང་། དགེ་ཆོས་དང་རང་གྲོལ་གཉིས་མ་གཏོགས་བོད་ལ་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་པ་མང་པོ་ཡོད་ཚུལ། དགེ་ཆོས་དང་རང་གྲོལ་གཉིས་གླེང་སྟེ་བོད་ཀྱི་མཁས་པ་གཞན་རྣམས་དུར་དུ་འཇུག་འདོད་ཚུལ།དགེ་ཆོས་ལ་དམིགས་བསལ་གྱི་དུས་ཆེན་ཞིག་མི་དགོས་ཚུལ། དགེ་ཆོས་ནི་རྙིང་གཏོར་གསར་བརྗེ་པ་ཞིག་ཡིན་ཚུལ།དགེ་ཆོས་ཀྱི་སྐེ་ལ་ལེ་ཧྥུན་གྱི་སྐེ་དཀྲིས་དམར་པོ་བཏགས་ཚུལ་སོགས་ཀྱི་ལྟ་ཚུལ་མང་པོ་ཡོད་འདུག
  དེ་ཡང་ང་ཚོས་ཅིའི་ཕྱིར་དགེ་ཆོས་ལ་དུས་དྲན་བྱེད་དགོས་པའི་རྒྱུ་མཚན་དང་དགོས་པ་སོགས་བྲིས་རྩོམ་གཞན་ན་མང་དུ་གླེང་ཡོད་པས་འདིར་བསྐྱར་ཟློས་བྱེད་པའི་ངལ་བ་མི་བསྟེན་པ་དང་། དགེ་ཆོས་སོགས་ཀྱི་རིན་ཐང་དང་ཤན་སྟོབས་གླེང་བའང་ཁྱེད་རྣམས་ལ་བོང་རྣ་གསེར་བླུག་གི་དཔེ་ཡིན་པས་ན་དེ་དག་རེ་ཞིག་བསྐྱུར་ཏེ་འདིར་གཙོ་བོ་གོང་གི་དགག་ཅིང་སྨད་པའི་དཔེ་མཚོན་གྱི་ལྟ་ཚུལ་སྐོར་ཞིག་ཁོལ་དུ་ཕྱུང་ནས་རགས་ཙམ་གླེང་འདོད་པ་ལ།
  སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས<<དགེ་ཆོས་སོགས་ལས་འཕྲོས་ཏེ་མེ་ལྕེ་ལ་བྲིས་པ>>ཞེས་པར“གལ་སྲིད་ཁྱེད་ཅག་གིས་ཁོང་གཉིས་དང་བོད་ཀྱི་མཁས་པ་གཞན་དག་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་རྒྱུ་ཡིན་ན་ངས་ཁྱེད་ཅག་གིས་རྗེས་དྲན་བྱས་པ་དེར་སྙིང་བོ་ཡོད་པར་འདོད་རྒྱུ་དང་། དེ་ལས་ལྡོག་སྟེ་དགེ་ཆོས་དང་དོན་རྒྱལ་གླེང་བ་བརྒྱུད་ནས་བོད་ཀྱི་མཁས་པ་གཞན་དག་གི་རིན་ཐང་དུར་དུ་འཇུག་འདོད་པ་དང་། དགེ་ཆོས་དང་དོན་རྒྱལ་གཉིས་ལས་བོད་ལ་རིན་ཐང་ཅན་གྱི་མཁས་པ་མེད་པར་བསྒྲུབ་འདོད་པ་ཡིན་ན་མི་ལེགས་པ་ཞིག་དང་།ཅོལ་ཆུང་ངམ་ཤེས་མེད་ཀྱི་ལས་ཀ་ཞིག་ཏུ་བརྩི་རྒྱུ་ཡིན”ཟེར། འདི་ནི་བྱུང་རྒྱལ་དུ་སྨྲས་པ་རང་སྟེ་ཁྱེད་ཀྱིས