ངེད་ཚང་གི་ངོ་གདོང་།

ཀྱེ་ཕུར་མཆོག་གསུམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-24

                       ____རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སྐབས་གསུམ་པའི་འཛིན་བདག་ཚོགས་འདུའི་སྟེང་གི་གཏམ་བཤད་བསྡུས་པ།
  ༄༅།།གུས་པར་འོས་པའི་སློབ་གྲྭའི་འགོ་ཁྲིད་རྣམས་པ་དང་སྙིང་ཉེ་བའི་འཛིན་བདག་རྣམས་པ་ཕྱི་དྲོ་བདེ་ལེགས།
    ཐོག་མར་ཕྲན་ལ་རང་ཉིད་ཀྱི་བསམ་ཚུལ་དང་འདོད་མོས་ལྷུག་པོར་བརྗོད་པའི་གོ་སྐབས་འདི་བསྩལ་བའི་སློབ་གྲྭའི་འགོ་ཁྲིད་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན་ལ་ཚོགས་འདུ་འདི་རྩ་འཛུགས་བྱེད་མཁན་གྱི་སློབ་སྟོན་ཁང་གི་འགོ་ཁྲིད་དང་ལས་བཟོ་བ་ཡོངས་ལ་ཡང་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།
  སྤྱིར་ན་རང་ཉིད་ཀྱི་བྱ་བའི་ཉམས་མྱོང་དང་ཤེས་བྱའི་ཆུ་ཚད།གྲུབ་འབྲས་ཀྱི་ལྗིད་ཚད་གང་ལ་བལྟས་ཀྱང་ཁྱེད་ཅག་གི་སྐུ་མདུན་ནས་གཏམ་བཤད་བྱེད་པའི་ཆ་རྐྱེན་གང་ཡང་ཡོད་མི་སྲིད་ཀྱང་།ཡང་རང་ཉིད་ཀྱིས་སློབ་གསོའི་ལས་རྐང་འདི་རྡོག་པས་མནན་པའི་ལོ་ངོ་ལྔའི་རིང་ལ་འཛིན་བདག་ཅེས་པའི་ཐ་སྙད་ལྕི་མོ་འདི་ཕྲག་ལ་ནན་གྱིས་ཁུར་པ་ཡིན།ལོ་ངོ་ལྔ་ཡི་དཀའ་སྤྱད་དང་འབད་བརྩོན་གྱི་ཀློང་ན།ལོ་ངོ་ལྔ་ཡི་རྔུལ་ཆུ་དང་ཟུངས་ཁྲག་གི་ཁྲོད་ན།ལོ་ངོ་ལྔ་ཡི་སེམས་ཁྲལ་དང་དགའ་སྐྱོ་ཡི་མུ་རུ།བདག་གིས་གྲུབ་འབྲས་ཞེས་པའི་ཆེན་པོ་ཞིག་བླངས་མ་སོང་། རྒྱལ་ཁ་ཞེས་པའི་རྡོག་རྡོག་ཅིག་ཀྱང་ཐོབ་མ་མྱོང་།ལྷག་པར་དུ་ཉམས་མྱོང་ཞེས་པའི་རི་བོ་ཞིག་ཀྱང་འཕགས་མ་མྱོང་།དེ་ནི་རང་གི་གྱོང་གུད་རེད། དེ་ནི་རང་གི་ཞན་ཆ་རེད། དེ་ནི་རང་གི་ངོ་ཚ་རེད། ཡིན་ཡང་། དེ་རིང་འགོ་ཁྲིད་རྣམ་པས་ཚགས་བཙུགས་ཏེ་དགེ་གྲོགས་རྣམ་ཀྱིས་རེ་བྱས་པ་ཡིན་ན་ངས་རང་ཉིད་ཀྱི་ཆེ་བ་མི་བརྗོད།རང་ཉིད་ཀྱི་གྲུབ་འབྲས་ཀྱང་མི་གླེང་།རང་ཉིད་ཀྱི་ངོ་སོ་མི་བསྟོད།རྒྱུ་མཚན་ང་ལ་བརྗོད་ཆོག་པའི་གྲུབ་འབྲས་དང་ངོ་སོ།ཆེ་བ་སོགས་ཅི་ཡང་མེད་པས་ཡིན།དེ་རིང་ངས་ལོ་ངོ་ལྔ་ཡི་རིང་བདག་ལ་ཐོབ་པའི་སེམས་ཀྱི་ཚོར་བ་དང་མིག་གི་མཐོང་བའི་སློབ་གསོའི་གྱོང་གུད་ཁ་ཤས་བརྗོད་འདོད་པ་ཡིན།  དགོངས་
འགལ་མེད་པར་མཁྱེན།
  སྤྱིར་ན་དུས་ཀྱི་གོམ་འགྲོས་དང་འཚོ་བའི་རྩུབ་བརྡར།སྤྱི་ཚོགས་ཀྱི་གནོན་ཤུགས་དང།སེམས་ཀྱི་ཁོད་རྒྱ་གང་ལ་བལྟས་ཀྱང་ང་ཚོར་སློབ་སྦྱོང་གི་མཁའ་དབུགས་ལེགས་པོ་ཞིག་དང་གྲུབ་འབྲས་ཀྱི་མེ་ཏོག་མོད་པོ་ཞིག་བཞད་ན་འགྲིག་ཀྱང་།ང་ཚོ་དེ་ལས་ལྡོག་སྟེ་ཉམས་རྒུད་ཅིག་གི་གཡང་ལ་ལྷུང་གིན་འདུགགོད་ཆག་ཅིག་གི་མཚོ་ལ་ལྕེབས་ཀྱིན་འདུགསློབ་གྲྭ་ནི་ཐུན་མོང་གི་ཚོགས་པ་ཤིག་གམ་ཐུན་མོང་གི་རྩ་འཛུགས་ཤིག་ལས་གྲུབ་པའི་ཐུན་མོང་གི་ཁོར་ཡུག་ཅིག་རེད།དེར་ཐུན་མོང་མ་ཡིན་པའི་སློབ་གསོ་གཉེར་སྟངས་ཤིག་དང་ཐུན་མོང་མ་ཡིན་པའི་རྩ་འཛུགས་བྱེད་སྟངས་ཤིག་ཡོད་དགོས་ལ།ཐུན་མོང་མ་ཡིན་པའི་སྤྱི་ཁྲིམས་ཤིག་དང་ཐུན་མོང་མ་ཡིན་པའི་མཁའ་དབུགས་གསར་བ་ཞིག་ཀྱང་ཆགས་ན་འགྲིག་ཨང་། ང་ཚོར་རྩ་འཛུགས་དང་འཆར་གཞི་ཐག་གཅོད་སོགས་ཅི་ཡང་མེད་པར་གཞན་གྱི་ཟེར་སྒྲོས་ལ་རྣ་བ་ཅེར་ཏེ་གཞན་གྱི་བཀོད་འདོམས་ལ་ལེགས་སོ་ཞུ་དགོས་ཚེ་ང་ཚོ་ལངས་ཕྱོགས་མེད་པའི་ཚོགས་པ་ཞིག་རེད།ལངས་ཕྱོགས་མེད་པའི་ཚོགས་པ་ཞིག་ལ་ལངས་ཕྱོགས་མེད་པའི་འབྲས་བུ་ཞིག་དང་།གྲ་སྒྲིག་མེད་པའི་འགྲུལ་བཞུད་ཅིག་ལ་གྲ་སྒྲིག་མེད་པའི་མཇུག་འབྲས་ཤིག་ལས་ཅི་ཞིག་ཐོབ་འོས།ང་ཚོ་ཐུན་མོང་གི་སེམས་འདུན་རང་ཉིད་ཀྱི་སློབ་གྲྭ་འདི་དང་རང་ཉིད་ཀྱི་ལས་གནས་འདི།རང་ཉིད་ཀྱི་འཛིན་གྲྭ་འདི་དང