སྤྲོ་སྣང་དང་ཀུན་སྤྱོད།

             ----------མཆམ་མཐུན་དང་ཆ་སྙོམ། བདེ་ཐང་དང་མཛེས་དཔལ། བདེ་སྐྱིད་དང་ལེགས་འགྲུབ། དེ་ཚང་མ་ནི་སྤྲོ་སྣང་གི་སེམས་པ་དང༌། ཕུགས་འདུན་འདུན་གྱི་ཁ་ཕྱོགས་ཡོད་པའི་སེམས་ཁམས་ལས་བྱུང་ཞིང༌། དེ་ཡིས་བཟོ་བསྐྲུན་བྱས་པ་ཞིག་གོ     ཨ་རིའི་སྲིད་འཛིན་དང་བོ་དཔའ་ཧྲིན་ཏོན།
                                       1

  འཇིག་རྟེན་སྟེང་གི་ངོ་མཚར་བའི་གསར་བཏོད་ཀྱི་བྱ་དངོས་རྣམས་སྤྲོ་སྣང་གིས་རྒྱུན་འཁྱོངས་བྱས་པ་ལས་བྱུང་བ་ཤ་སྟག་རེད།“སྤྲོ་ངར་དེ་དག་ཕལ་ཆེར་ལྟ་བ་དང༌། གཤིས་ཀའམ་དངོས་ཡོད་གནས་ཚུལ་ག་གེ་མོ་ཞིག་དང་འབྲེལ་བ་ཡོད་པ་རེད། ཡིན་ན་ཡང་སྤྲོ་ངར་དེ་ཉིད་ཀྱིས་ང་ཚོའི་སུན་སྣང་དང་རྨུགས་པ་སེལ་ཐུབ་ཅིང༌།ང་ཚོའི་མི་ཚེ་ཧྲིལ་བོ་གསོན་ཉམས་ལྡན་པའི་ངང་འཚོ་པར་བྱེད’’པའི་ཆ་རྐྱེན་མེད་དུ་མི་རུང་བ་ནི་སྤྲོ་སྣང་གི་བསམ་བློ་རེད། ང་ཚོའི་ལོ་རྒྱུས་ལ་ཕྱིར་མིག་ཞིག་བལྟས་ན། བོད་ཀྱི་ལོ་རྒྱུས་ཁྲོད་རླབས་ཆེན་མི་སྣ་དག་གིས་འཚོལ་སྙེགས་ཀྱི་ལམ་བུའམ་མི་ཚེའི་ལྟ་བ་སྟེ། སྤྲོ་སྣང་རྒྱུན་འཁྱོངས་བྱས་ལས་བྱུང་བ་ཏག་ཏག་རེད།
  དཔེར་ན། ངེས་དོན་གསོ་རིག་པ་གཡུ་ཐོག་ཡོན་ཏན་མགོན་པོ་ནི། ཆུང་བྱིས་པའི་དུས་ནས་ལྷན་སྐྱེས་ཀྱི་ཤེས་རབ་མེ་ལྟར་འབར་གྱིན་ཡོད་པ་རེད། ཁོང་ནར་སོན་མ་ཐག་རང་གིས་དགའ་ཕྱོགས་ལྟར། རྒྱ་ནག རྒྱ་གར། བོད་ཡུལ་སོགས་ཀྱི་ཡུལ་གྲུའི་རྩྭ་སྨན་སོགས་ལ་ཞིབ་འཇུག་བྱས་ཏེ་མཐར་ངེས་དོན་གསོ་བ་རིག་པའི་ཤིང་རྟའི་སྲོལ་ཕྱེས་ཤིང་གཞུང་ལུགས《རྒྱུད་བཞི》གསར་རྩོམ་གནང་བ་དང༌། ཁོང་གིས་ལག་ལེན་དང་ཉམས་མྱོང་མང་བོ་བརྒྱུད་དེ་འགྲོ་མའི་ནད་ཀྱི་སྡུག་བསྔལ་སེལ་བར་བྱས་པས། ཀུན་གྱིས་ཡ་གླིང་གི་གསོ་རིག་པ་ཞེས་བཀུར་ཅིང་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར། དེ་ལྟར་སྤྲོ་སྣང་རང་བཞིན་གྱི་བསམ་བློའི་ཐོག་ནས་བྱ་དངོས་གང་ལ་ཞིབ་འཇུག་བྱས་ན། དེ་ལ་འབྲས་བུ་གཡུར་དུ་ཟ་བ་ཞིག་ཡོད་པ་རེད།