་ང་ཚོས་དགེ་ཆོས་དང་རང་གྲོལ་གཉིས་དང་བོད་ཀྱི་མཁས་པ་གཞན་དག་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་གྱི་མེད་པ་ཅི་ལྟར་ཤེས། ལྷག་ཏུ་ཁོང་རྣམ་པ་གཉིས་གླེང་བ་བརྒྱུད་ནས་བོད་ཀྱི་མཁས་པ་གཞན་དག་གི་རིན་ཐང་དུར་དུ་འཇུག་འདོད་པ་ཞེས་པ་དེ་རང་སེམས་ཀྱི་སྒྲོ་འདོགས་ཁོ་ན་ཞིག་ལས་གཞི་འཛིན་ས་ཞིག་ཡོད་དམ། དགེ་ཆོས་དང་རང་གྲོལ་གཉིས་ལས་བོད་ལ་རིན་ཐང་ཅན་གྱི་མཁས་པ་མེད་པར་བསྒྲུབ་འདོད་པ་ཞེས་པ་དེ་ཡང་ཁྱེད་ཀྱི་འོལ་ཚོད་ཀྱི་ཆ་འཇོག་ཅིག་དང་། ཁྱེད་རང་གི་བོད་ན་རིན་ཐང་ཅན་གྱི་སྙན་ངག་པ་ལྗང་བུ་ལགས་ལས་མེད་པར་སྒྲུབ་པའི་རིགས་ལམ་དགོད་བྲོ་བ་དེ་དང་ཅི་ཁྱད།
  འུ་ཅག་ལ་མཁས་དབང་གསེར་རིའི་ཕྲེང་བ་བསྟར་ལ་བརྒྱུས་ཡོད་པའང་ཁོ་བོས་ཁས་ལེན་ཞིང་། ཁོང་ཚོའི་ཤེས་རབ་དང་རིག་པའི་གཟི་འོད་དེ་རང་རང་འཚོ་གཞེས་སྐབས་ཀྱི་དུས་སྐབས་དེ་ཙམ་མ་ཟད་དུས་ད་ལྟའང་ལྷམ་མེར་ལྷང་ངེར་ཡོད་པའང་དེ་བས་ཀྱང་རྗེས་སུ་ཡི་རང་དང་ཁ་མིག་ཡར་བལྟ་བྱེད་དགོས་པའི་གནས་ཡིན།ཁྱད་པར་དུ་མཁས་དབང་ཁོང་ཚོའི་སྐུ་དྲིན་གྱིས་འུ་ཅག་ཕྱི་རབས་དག་ལ་རིག་མཛོད་གྱ་ནོམ་པ་ཞིག་བཞག་ཡོད་པ་འདི་ལ་སེམས་ཀྱིས་གཅེས་ཤིང་བློ་ཡིས་དཔྱད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་པ་ཁོ་བོ་ཅག་གིས་ཅི་ལ་མི་ཤེས་ཨང་།
  ཡང་ཁོས“དེ་བས་དགེ་ཆོས་དང་དོན་རྒྱལ་སུ་ཡིན་ཡང་འུ་ཅག་གི་མགོ་ཐོག་གི་གདུགས་དང་།ལག་ནང་གི་དར་ཡིན་པའི་དུས་ཚོད་དེ་རེ་ཞིག་མཇུག་རྫོགས་ནས། འུ་ཅག་གི་གོམ་པ་དང་པོ་སྤོ་སའི་རྐང་སྟེགས་ཙམ་དང་། འུ་ཅག་གི་རྒྱབ་ནས་ཡལ་བའི་མེ་ལོང་ཆག་པོ་དེར་འགྱུར་དགོས་པ་རེད”ཅེས་བརྗོད་པར་བལྟས་ན་ཁོ་རང་གིས་དགེ་ཆོས་དང་རང་གྲོལ་གཉིས་ལས་ལྷག་པའི“མགོ་ཐོག་གི་གདུགས་དང་ལག་ནང་གི་དར”ཞིག་རྙེད་འདུག་པ་ལྟར་སྣང་ཡང་དོན་གྱིས་ཁོས་ཀྱང་ཅི་ཡང་མ་རྙེད་པར་རང་གི་སྒྱུ་རྩལ་གྱི་བསླུ་བྲིད་ཅིག་གི་གྲིབ་མའི་འོག་ཏུ་ལུས་འདུག་པ་མ་ཡིན་ནམ། ཡང་གཅིག་བཤད་ན་འདི་ནི་སླ་ངའི་ནང་ནས་འཐུང་སྟེ་ཕྱིར་ཁ་ལེབ་སྟེང་དུ་རྙང་བའི་བྱ་སྤྱོད་ཅིག་སྟེ་ཁྱེད་ཀྱིས་འབྲི་བཞིན་པའི་བརྩམས་སྒྲུང་གསར་པ་དང་རང་མོས་སྙན་ངག་སོགས་ཀྱང་ཐོག་མར་སྐུ་ཞབས་རང་གྲོལ་ལགས་ཀྱི་རྩོམ་རིག་གི“རྐང་ལམ་ཕྲ་མོ”དེ་དེད་ནས་ཡོང་བ་ཞིག་ཡིན་པ་གདོན་མི་ཟ་ལ།<<བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར>>དེ་ཡང་དགེ་ཆོས་ལགས་ཀྱི་འགྱུར་མར་དཔེ་བལྟས་ཏེ་བསྒྱུར་པ་ཡང་བསྙོན་དུ་མེད་མོད། དེ་ལྟ་ནའང་ད་དུང་ཅི་ཞིག་ཡིན་མདོག་གིས་དགེ་ཆོས་དང་རང་གྲོལ་ནི“མེ་ལོང་ཆག་པོ”དེ་རུ་འགྱུར་དགོས་པར་བཤད།
  “ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་དམ་ཕྲུག་མེད”ཅེས་པ་བཞིན་སོ་སོར་ཡོན་ཏན་དང་འཇོན་ཐང་ཡོད་ན་དགེ་ཆོས་དང་རང་གྲོལ་སོགས་ལས་བརྒལ་ཐུབ་པར་མ་ཟད།མགོ་ཐོག་ལ་གདུགས་བསྐོར་མཁན་དང་ལག་ནང་གི་དར་དུ་ཕྱར་མཁན་ཡང་མང་པོ་ཡོད་ངེས་རེད། ཡིན་ནའང་ཁོང་གཉིས་ལ་གཞོན་སྐྱེས་དག་གིས་དུས་བབ་ཀྱི་ངོས་ནས་དང་སྙིང་སྟོབས་ཀྱི་ངོས་ནས་དང་རིགས་ཞེན་གྱི་ངོས་ནས་རྩིས་མཐོང་དང་དགའ་གུས་བྱས་པ་ལ“ཁྱེད་ཅག་གིས་དགེ་ཆོས་དང་རང་གྲོལ་དར་ཆ་འཕྱར་གྱིན་འདུག”ཅེས“ཕྲག་དོག་ཁྲག་གིས་མྱོས་པའི་ཨུ་ཚུགས་སྟག”ལྟར་དེ་ལྟའི་ཁྲོ་དོན་ཅི་ལ་ཡོད། དེས་ན་ང་ཚོས་རྒྱ་གར་གྱི་སེམས་དཔའ་ཆེན་པོར་འབོད་པའི་གན་ངྷི་ལགས་དང་ཨུ་རུ་སུའི་རྒྱུ་འབྲས་བློ་མིག་ཏུ་བརྩི་བའི་སོལ་ཟེ་ཉི་ཆེན་ལགས།རྒྱ་ནག་གི་རིགས་ཀྱི་སྒལ་ཚིགས་སུ་བསྔགས་པའི་ལིའུ་ཞའོ་པོ་ལགས་སོགས་ལ་རྗེས་དྲན་དང་ཆེ་བསྟོད་ཀྱི་རྩོམ་ཡིག་བྲིས་པ་ཡིན་ན་ཡང་། ཁྱེད་ཅག་གིས“ཁོང་ཚོ་དར་ཆར་འཕྱར་གྱི་འདུག”ཅེས་དང་ཁོང་ཚོ་ནི“མེ་ལོང་ཆག་རོ”ཞིག་ཏུ་ལྟའམ།