་རང་ཉིད་ཀྱི་སློབ་ཕྲུག་འདི་ཚོ་ཡ་རབས་གུས་ཞབས་ལྡན་པ་དང་འཇོན་ཐང་ཆེ་བའི་མི་སྣ་རེ་རེར་བསྐྱེད་བསྲིང་བྱེད་ཐུབ་ན་སྙམ་པའི་འདོད་ཚུལ་སུ་ལའང་ཡོད་སྲིད་ཀྱང་།ཡིན་ཡང་ང་ཚོའི་རེ་འདུན་གྱི་ཞིང་ས་ལ་ཕུགས་བསམ་གྱི་ལྗང་ལོ་འཁྲུངས་ཀྱིན་ཨེ་ཡོད།ང་ཚོའི་སེམས་ཁོང་གི་འཆར་གཞི་དོན་དངོས་ཀྱི་གནད་དུ་སྨིན་གྱིན་ཨེ་ཡོད།ང་ཚོའི་རེ་བཞག་གི་བུད་ཤིང་ལ་རོགས་བསྐྱོར་གྱི་མེ་སོན་ཐོབ་ཀྱིན་ཨེ་ཡོད།ང་ཚོའི་སློབ་གྲྭ་ལ་མཚོན་ན་ཕྱི་ཡི་ཁོར་ཡུག་བརྗིད་པོ་ཞིག་དང་ནང་གི་སློབ་མའི་ཁ་གྲངས་མོད་པོ་ཞིག་ལས་ཅི་ཞིག་ཡོད།དོན་དངོས་སུ་ང་ཚོས་ཅི་ཞིག་བླངས་མྱོང་།གང་ཞིག་འགྲུབ་སོང་།ཅི་ཞིག་ངོམ་ཆོགང་ཚོར་ཅི་ཡང་མི་འདུགང་ཚོས་འཁར་ར་མོད་པོ་ཞིག་དང་ལས་བདའ་ཐན་ཐུན་ཞིག་ལས་ཅི་ཞིག་ཐོས་མྱོང་།ང་ཚོའི་སྐར་འབྲས་ངན་ངོན་ཞིག་དང་སྒྲིག་ལམ་ཆད་ཆོད་ཅིག་ལས་ཅི་ཡང་བླངས་མ་མྱོང་།འདི་ནི་ང་ཚོ་རེད།ང་ཚོའི་སློབ་གྲྭ་རེད།ང་ཚོའི་སློབ་གསོ་རེད།“སྡོང་བོ་གསོ་སྐྱོང་བྱེད་པར་ལོ་བཅུ་དགོས།མི་སྣ་གསོ་སྐྱོང་བྱེད་པར་ལོ་བརྒྱ་དགོས”ཞེས་པའི་གནས་ལུགས་དེ་ཡང་དག་ཡིན་ན།སློབ་གསོ་ནི་འགྲོ་ཞོར་འདུག་ཞོར་དང་རྩེ་ཞོར་དགོད་ཞོར་གྱིས་འགྲུབ་འགྲོ་བ་ཞིག་ཨེ་ཡིན་ནམ།སློབ་གསོ་ནི་ཁ་བཤད་སྟོང་བ་དང་ལག་ལེན་སྟོང་བས་འགྲུབ་འགྲོ་བ་ཞིག་ཀྱང་ཨེ་ཡིན་ནམ།སློབ་གསོ་ནི་ཇ་ཁ་ཆང་ཁ་དང་ཁ་ཕོ་ཁོ་ནས་འགྲུབ་འགྲོ་བ་ཞིག་ཨེ་ཡིན་ནམ།ང་ཚོ་འབྱོར་བས་དབུལ་ཆོགདབང་གིས་སྟོང་ཆོགརྩེ་དགོད་ཆད་ཆོགནམ་ཡང་འདོར་དུ་མི་རུང་བ་ནི་སློབ་གསོ་མ་ཡིན་ནམ།ཅིས་ཀྱང་འབད་པས་བསྒྲུབ་དགོས་པའང་སློབ་གསོ་མ་ཡིན་ནམ།ང་ཚོར་བསླབ་དེབ་རྐྱང་རྐྱང་ལས་སློབ་སྦྱོང་གི་མཁོ་ཆས་མེད།སློབ་ཐུན་རྐྱང་རྐྱང་ལས་ཐུན་མོང་གི་བྱ་འགུལ་མེད།སློབ་ཁང་ནས་ཉལ་ཁང་དང་ཉལ་ཁང་ནས་ཟ་ཁང་བར་གྱི་བསྐྱར་ཟློས་ཀྱི་གོ་རིམ་རེ་རེས་སློབ་མའི་ཡིད་ལ་སུན་སྣང་གི་རྭ་ཅོ་སྐྱེས་བཞིན་འདུག  