  ཨེ་ཏི་ཧྲིན་གྱིས་གློག་སྒྲོན་གསར་བཏོད་གྱི་སྐབས་སུ་ཐེངས་སྟོང་ཚོ་ལྷག་ཅིག་ལ་ཕམ་ཁ་ཁུར་དགོས་བྱུང༌། ཡིན་ན་ཡང༌། ཁོང་གི་ཕམ་ཁ་དེ་དག་ནི་རྒྱལ་ཁའི་སྔོན་འགྲོ་དང༌། ཡང་ན་མི་ཚེའི་བརྒྱུད་རིམ་ཁྲོད་དུ་ཉམས་མྱོང་ཞིག་ལ་ངོས་འཛིན་བྱས་ཏེ། བློ་བརྟན་འགྱུར་མེད་གྱིས་རང་གི་མི་ཚེའི་ཕུགས་བསམ་གྱི་ལམ་བུ་དེ་མངོན་འགྱུར་བྱེད་ཐབས་ལ། ནུས་ཤུགས་ཡོད་དགུ་བཏོན་ནས་མཐར་ཁོང་གིས་རྒྱལ་ཁ་དང༌། གཟི་བརྗིད་ངང་གློག་སྒྲོན་གསར་བཏོད་བྱེད་ཐུབ་སོང༌། དེ་རྗེས་སུ། ཁོང་འཛམ་གླིང་ན་སྙན་གྲགས་ལྡན་པའི་གསར་བཏོད་པ་ཞིག་ཏུ་གྱུར། ཁོང་གིས་མུན་གླིང་འདིར་འོད་སྣང་གི་ཐོག་མའི་སྒོ་ཕྱེ་བ་ནས་བཟུང༌། འགྲོ་བ་མའི་རིགས་ལ་བདེ་སྐྱིད་ཀྱི་ཞིང་ས་བླ་ན་མེད་པ་ཞིག་བསྐྲུན་ཡོད་པ་སྨོས་ཅི་དགོས། རྗེས་སུ། ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་སྐབས། ངས་གློག་སྒྲོན་གསར་བཏོད་བྱེད་སྐབས་ཕམ་ཁ་སྟོང་ཚོ་ལྷག་ཞིག་ཁུར་མ་མྱོང༌། ཉམས་མྱོང་སྟོང་ཚོ་ལྷག་ཅིག་བརྒྱུད་མྱོང་ཟེར་ནས་ལན་བཏབ་སྐད། ཁོང་གི་མི་ཚེའི་བཤུལ་ལམ་རིང་མོའི་གྲུ་ཟུར་དེ་ནས། སྤྲོ་སྣང་གི་སྒུལ་ཤུགས་ནི་མདུན་བསྐྱོད་ཀྱི་ཐེམས་སྐས་དང༌། སྤྲོ་ངར་གྱི་རང་གཤིས་དེ་རླབས་ཆེན་གྱི་ལས་རོགས་ཤིག་ཡིན་པ་ང་ཚོས་ཤེས་དགོས་པ་མ་རེད་དམ།
                                  2
    མི་རང་གི་དགའ་ཕྱོགས་ལྟར་སློབ་སྦྱོང་བྱས་ན་ཡར་ཐོན་ཡོད་མེད་ལ་ཧེ་བག་ཆེན་པོ་ཡོད་དེ། རང་གིས་ཉམས་མྱོང་ཞིག་བཤད་ན། ང་རང་ཉིད་ཆུང་དུས་རི་མོ་བྲི་རྒྱུ་ཧ་ཅང་སྤྲོ་སྣང་ཅན་ཞིག་ཡིན། ཕྱུགས་འཚོ་རུ་འགྲོ་དུས་ལམ་བར་གྱི་རྡོ་གཡའ་ཤོག་གི་ངོས་སུ་རི་མོ་འདྲ་མི་འདྲ་བློས་བསླངས་བྱས་ནས་བྲི་མྱོང༌། རྗེས་སུ། རི་མོ་སྦྱང་རྒྱུའི་གོ་སྐབས་ཡག་པོ་ཞིག་རྙེད་སོང༌། དེ་ནས་དགེ་རྒན་གྱི་མདུན་ནས་རི་མོ་ལོ་གཉིས་གསུམ་ཞིག་ལ་འབད་བརྩོན་བྱས་ཏེ་སྦྱངས་པ་རེད། བདག་གིས་སྤྲོ་བ་བལྟས་པའི་སྒུལ་ཤུགས་དེས་རི་མོ་གང་བྲིས་ན་འབྲི་ཐུབ་ཅིང༌། དགེ་རྒན་གྱིས་ཀྱང་བསྔག་བརྗོད་གང་མང་བྱེད་མྱོང༌། རང་ལའང་རི་མོ་བྲི་རྒྱུར་མཁས་སྣང་གི་ང་རྒྱལ་གང་མང་སྐྱེས་མྱོང༌། ངས་རི་མོ་བྲི་རྒྱུ་བསྐྱུར་ནས་ལོ་ཡི་འཁོར་མོ་མང་ཙམ་སོང་ཟིན། ད་ལྟ་རི་མོ་བྲི་ལུགས་ཕལ་ཆེ་བ་ཞིག་བརྗེད་འགྲོ་གི་འདུག