  ཡང“ལྟ་ཚུལ་ཟེར་བ་དང་། སྙིང་སྟོབས་ཟེར་བ་སོགས་གླེང་གླེང་ནས་ཉིན་མཚན་སྐྱེལ་བ་ནི་ཅི་འདྲའི་ཨ་རེ་གླེན་ཞིང་དགྲ་གྲོགས་ཀྱི་རྣམ་དབྱེ་ཐག་པ་དཀར་ནག་གི་རྐྱ་ལྟ་བུ་ཞིག་ཏུ་ཕྱེ་བའང་ཅི་འདྲའི་ཉམ་རེ་ཆུང”ཟེར།རིག་གཞུང་གང་ཞིག་ལ་ཐོས་བསམ་དང་ཉམས་ཞིབ་བྱེད་ན་རང་ལ་ལྟ་ཚུལ་ཅི་ཡང་རྗོད་རྒྱུ་མེད་པར་བུམ་པ་གང་བྱོའི་ཚུལ་དུ་ལེན་རྐྱང་བྱེད་པ་དང་།དོགས་སློང་གི་དྲན་རྟོག་ཅི་ཡང་མེད་པར་ཁ་ཏོན་ལྟར་ཟློས་རྐྱང་བྱེད་པ་ཡིན་ན་དེ་ནི་ནེ་ཙོའི་འདོན་པ་ལྟ་བུར་འགྱུར་བས་ཕན་པ་ཅི་ཡང་མེད། རང་ལ་དོགས་སློང་ཐེ་ཚོམ་གྱི་བློ་ཕྲན་ཙམ་ཞིག་སྐྱེས་ཏེ་ཇི་ཞིག་བརྗོད་འདོད་ཀྱི་སྨྲ་ལྕེ་ཅུང་ཙམ་འདར་བ་ཡིན་ན་ད་གཟོད་ལྟ་ཚུལ་ཞེས་པ་འབྱུང་གི་ཡོད་པ་དང་། ལྟ་ཚུལ་དེ་ནི་སོ་སོའི་བློ་དཔྱོད་ལས་འཁྲུངས་པའི་ཤེས་རབ་དང་རྣམ་དཔྱོད་ངོ་མ་དེའོ། །མི་ཞིག་ལ་མཚོན་ན་རང་ལ་ལྟ་ཚུལ་ཞིག་གླེང་རྒྱུ་ཡོད་པ་ནི་གང་དེར་ཤེས་རབ་ཀྱི་མྱུ་གུ་འབུས་འགོ་ཚུགས་པའི་རྟགས་ཤིག་ཏུ་ངོས་འཛིན་ཆོག་པ་ཡིན། གཞན་མི་ལོ་འདི་དག་གི་རིང་ལ་ང་ཚོས་རིག་གནས་སྙིང་སྟོབས་དང་འཚོལ་རྟོག་སྙིང་སྟོབས། མི་གཞིའི་སྙིང་སྟོབས་དང་དགག་སྒྲུབ་སྙིང་སྟོབས། དོགས་སློང་སྙིང་སྟོབས་དང་བདེན་འཚོལ་སྙིང་སྟོབས། བཙན་རྒོལ་སྙིང་སྟོབས་དང་བདེན་སྨྲ་སྙིང་སྟོབས་སོགས་གླེང་ཞིང་དེ་དག་སྒོམ་ཅི་ཐུབ་བྱེད་པ་དེ་ཡང་མདོར་དེད་ན་སྤྱི་ཚོགས་ཀྱི་འགན་འཁྲི་ཞིག་དང་བདེ་སྡུག་གི་དོ་ཁུར་ཞིག་དང་རྒྱུ་འབྲས་ཀྱི་བློ་མིག་ཅིག་གི་ཆེད་དུ་ཡིན་པ་ལས“སྙིང་སྟོབས”ཀྱི་ཚིག་ཚོགས་ཤིག་སྤུངས་ཕྱིར་ག་ལ་ཡིན་ཏེ་མ་ཡིན་ནོ། །