སློབ་མ་སྟོང་གཉིས་ཀྱིས་འཚང་ཁ་རྒྱག་སའི་སྤོ་ལོའི་ར་བ་ཆུང་ངུ་དེའི་ཆེད་དུ་སློབ་མ་ཚོས་ཁ་འཛིང་དང་ལག་འཛིང་བྱེད་ཀྱིན་འདུགམཛའ་བརྩེ་དང་དུངས་པ་དོར་གྱིན་འདུག དོན་དངོས་སུ་སློབ་མ་ཚོར་འདི་ལས་ལྷག་པའི་བཀོལ་ཆོག་ཆོག་གི་སློབ་སྦྱོང་གི་ཁོར་ཡུག་ཅི་ཞིག་ཡོད།གཡེང་ཆོག་ཆོག་གི་སེམས་ཀྱི་རྩེད་ར་དུ་ཙམ་ཡོད།སློབ་མ་ཚོས་ནམ་རྒྱུན་དཔེ་དེབ་མཆན་ལ་བཙུར་ཏེ་ཧ་ཅང་ཁོམ་དྲགས་པའི་སྣང་ཚུལ་དང་། སེམས་པ་ཁོང་ལ་ཆུད་དེ་ཤིན་ཏུ་ཐང་ཆད་པའི་ཉམས་སྣང་དེར་ང་ཚོ་འཛིན་བདག་ཚོས་ཅིས་ཀྱང་བསམ་གཞིག་བྱ་དགོས་པའི་གནད་དོན་ཁ་ཤས་མ་ཡིན་ནམ།བསམ་གཞིག་ལས་ཐོབ་པའི་མྱོང་སྣང་དེ་སློབ་གྲྭའི་འགོ་ཁྲིད་ལ་སྙན་སེང་ཞུ་དགོས་པའང་ང་ཚོའི་འོས་འགན་རེད།མཚམས་འདི་ངས་སློབ་མར་ངེས་མཁོ་བའི་ཕྱོགས་འགའ་ཤས་ཀྱི་ཐད་ནས་རེ་བ་ཞིག་ཞུ་འདོད།འདི་ནི་འཛིན་བདག་གི་ལས་འགན་དང་ཐད་ཀར་འབྲེལ་མེད་ཀྱང་སྲིད་ལ།འཛིན་བདག་གི་བྱ་བ་ནི་སློབ་གྲྭ་སྤྱིའི་བྱ་བ་དང་ཐད་ཀར་འབྲེལ་འདུག་པ་མ་ཡིན་ནམ།ཐེངས་སྔོན་མར་བཤད་ཟིན་པ་ད་ལོ་ཡང་བསྐར་བསྐྱར་ཟློས་མི་བྱེད།
  གཅིག བྱ་འགུལ་སྣ་ཚོགས་སྤེལ་ཏེ་སློབ་མའི་སེམས་ཁམས་གསོ་བ།
  བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་ནི་སློབ་གྲྭ་ཞིག་ལ་ནམ་ཡང་མེད་དུ་མི་རུང་བའི་མཁའ་དབུགས་གསར་བ་ཞིག་རེད།མཁའ་དབུགས་དེས་སློབ་མའི་སུན་སྣང་གི་སེམས་ཁམས་གསོ་ཐུབ་ལ།ཆད་སྣང་གི་ཁུར་བོ་ཡང་ཕོག་ཐུབ།ཡང་ན་སློབ་མ་སློབ་གྲྭ་ལ་དགའ་བས་འཇུག་པ་དང་།སློབ་སྦྱོང་ལ་སྤྲོ་བས་ཞུགས་པའི་སེམས་ཁམས་བསྐྱེད་ཐུབ།“དགའ་གཅེས་ནི་ཆེས་བཟང་བའི་སློབ་གསོ་དང་དགའ་གཅེས་ཀྱིས་བྱིས་པའི་རང་གཤིས་དང་སྤྱོད་སྟངས་བསྒྱུར་སྲིད་ལ།དགའ་གཅེས་ཀྱིས་མི་ཞིག་གི་མི་ཚེ་གང་བོའང་བསྒྱུར་སྲིད་པ་ཡིན”དེ་བས་ང་ཚོས་ལུས་རྩལ་བྱ་འགུལ་སྤེལ་ཏེ་སློབ་མའི་ལུས་པོ་བདེ་ཐང་གི་རྨང་གཞི་སྐྲུན་ཆོག