དུས་རྒྱུན་དུ་དེ་ལ་ཕངས་སེམས་ཤོར་གྱིན་ཡོད། དེ་རིང་ངས་རི་མོ་བསླབས་པའི་བརྒྱུད་རིམ་གླེང་དགོས་དོན། རང་ཉིད་གང་ལ་སྤྲོ་སྣང་ཡོད་ན་དེ་ལྟར་སློབ་སྦྱོང་བྱས་ན་འབྲས་བུ་ལེན་ཐུབ་པ། ཡང་ན་མི་རང་གིས་རང་གཤིས་ངོ་མ་དེ་གསོ་སྐྱོང་བྱེད་རྒྱུ་ནི་འཚོ་བའི་གྲུབ་ཆ་དང་མི་བུ་རྣལ་མ་ཞིག་ནར་སོན་པའི་གོ་རིམ་དང༌། མི་ཚེའི་བདེ་སྐྱིད་ཀྱི་འབྱུང་ཁུངས་སུའང་གྱུར་ཡོད།
  ཡང་གཅིག་བཤད་ན། དཔེ་ཆ་སྦྱང་དུས་སུའང་དཔེ་ཆ་གདམ་གསེས་བྱེད་རྒྱུ། རང་ཉིད་གཞུང་གང་ལ་སྤྲོ་སྣང་ཡོད་པ་ལྟར། སློབ་གཉེར་བྱས་ན་གྲུབ་འབྲས་མྱུར་དུ་ཐོན་པའི་ནུས་པ་ལྡན་ཡོད། བདག་ལ་མཚོན་ན་དབུ་ཚད་དང་ཕར་ཕྱིན་སྦྱང་རྒྱུར་ཧ་ཅང་དགའ་བོ་ཡོད། ཚད་མར་བལྟ་རྒྱུ་དེ་ལས་ཀྱང་གཙུག་ཏུ་འཛིན་མཁན་ཞིག་ཡིན། གཞུང་དེ་དག་རྒྱ་ཆེ་བོ་མི་ཤེས་ཀྱང་རང་གིས་ཅུང་ཟད་ཤེས་པ་དེ་ཚོ་སྤྲོ་སྣང་ཁོ་ནས་བསྐྲུན་པ་ཡིན། དཔེ་ཆར་སྤྲོ་སྣང་ཡོད་ན་དཔེ་ཆོས་དང་ཁ་འབྲལ་གཏན་ནས་མི་སྲིད་དེ། དཔེ་ཆར་དགའ་མཁན་ཚོ་དཔེ་ཆོས་དང་མཉམ་འགྲོ་མཉམ་འདུག་གི་འཚོ་བ་སྐྱེལ་བཞིན་ཡོད་པ་མངོན་སུམ་གྱིས་གྲུབ་ཡོད། བྱ་བ་ཅི་ཞིག་བསྒྲུབ་ན་དེ་ལ་སྤྲོ་སྣང་ཞིག་མེད་ན་རྒྱུན་འཁྱོངས་མི་ཐུབ་སྟེ། ང་ལ་གྲོགས་པོ་དཔེ་ཆ་བ་ཞིག་ཡོད། མཚམས་ཤིག་ནས་ཁོ་དཔེ་ཆར་ལྟ་རྒྱུ་སུན་སྣང་སྐྱེས་ཤིང་དཔེ་ཀློག་ལ་མི་སྤྲོ་བར་གྱུར་སོང༌། ད་ལྟ་ཁོ་དཔེ་ཆ་དང་ཁ་གཏན་དུ་བྲལ་ཞིང་རྒྱ་གྲོང་ཏག་ཏག་ཉུལ་ཏེ་མི་ཚེ་སྟོང་ཟད་བྱེད་བཞིན་འདུག དགོན་སྡེ་དག་གི་ནང་དུ་འདི་འདྲའི་རིགས་ཇེ་མང་དུ་འགྲོ་བཞིན་པ་དེ་ནི་དགོན་སྡེའི་དག་གི་འཚོ་གནས་ཀྱི་ཕམ་ཁ་རེད། སྣང་ཚུལ་འདིའི་སྟེང་ནས་འདང་རེ་བརྒྱབ་དུས། བོད་ཀྱི་དགོན་སྡེ་དག་གི་ནང་དུ་ཀུན་སྦྱོད་སློབ་གསོ་ཟེར་བ་ནི་རི་བོང་རའི་སྤུན་ཟླར་གྱུར་འདུག དེས་ན་སྟོང་ཆ་འདི་ཡོ་བསྲིངས་བྱས་ཏེ་དགོན་སྡེ་དག་གི་ནང་དུ་ཀུན་སྤྱོད་སློབ་གསོ་དྲིལ་བསྒྲགས་དང༌། ཡང་ན་ཀུན་སྤྱོད་སློབ་གསོའི་ཚན་ཆུང་རེ་བཙུགས་ན་ཕན་འབྲས་ཆེ་བར་སྙམ།
            3
   བརྡ་འཕྲིན་དུས་རབས་ཀྱི་ནང་དུ་མིའི་བསམ་བློའི་རྒྱུ་སྤུས་ཉིན་རེ་ལས་ཇེ་བཟང་ཇེ་མཐོར་འགྲོ་བཞིན་པ་དེའི་སྟབས་ཀྱིས། ད་སྐབས་བོད་ཀྱི་ཤེས་ཡོན་པའི་ཁྲོད་དུའང་ཀུན་སྤྱོད་བཟང་ངན་དང་མི་གཞི་ཡག་བཙོག་གི་ཚད་གཞིའི་སྟེང་ནས་བགྲོ་གླེང་བྱེད་གྱིན་ཡོད་པ་རེད། དེ་ནི་ང་ཚོ་དགའ་འོས་པའི་དོན་དག་ཅིག་རེད། མི་སྒེར་དང་མི་རིགས་ཀྱི་དར་རྒུད་དེ་མི་གཞིའམ་མི་གཤིས་ཡང་དག་ཅིག་གྲུབ་ཡོད་མེད་ཀྱི་སྟེང་ནས་འཇོག་གི་ཡོད་པ་རེད། སེམས་ཁམས་རིག་པའི་ཆེད་མཁས་ཚོས་བཤད་ན།“མི་ནར་སོན་པའི་གོ་རིམ་ནི་མི་ལ་ཀུན་སྤྱོད་དང་མི་གཤིས་ཆགས་པའི་གོ་རིམ་ཞིག་རེད། ’’ཅེས་གསུངས་པ་ལྟར་ཁྱོད་རང་ཉིད་ལ་མི་གཞི་སྤུས་གཙང་ཞིག་ཆགས་དགོས་ན་བྱིས་དུས་ཀྱི་དུས་ཚོད་དམ་འཛིན་བྱེད་རྒྱུ་གལ་ཆེ། ལོ་ཆེན་པོ་ཆགས་རྗེས་སུ་མི་གཤིས་ལ་འགྱུར་བ་གཏོང་རྒྱུ་དཀའ་སྟེ། ང་ཚོ་ལ་གྲོང་ཚིག་ལོབ་པ་ལྟ་བུ་ཡིན་པའི་ཕྱིར། སྤྱི་ཚོགས་སྟེང་གི་མི་སུ་ཞིག་ཡིན་རུང་མི་གཞི་དཔེ་ལེགས་དེ་མི་དེའི་མ་རྩ་རེད། འོ་ན། མི་གཤིས་ཡག་པོ་དེ་ཅི་ལྟ་བུ་ཞིག་ལ་ཟེར་ན། དཀྱེལ་ཡངས་ཀྱི་བློ་ཁོག་ཡོད་པ།བསམ་པ་དཀར་ཞིང༌།བདེན་པ་སྲུང་བ། རྒྱུ་དང་དབང་ཤུགས་ཆེ་ཆུང་ལ་མི་ལྟོས་པ།གནས་ལུགས་སྲོག་ཏུ་འཛིན་མཁན་གྱི་སྐྱེ་བུ་རུས་པ་ཅན་དེ་ཚོའི་གསེར་ལྟ་བུའི་མི་གཞི་ཞིག་ཆགས་རྒྱུ་ང་ཚོས་སློབ་སྦྱོང་གི་དམིགས་ཡུལ་མཐར་ཐུག་ཏུ་འཛིན་དགོས་སྙམ། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན།  མི་གཞི་འདི་འདྲ་ཞིག་མེད་ན་མི་མ་རེད། མི་བུ་ཆ་ཚང་ཞིག་ཏུ་ཁས་ལེན་ཐབས་ཡོད་པ་མ་རེད། དེས་ན་ང་ཚོས་ཀུན་སྤྱོད་སློབ་གསོ་གཙིགས་ཆེན་དུ་བཟུང་ནས་རང་ཉིད་མི་གཞི་སྤྱོད་ཡག་ཅན་ཞིག་ཏུ་འགྱུར་ཐབས་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེ་བར་མཐོང་།                                                                                                                                                                                                                                                                                                                                       
