དམུས་ལོང་གི་དུས་རབས་དང་འུ་ཚང་གི་རང་མོས་སྙན་ངག

                           _____ ཞར་ཞོར་གྱི་སྐད་ཆའི་གཤིས།
        དེ་སྔོན་དྲ་ཐོག་ཏུ་གསར་རྩོམ་ལ་མོས་པའི་ན་གཞོན་སྐོར་ཞིག་གིས་རང་མོས་སྙན་ངག་གམ་སྙན་ངག་གསར་བའི་སྐོར་ལ་ལྟ་ཚུལ་ཅི་རིགས་དང་དཔྱད་འཇོག་ཅི་རིགས་ཀྱི་རྩོམ་ཡིག་སྤེལ་གྱིན་འདུག་ལ།ཁ་ཅིག་གིས་ནི་རང་མོས་སྙན་ངག་གི་གོ་དོན་དང་སྒྱུ་རྩལ་རིན་ཐང་།མཛེས་རྟོག་རིན་ཐང་དང་སྣང་བརྙན་རིན་ཐང་སོགས་ལ་ཆ་འཇོག་བགྱིས་ཏེ་རྩོམ་རིག་གི་སྤྱིའི་སྣང་བརྙན་ཞིག་གམ་རྩོམ་རིག་སྤྱིའི་འཕེལ་ཕྱོགས་ཤིག་བརྗོད་པའི་ཕྲེང་དུ་བསྟར་གྱིན་འདུག་མོད།འོན་ཀྱང་སྐོར་ཞིག་གིས་ནི་རང་མོས་སྙན་ངག་ལ་མཚང་འབྲུ་དང་གང་འདོད་འདོད་ལྟར་སྦྱོར་བ་སྤེལ་གྱིན་འདུག་སྟེ།དེ་ནི་མཐར་གཏུགས་ན་༼གཡག་ཞར་གྱིས་རྩྭ་བཟས་པ༽་བཞིན་སྒྱུ་རྩལ་གྱི་སྨྲ་སྒོ་འགག་ཅིང་འཚོལ་དཔྱོད་ཀྱི་མིག་འབྲས་ལྟུང་བའི་༼འདོད་འགོག་རིང་ལུགས་པ༽་སྐོར་ཞིག་སྟེ།མིའི་གཉུག་གཤིས་ཀྱི་ལྷུ་ལག་རེ་རེར་ཚོད་འཛིན་བྱས་ཏེ་སྲོལ་རྒྱུན་གང་དེས་བསམ་བློའི་སྒྲོམ་དུ་སྒེར་སྡོམ་བགྱིས་ཤིང་།རིག་གནས་གང་དེས་མི་གཤིས་ཀུན་སྤྱོད་ལ་འབུར་འཇོམས་བཏང་བ་རེད།གཞར་ཡང་མིའི་ལྷན་གཤིས་ནི་དགའ་སྐྱོ་ཆགས་སྡང་གིས་གྲུབ་ཅིང་འདོད་པའི་ཡོན་ཏན་ལོངས་སུ་སྤྱོད་པའི་སྲོག་ཆགས་ཤིག་སྟེ།མཚར་སྣང་དང་མཛེས་འཛིན།འཚོལ་བསྙེགས་དང་གསར་གཏོད།རྟོགས་བཟོ་དང་འཆར་ཡན་གྱི་རིག་པའི་ཀློང་བརྡོལ་བའི་སྲོག་ཆགས་ཤིག་ཅིས་ཀྱང་ཡིན་ཙང་།འོ་སྐོལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་བསླངས་པའི་བསམ་བློའི་སྣང་ཚུལ་ནི་ཇི་འདྲའི་སྒེར་སྡོམ་ཞིག་དང་ཇི་འདྲའི་བག་ཉལ་ཞིག་རེད་ཨང་། ཉེ་སྔོན་བྲིས་རྩོམ་རེ་གཉིས་ཀྱི་ཁྲོད་ན་རང་མོས་སྙན་ངག་ལ་༼སྙན་ངག་རྐང་ཆག་མ༽་དང་༼ངག་འཁྱལ་སྨྲ་བ༽་སོགས་མཚང་མིང་འདོགས་ཀྱིན་འདུག་ལ།རང་མོས་སྙན་ངག་གིས་རྩོམ་རིག་ལ་འགན