   དགྲ་གྲོགས་ཀྱི་རྣམ་དབྱེ་ཞེས་པ་དེ་ཡང་ཁྱེད་ཀྱི་རྣམ་རྟོག་ཅིག་ཡིན་པ་ལས་ང་ཚོས་ད་ལྟའི་བར་དུ་འདི་ནི་གྲོགས་དང་གན་ནི་དགྲའོ་ཞེས་བརྗོད་མ་མྱོང་ལ་མ་འོངས་པ་ན་ཡང་དེ་ལྟར་གཏན་དུ་བརྗོད་མི་སྲིད། ཁྱེད་ལ་ཐོག་མ་ཉིད་ནས་མངའ་བའི“རྡེའུ་དཀར་པོ་གྱེན་འདེད་དང་རྡེའུ་ནག་པོ་ཐུར་འདེད”ཀྱི་རྣམ་དབྱེའམ་སེམས་བྱུང་དེ་ཡིས“ཁྱོད་ཚོ་ནི་ཞོགས་དུང་སོགས་ཏེ། ཅི་ཡང་ཤེས་ལ་ཅི་ཡང་མི་ཤེས་པའི་སྙིགས་མའི་དུས་ཀྱི་ཇག་པ་སྐོར་ཞིག ཐེངས་གཉིས་པའི་རིག་གནས་གསར་བརྗེ་ཡི་མེ་སོན་འཚོལ་མཁན། བག་ཆགས་རྙིང་བ་བཅོམས་རྗེས་གསར་བ་མི་རྙེད་པར་སེམས་སྟོང་བར་ལུས་ཡོད་མཁན།ང་ལ་དད་པ་མེད་ཟེར་བཞིན་ལྐོག་གྱུར་བ་ཞིག་ལ་ཕྱག་འཚལ་མཁན།སངས་རྒྱས་ཆོས་ལུགས་དང་ཆོས་ཀྱི་རྣམ་གྲངས་ཀྱི་བར་དུ་མཚུངས་རྟགས་རྒྱག་མཁན།མར་ཁེ་སིས་ཟས་ལྷག་འཐུང་ལྷག་གིས་གསོས་པའི་ཁྱི་ཕྲུག་སྙིང་ལ་རྗེ་བོ། སྐྱེ་བོ་དུ་མར་སྨོན་ལམ་ལོག་འདེབས་བྱས་ནས་འོང་མཁན། དུས་རབས་གསར་བའི་ཧྥ་ཤི་སི།གནས་ལུགས་ཀྱི་བྱི་ཕྲུག སྙིང་སྟོབས་ཀྱི་ལྦུ་བ།མཛེས་སྡུག་གི་དགྲ་བོ། སྒྱུ་རྩལ་གྱིས་དོར་ཅིང་གད་སྙིགས་ཀྱིས་རྙེད་པ་དེའོ”ཞེས་པ་སོགས་ཀྱི་དགྲ་གྲོགས་ཀྱི་དབྱེ་འབྱེད་གསལ་པོར་ཕྱེས་པའི་གནས་ལུགས་ཀྱིས་སྟོངས་ཤིང་སྙིང་པོས་དབེན་པའི་ཚིག་རྩུབ་དག་ཀྱང་ངག་ནས་ཐལ་མྱོང་བ་མ་ཡིན་ནམ།
  ལྟ་ཚུལ་དང་སྙིང་སྟོབས་གླེང་བ“གླེན་རྟགས”ཤིག་ཏུ་འདོད་པ་དེ་ཡང་དོན་གྱིས་རིག་གནས་སྒེར་གཅོད་རིང་ལུགས་ཀྱི་ལྟ་བ་ཞིག་སྟེ། རིག་གནས་སྒེར་གཅོད་པས་ནི་གང་ན་ལྟ་ཚུལ་གསར་པའི་མྱུ་གུ་འཁྲུངས་ཡོད་ན་དེ་ནི“གླེན་རྟགས”སུ་བརྩིས་ཏེ་འབུར་འཇོམས་གཏོང་ལ། སུ་ལ་བླ་མེད་ཀྱི་སྙིང་སྟོབས་མངའ་ན་དེ་ཡང“གླེན་རྟགས”སུ་བསྙད་དེ་ཚར་གཅོད་བྱ་ངེས། གནའ་བོའི་ཀེ་རི་སེའི་བསམ་བློ་མཁན་སོ་ཁི་ར་ཐེ་ལགས་ལ“ངོ་ལོག་པའི”ལྟ་ཚུལ་བདོག་པ་དེ“གླེན་རྟགས”སུ་བགྲངས་ནས་ལྟ་ལོག་འདྲི་གཅོད་ཁང་