                                4
   དགོན་སྡེའི་གྲྭ་བཙུན་དག་གི་སྤྱིའི་སྤྱོད་པ་འདུལ་ཁྲིམས་དང་མཐུན་པ་ཞིག་བྱས་ན། ཀུན་སྤྱོད་གཙང་བས་གཞན་ལ་སྣང་བརྙན་ཡག་པོ་བསྐྲུན་ཐུབ་པ་རེད། སྤྱོད་པ་འདུལ་ཁྲིམས་དང་མཐུན་པའི་ནབ་ཟ་གྱོན་ལུགས་ནི་གྲྭ་ས་ཆེན་པོ་ཁག་ལ་མིག་དཔེ་བལྟས་ན་ཤིན་ཏུ་ལེགས་པར་སྙམ། དེ་མིན་གཟན་ཤམ་ནག་པོ་དང་སྟོད་འབོག་སེར་བོ། ཡང་ན་སྟོད་འབོག་ཁྲ་ཁྲ་དང་ཉི་ཞྭ། འགག་རང༌། ནང་ལ་གོང་བ་ཅན་དང༌། ཕུ་ཐུང་ཅན་སོགས་འདྲ་མིན་སྣ་ཚོགས་གྱོན་མཁན་དེ་ཚོའི་རིགས་ལ་སྤྱིའི་ཀུན་སྦྱོད་ཀྱི་ཚད་གཞི་ཞིག་འཇོག་དཀའ། སྤྱིའི་ཀུན་སྤྱོད་ཀྱི་སྟེང་ན་རང་ཚུགས་སམ་ཚད་གཞི་ཅི་ཡང་མེད་ན། ནང་བསམ་བློའི་ཀུན་སྤྱོད་ལའང་ཚད་གཞི་ཅི་ཡང་ཡོད་པ་མ་རེད། གལ་ཏེ་ཡོད་པའི་དབང་དུ་བཏང་ནའང་དེ་ནི་ཀུན་སྤྱོད་ཆ་མ་ཚང་བ་ཞིག་ཡིན་པ་ཁོ་བོས་མཐའ་གཅིག་ཏུ་སྨྲ་བར་འདོད།
  “སྤྱོད་པའི་བཀའ་བབས་དགེ་ལྡན་པ’’ཅེས་གསུངས་པ་ལྟར་བོད་ཀྱི་དགོན་སྡེ་ཡོངས་ཀྱི་གྲྭ་བཙུན་དག་གི་སྤྱིའི་སྤྱོད་པ་ནི། དགེ་ལུགས་པའི་གྲྭ་ས་ཆེན་པོ་ཁག་གིས་གཟན་ཤམ་གྱོན་ལུགས་དང༌། སྡོད་འགག་ནམ་ལུགས་ལྟར་ཆ་འགྲིག་ཅིག་ཡོང་ན་མཐོང་ན་མི་མཐུན་པ་མེད་པ། ཕྱིའི་ལྟ་སྣང་ལའང་ཚང་མ་ཡོན་ཏན་པ་ཞིག་ཡིན་པའི་སྣང་བརྙན་བསྐྲུན་ཐུབ། ད་དུང་སྤུས་ཚད་ཀྱི་ངོས་ནས་གླེང་ན་བརྗིད་ཉམས་ཤིག་ཡོད་པ་ཡང་མངོན་གསལ་དོད་པོ་རེད། གྲྭ་བཙུན་དག་གིས་གཟན་ཤམ་ཆ་འགྲིག་བྱེད་རྒྱུའི་སྲོལ་ལུགས་དེ། དགེ་ལུགས་པའི་དགོན་སྡེའི་ནང་གི་ལག་ཆ་ཡིན་པས་ང་ཚོས་དེ་བསྡུ་ལེན་བྱས་ན། བོད་ཀྱི་དགོན་སྡེ་ཧྲིལ་བོའི་གྲྭ་བཙུན་རྣམས་ཀྱི་སྤྱོད་པ་སྔར་ལས་ཡར་རྒྱས་སུ་སོང་བ་རེད་ཨང་།