་མི་འཁུར་ཚུལ་དང་མི་རིགས་ཀྱི་འགན་འཁྲི་བོར་ཚུལ་སོགས་མང་པོ་ཞིག་ཁ་ནས་ཅི་བྱུང་ལབ་ཀྱིན་འདུག་མོད།དོད་དུ་སྙན་ངག་ལ་མི་རིགས་ཀྱི་འགན་འཁྲི་ཡོད་མེད་ཀྱིས་ཁ་རྩོད་རྒྱག་མཁན་ཚོ་དང་འཆལ་གཏམ་སྨྲ་བ་ཚོས་ནི་སྙན་ངག་ཅེས་པ་ཁྱོན་ནས་ཤེས་ཚོད་མི་འདུག་ལ་།ད་དུང་རང་མོས་སྙན་ངག་ཅེས་པ་རྐང་ཆག་མ་ཞིག་ཡིན་པ་ཁ་ཚོན་བཅད་ཟིན་ན།ཁྱེད་ཚོས་ཀྱང་རྩོམ་རིག་དང་མ་འོངས་བོད་ཀྱི་རྩོམ་རིག་གི་འཕེལ་ཕྱོགས་ལ་འགན་འཁུར་གྱིན་གཞར་ཡང་མེད་ཚོད་འདུག་ལ།ཆིག་གཅོག་དང་གཅིན་སྡོམ་འབའ་ཞིག་གིས་བོད་ཀྱི་རྩོམ་རིགས་ཀྱི་འཕེལ་ཕྱོགས་བསམས་ན་དེ་ནི་ཇི་འདྲའི་ཉེན་ཁ་ཆེ་བའི་ལམ་བུ་ཞིག་རེད་ཨང་།ལྷན་དོན་འདི་ནས་ཆེད་དུ་གྲྭ་བའི་སྡེ་ལ་བཤད་རྒྱུ་ཞིག་ལ།ཁྱེད་ཚོ་ནི་ནམ་ནམ་ཞར་ཞར་རིག་གནས་གང་དེའི་སྒྲོམ་དུ་བཅུག་ཅིང་བསམ་བློ་གང་དེའི་རྒྱུན་དུ་བརྒྱུས་པས་མི་བུ་ཡར་སློང་གི་སྒལ་ཚིགས་དྲང་མོ་དང་དཔྱོད་ཤེས་ཡངས་མོ་ཡི་སེམས་རྒྱུད་དྲང་མོ་བོར་བས།ནམ་ཡང་༼འདོད་འགོད་རིང་ལུགས་པ༽་ཚོར་རྐུབ་གཡོགས་བྱེད་ཞར་དུ་འཇིག་རྟེན་པའི་སྡེ་རུ་འཚང་སྟེ།སྒྱུ་རྩལ་གྱི་རིག་པ་སྨྲ་བ་གང་དེའི་རྩོམ་རིག་གི་ལྟ་གྲུབ་གྱེར་ཚེ་དེ་ནི་ཇི་འདྲའི་དགོད་ཁ་སློང་བྱེད་ཅིག་དང་སངས་རྒྱས་ལ་ཀ་ཁ་དང་ཉི་མ་ལ་སྒྲོན་མེ་ཞེས་པའི་དཔེ་རུ་མི་འགྲོའམ།མ་གཞི་ཚེ་གང་བོར་རྩོམ་རིགས་ཀྱི་ལས་དོན་ལ་གཞོལ་བའི་མི་ཞིག་ཡིན་ཚེ།རྩོམ་རིགས་ལ་གཏིང་ཟབ་པའི་སྒོ་ནས་བློ་སྦྱོང་དང་སྤྱི་ཚོགས་ཀྱི་ཉམ་མྱོང་།མི་ཚེ་དང་འཚོ་བའི་ཉམ་མྱོང་།ལྟ་རྒྱ་དང་མཐོང་རྒྱ་སོགས་ཅིས་ཀྱང་མཁོ་ངེས་ལ།འཛམ་གླིང་སྤྱིའི་རྩོམ་རིགས་ཀྱི་ཆོས་ཉིད་རྟོགས་པའི་མིག་དབང་གསར་བ་ཞིག་ཀྱང་ལྷག་ཏུ་དགོས་ངེས་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམུས་ལོང་གི་དུས་རབས་དང་འུ་ཚང་གི་རང་མོས་སྙན་ངག

2012-07-06 སྲིན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།