གིས་སྦྱར་དུག་དྲངས་པ་ཡིན་ཅིང་། དབྱི་ཐ་ལིའི་མཚན་ཉིད་རིག་པ་མཁན་པི་རུའུ་ནོ་ལགས་ལ་དོགས་སློང་སྙིང་སྟོབས་མངའ་བ་དེ་ཡང“གླེན་རྟགས”ཤིག་ཏུ་བསྙད་དེ་ཆོས་ཚོགས་ཀྱིས་གསོན་སྲེག་བྱས་པ་རེད། རང་རེའི་དགེ་ཆོས་ལགས་ཀྱི་རིག་གནས་ལེགས་སྒྱུར་གྱི་ལྟ་ཚུལ་དང་བདེན་པའི་སྙིང་སྟོབས་དེ་ཡང“གླེན་རྟགས”སུ་བརྩིས་ནས་རང་རིགས་ཀྱིས་ཁོང་ཉིད་མི་ཡུལ་ནས་བསྐྲད་པ་མ་ཡིན་ནམ།
  མདོར་ན་སྐྱབས་ཆེན་བདེ་གྲོལ་སོགས་ཀྱིས་ཀྱང་རིག་གནས་སྒེར་གཅོད་པའི་བྱས་ཉེས་སོགས་ལ་ཕྱིར་རྟོག་གནད་སྨིན་དང་དེ་ལ་ངེས་ཤེས་ཟབ་གསལ་ཅིག་འདྲོངས་པར་བྱ་བ་གཞིར་བྱས།བར་སྣང་ནས་སྒྱུ་རྩལ་གྱི་གཞལ་ཡས་ཁང་བཞེངས་པའི་མཛེས་སྡུག་གི་བསླུ་བྲིད་དེའང་ལྡོག རང་གིས་རང་ལ་གཤོག་པ་བཏགས་ཏེ་འཕུར་འདོད་ཀྱི་བྱིས་བློ་དེ་ཡང་དོར། རང་མི་རང་རྩིས་དང་དུས་དྲན་སྲུང་གཙི་ཡི་འདུ་ཤེས་ཤིག་ཀྱང་ཞར་ལ་སྐྱེ་རྒྱུ་ནི་གནད་དམ་པ་ཡིན་པ་དང་། ཡུན་དང་ཁད་ཀྱིས་གཟུ་བོའི་དྲང་གཏམ་སྨྲ་བའི་ལམ་དུའང་ཞུགས་པ་ཡིན་ན་ནམ་ཞིག“གཅིག་པུར་ལུས་པའི་བདེན་པའི་བུ་ཆུང”དགེ་ཆོས་ལགས་ལ་དཔའ་དར་མི་འཐེན་རང་འཐེན་ཡིན་ནོ། །
   ཟུར་ཞུ། རྩོམ་འདིའི་ཁག་གཉིས་པར་བོང་རྫི་ལགས་ཀྱི་དགེ་ཆོས་དགག་སྨད་སྐོར་གྱི་ལྟ་ཚུལ་དང་།“ནུབ་བྱང་ཚང་གི་སྙིང་སྟོབས”སོགས་ཀྱི་སྐོར་ནས་གླེང་རྒྱུ་ཡིན་པས་ཤེས་ནས་སྨྲ་བ་དག་གིས་དུས་ལྟར་གཟིགས་ཤིང་དགོངས་འཆར་ལྷུགས་བརྗོད་ཡོད་པ་ཞུ།
                                       སྤྱི་ལོ2011ལོའི་ཟླ10པའི་ཚེས16ཉིན་ལན་གྲུ་རུ།
 
རྩོམ་ཁུངས། ན་གཞོན་གསར་བའི་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔའ་དར་འདི་དགེ་ཆོས་ལ་འཐེན། (ཁག་དང་པོ)

2011-10-17 མེ་ལྕེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།