   མང་བོ་ཞིག་གིས་སྐད་ཆ་འདི་དགེ་ལུགས་པའི་རྔ་མཇར་ཞིག་གིས་སྐད་ཆ་ཡིན་པས། རྙིང་མ་བས་རྙིང་མ་བའི་རང་ཚུགས། ས་སྐྱ་བས་ས་སྐྱ་བའི་རང་ཚུགས་སོགས་འཛིན་དགོས། སྤྱིའི་སྤྱོད་པའང་ང་ཚོ་དགེ་ལུགས་དང་བསྟུན་དགོས་དོན་གང་ཡང་མེད། གལ་ཏེ་བསྟུན་བཞག་ན་སོ་སོའི་ལ་རྒྱ་ཤོར་འགྲོ་ནི་རེད་ཟེར་མཁན་གང་མང་འདུག ཁོ་རང་གིས་སྤྱོད་པ“རྫོབ་རོ’’དེ་ལ་རྒྱ་ཞིག་ཡིན་ན་མ་གཏོགས། གནའ་བོའི་རྒྱ་གར་གྱི་དགེ་སྦྱོང་ཚོའི་གོས་སྒྲིག་གི་སྟེང་ནས་བལྟས་ན་ང་ཚོའི་དགོན་སྡེའི་གྲྭ་བཙུན་སྤྱིའི་གྱོན་པའང་གཅིག་གྱུར་ཅིག་ཡོང་ན་དེ་ནི་སྟོན་པ་རང་གི་ཆོས་འདུལ་དང་མཐུན་པ། ད་ལྟའི་དགོན་སྡེའི་དོ་དམ་སྒྲིག་གཞིའི་ངོས་ནས་ལག་ལེན་དུ་མ་བཏབ་ཐབས་མེད་ཀྱི་བྱ་འགུལ་ཞིག་ཡིན་པར་སེམས་སོ། །   
ཡང་གཅིག་བཤད་ན།
   ①ད་ལྟའི་དགོན་སྡེའི་ཁྲོད་ཀྱི་གྲྭ་བ་འགའ་རེས་འདྲ་ཆག་ཆག་མང་བོ་ཞིག་ལ་ཁ་གཡར་ཏེ།བདེ་སྨོན་དང་མནོལ་བསང་སོགས་ཀྱི་རྡུང་ལེན་བྱས་ནས་རང་ཉིད་གླུ་བ་ཞིག་དང༌། ཡང་ན་སྒྱུ་རྩལ་བ་ཞིག་གི་མཚན་སྙན་ལ་རེ་ནས། ནང་ཆོས་ཀྱི་རྡུང་ལེན་སྣ་ཚོགས་བྱེད་གྱིན་ཡོད་པའི་གྲྭ་བ་དེ་ཚོས་དོན་པར་ནང་བསྟན་རིག་གནས་ཀྱི་ངོ་གདོང་ལ་ཐལ་བ་བཏབ་སྟེ། བོད་ཀྱི་དགེ་འདུན་པའི་སྡེ་སྤྱིའི་སྣང་བརྙན་ལའང་ཆག་གྲུམ་བཟོ་བཞིན་ཡོད་པ། ང་ཚོས་ཤེས་རྒྱུ་ཧ་ཅང་གལ་ཆེ་བ་རེད། སྤྱོད་ངན་དེ་ཚོ་ཀུན་སྤྱོད་མ་རབས་ཀྱིས་བསྐྱེད་པའི་ཐོན་འབྲས་ཤིག་ཡིན་པ་སྨོས་ཅི་དགོས། ཡིན་ན་ཡང༌། ཡིག་རྨོངས་པ་དང་ཚོང་ལས་པ་ཁ་ཤས་ཀྱིས་དེ་ཚོར་སྨྱོ་གར་འཁྲབ་སའི་གར་སྟེགས་ཤིག་བསྐྲུན་དང་སྐྲུན་བཞིན་ཡོད་ནའང༌། སྤྱོད་ངན་དེ་རིགས་གཏན་འགོག་བྱེད་དགོས་ན་དང་བོ་དེ་ཚོའི་གར་སྟེགས་རྩ་མེད་བྱེད་དགོས་པར་སྙམ།
   “བོད་ཀྱི་དགེ་འདུན་པའི་སྡེ་སྤྱིའི་སྣང་བརྙན་ལ་ཆགས་གྲུམ་བཟོ་བཞིན་ཡོདཅེས’’པ་མི་བདེན་སྙམ་ན། ངས་ཁྱེད་ལ་ཞིག་བཤད་འདོད། བདག་གི་གྲོགས་པོ་ཞིག་ལ། རེབ་གོང་གི་དགེ་བཤེས་ཤིག་གིས་“ཁྱེད་ཚོའི་ཕ་ཡུལ་གྱི་གྲྭ་བ་རྣམས་ནི་གླུ་བ་ཏག་ཏག་ཡིན་ནི་ཨེ་རེད’’ཅེས་དྲི་བ་ཞིག་བཏོན་སོང་ཟེར། དྲི་བ་འདི་ནི་ང་ཚོ་ལ་སྤྱི་ཚོགས་ཀྱིས་བཞག་པའི་ཚད་ཐིག་ཅིག་མ་རེད་དམ། གྲྭ་བས་གླུ་གར་ཟེར་ལྡེར་ཕུད་ན་ཞབས་འདྲེན་ཡིན་པར་མ་ཟད། བདེ་སྨོན་སོགས་ཀྱིས་བརྡུང་ལེན་ཟེར་ལྡེར་དང༌། སྒྲ་ཐག་ཕུད་ན་དེས་ཀྱང་གྲྭ་བའི་སྤྱི་ཚོགས་ལ་ནག་ཐིག་ཕབ་ཀྱིན་ཡོད་པའི་སྣང་ཚུལ་དེ་འདྲའི་དཔེ་སྣ་ཚོགས་འགོད་རྒྱུ་ཡོད་ནའང་འདིར་དེ་ཙམ་གྱིས་འཐུས་པར་བྱས་པ་ཡིན།
ད་དུང་སྤྱི་ཚོགས་སྟེང་དུ་གྲྭ་བ་རྫུན་རྐྱལ། ཕྱི་འཇམ་ཁོག་རྩུབ། མགོ་གཡོག་དང་མགོ་སྐོར་གཏོང་བ། ཕྱོགས་ཞེན་དང་ཟུག་ངུ་ཅན། གཞན་ལ་ཕྱི་གཞོག་དང་གཉའ་གནོད་བྱེད་པ། གནོད་སེམས་ཀྱི་ཞྭ་མོ་བཟོ་བ། བསམ་བློ་གུ་དོག་ཅིང་གསར་བ་གླེང་ན་རྣམ་རྟོག་ཟ་བ། ཆོས་ལུགས་དང་མི་རིགས་ཁ་ལ་ཁྱེར་ནས་ཁོག་ཏུ་རང་དོན་རློམ་པ། ཚུལ་འཆོས་ཀྱི་གདོང་འབག་གྱོན་ནས་གཞན་ལ་སླུ་བྲིད་གཏོང་བ། མདོར་ན། རབ་བྱུང་གི་སྤྱི་ཚོགས་ཧྲིལ་བོའི་ཀུན་སྤྱོད་ངན་པ་འདི་ཚོ་བསྒྱུར་བཅོས་བཏང་སྟེ། ཀུན་སྤྱོད་སློབ་གསོ་གཙིག་ཆེན་དང་དམ་འཛིན་བྱེད་རྒྱུ་དེ་དགོན་སྡེའི་ལས་དབང་དང་འབྲེལ་བ་དམ་ཟབ་ཡོད་པ་དེའི་ཕྱིར། དགོན་དཔོན་དང་དགེ་བཤེས་ཚོ་ཀུན་སྤྱོད་སློབ་གསོའི་བླ་སྲོག་བཟོ་སྲུན་པ་ཞིག་བྱེད་རྒྱུ་གལ་ཆེ་བར་སྙམ།
                             5
   ད་ལྟའི་སྤྱི་ཚོགས་ནང་གི་ཀུན་སྤྱོད་ངན་པའི་ནག་ཉེས་ཤིག་བཤད་ན། ཉེ་བའི་ལོ་འགའི་སྔོན་དུ་མགོ་ལོག་དགའ་བདེ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་གྲྭ་བ་གཉིས་གྲོང་ཆོག་བརྡ་རུ་ཡོང༌། ཉིན་འགའི་རྗེས་སུ་དེ་སང་གི་ཁྱིམ་བདག་མ་མ་གཏོགས་ཚང་མ་བྱ་བའི་དོན་དུ་སོང་ནས་མེད་སྐབས་དེར། ཁྱིམ་བདག་མ་ཆུ་ལེན་དུ་སོང་རྗེས་སུ་གྲྭ་བ་གཉིས་ཀྱིས་དེ་བ་ཚང་ལ“མར་དོ’’ཆེན་པོ་ཞིག་ཡོད་པ་དེ་བརྐུས་ནས་བྲོས་སོང༌། ཁྱིམ་བདག་མིས་གོ་རྗེས་སུ་ཁྱིམ་རོགས་ཚང་ལ་སྐད་བརྒྱབ། ཁྱིམ་ཚེས་རྒན་པོས་རྗེས་གཅོད་དུ་བརྒྱུགས་ཏེ།  འཕྲུལ་རྟས་རླངས་འཁོར་ཞིག་ལ་བརྒྱབ་ནས་རྒད་ཕོ་བསད་པ་རེད།
   ཡང་གཅིག་བཤད་ན། ཐེ་ལན་རྒྱལ་ཁབ་ཏུ་ཡུལ་སྐོར་ལ་སོང་བའི་གྲོགས་པོ་ཞིག་གིས་བཤད་པ་ལྟར་ན། ཁོ་བོ་སུལ་ཚོང་ཁང་ཞིག་ཏུ་སོང་སྟེག“ཏེར་ཆུ’’ཞིག་ང་ལ་ཚོང་ཞེས་བཤད། ཚོང་བདག་གིས་ཁྱེད་ནི་གྲྭ་བ་ཡིན་པས་རིན་དགོས་ནི་མ་རེད་ཟེར་ནས་བདག་ལ་གཏེར་ཆུ་བྱིན་སོང༌། ཕྱིར་བཏང༌། རྒྱལ་ཁབ་དེར་གྲྭ་བ་ཞིག་ཡིན་དུས་བརྩི་བཀུར་ཧ་ཅང་ཆེ་ས་ཞིག་རེད་ཟེར། སྐད་ཆ་འདིའི་སྟེང་ནས་རྒྱལ་ཁབ་གཉིས་ཀྱི་གྲྭ་བའི་ཀུན་སྤྱོད་དང༌། མི་གཤིས་ལ་བར་སྟོང་ཆེན་པོ་ཞིག་ཤོར་ཡོད་པ་མཚོན་མེད་དམ། བོད་ཀྱི་གྲྭ་བ་ཚོས་ཀྱང་སྤྱི་ཚོགས་ལ་སྣང་བརྙན་ཡག་པོ་ཞིག་བསྐྲུན་རྒྱུ་དེ་གནད་འགག་གི་སྐབས་སུ་སླེབས་ཡོད་པ་རེད།   
   ཕྱིའི་རྒྱལ་ཁབ་ཏུ་ཚོང་བ་ཚོར་བྱིས་པ་རྣམས་ལ་དུད་ཆང་བཙོང་མི་ཆོག་རྒྱུའི་ཁྲིམས་ཡོད་པ་རེད། རྒྱལ་ཡོངས་མང་ཚོགས་ལ་ཁྲིམས་ཀྱི་འདུ་ཤེས་ཡོད་པ། སྤྱི་སེམས་ཆེ་བས་མྱི་སྒེར་གྱི་ཆེད་དུ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་གཏོར་བཤིགས་གཏོང་མཁན་ཉུང་ཉུང་རེད་ཟེར།
  རྒྱ་ནག་གི་ཁྲིམས་ཐོག་ནའང་དེ་ལྟར་གཏན་འབེབས་བྱས་ཡོད་ཀྱང༌། མང་ཚོགས་ལ་ཁྲིམས་ལུགས་ཀྱི་འདུ་ཤེས་མེད་པ་དང༌། མི་སྒེར་གྱི་ཁེ་ཕན་དང་ཧམ་སེམས་ཆེ་དྲགས་པས་བྱིས་པ་ཡིན་མིན་གྱི་ཁྱད་ཅི་ཡང་མེད་པར་དུད་ཆུང་བཙོང་གི་ཡོད་པ་མངོན་སུམ་རེད། གནས་ཚུལ་འདི་གཉིས་ཐོག་ནས། རྒྱལ་ཁབ་གཉིས་ཀྱི་ཀུན་སྤྱོད་བཟང་ངན་དང༌། མིའི་སྤུས་ཚད་དང་བསམ་བློའི་རྒྱང་ཁྱད་མཚོན་ཡོད་པ་དང༌། ད་དུང་རྒྱལ་ཁབ་གཉིས་ཀྱི་མི་གཤིས་དང་མི་རིགས་ཀྱི་ལ་རྒྱའང་མཚོན་ཐུབ་པ་རེད།
   1རྒྱུན་འདོན་གྱི་ཆོ་ག་དང༌། བསྟོད་སྨོན། གསོལ་དེབས་སོགས་གླུ་གར་གྱི་ཕུང་བོ་རུ་སྒྱུར་མཁན། སྒྲ་ཐག་སེར་ལྡེར་ཕུད་མཁན་གྱི་གྲྭ་བ་ཆལ་ཆོལ་ཆེས་མོད་ས་ནི་ཁམས་ཀྱི་གསེར་རྟ་ས་ཆ་དེ་རེད། ཁྱེད་གསེར་རྟའི་ས་ཆར་ཐོན་དུས་ཚོང་ཁང་དང༌། ཇ་ཁང་རྗོབ་རོ་དག་ལ་སོང་ནས་ཞིབ་འཇུག་གནོང་དང་དེ་ཚོའི་ནང་ན་མིག་གིས་མཐོང་རྒྱུ་ཡོད་ལ། རྣ་བས་ཚོར་རྒྱུའང་ཡོད། གྲྭ་བ་གླུ་བ་སུ་ཡིནའང་ཤེས་འདོད་མཁན་ཚོས་ཞིབ་འཇུག་གི་ལྟེ་གནས་ཤིག་ཏུ་གྱུར་ཡོད་པས་ཞིབ་འཇུག་བྱེད་རོགས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲོ་སྣང་དང་ཀུན་སྤྱོད།

2012-06-10 ཤེས་རབ་ཡེ་ཤེས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།