ཤེས་རིག་འགྲན་བསྡུར་བྱས་ཏེ་སློབ་མའི་བློ་རིག་ལ་མེ་ཁ་གསོས་ཆོག གཏམ་བཤད་འགྲན་བསྡུར་བྱས་ཏེ་སློབ་མའི་སྨྲ་ལྕེ་ལ་མེ་ལྕེ་སྒྲོན་ཆོགགནའ་གཏམ་འགྲན་བསྡུར་བྱས་ཏེ་མེས་པོའི་འཚོ་བ་ལ་ཕྱིར་དྲན་བྱས་ཆོགགླིང་སྒྲུང་འགྲན་བསྡུར་བྱས་ཏེ་གེ་སར་རིག་གནས་ལ་བག་ཆགས་བཞག་ཆོགགླུ་གཞས་འགྲན་སྡུར་བྱས་ཏེ་དུས་ཀྱི་གོམ་སྒྲ་ལ་རྣ་བས་ཉན་ཆོགམདོར་ན་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་སྔོག་འདོན་དང་སློབ་མའི་སྤོབས་པ་དང་སྙིང་སྟོབས།སྨྲ་ལྕེ་སོགས་ཕྱོགས་སྒོ་མོ་ནས་སྦྱོར་བརྡར་བྱས་ཆོགསློབ་མ་འཇོན་ཐང་ཅན་དང་ཤེས་ཡོན་ཅན།སྒེར་ཚུགས་ཅན་དང་ཁ་ཕྱོགས་པའི་གོ་སྐབས་ཀྱང་སྐྲུན་ཆོག  བྱ་འགུལ་དང་འགྲན་སྡུར་གྱི་གོ་རིམ་རེ་རེ་ནི་སློབ་མ་ལ་མཚོན་ན་རང་ཉིད་ཀྱི་བློ་རིག་ལ་གཤོག་པ་རྒྱས་པ་དང་།སྒྱིད་ལུག་ལ་དྲན་སྐུལ་བྱེད་པའི་ལྕག་ཚན་རེ་རེ་ཡིན་ངེས།རང་གི་ངན་གཤིས་དང་བག་འཁུམ་བཀྲུ་བའི་གདམས་ངག་གི་བདུད་རྩི་རེ་རེ་ཡིན་ངེས།རང་ཉིད་ཀྱིས་བསྟན་བཅོས་ཆེན་མོ་ཞིག་ཀློག་པ་དང་འདྲ་བའི་ཕན་ཡོན་དང་སྤྲོ་སྣང་རེ་རེ་ཡིན་ངེས།ནམ་རྒྱུན་སློབ་མ་སློབ་ཁང་ལ་བཅུག་སྟེ་ལྟ་འདོད་མེད་པའི་བསླབ་དེབ་བཙན་གྱིས་ངོར་སྦྱར་བ་ནི་ཨུ་ཚུགས་རེད།ཨུ་ཚུགས་ནི་གཡག་སྣ་ཁུ་ཚུར་གྱིས་ཕུག་པའི་དཔེ་ལྟར་ངལ་བ་འབྲས་མེད་དུ་གྱུར་འགྲོ་བས་སློབ་མར་དཔེ་ཀློག་གི་ཁོར་ཡུག་དང་།རང་དབང་གི་བར་སྟོང་སྟེ་སློབ་མའི་བསམ་བློ་ཡན་སའི་ཁོར་ཡུག་ཅིག་ངེས་པར་ཡོད་དགོས།མདོར་ན་སློབ་སྐབས་རེ་རེ་བཞིན་སློབ་གྲྭའི་ཅུང་ཚད་ ལྡན་རང་བཞིན་གྱི་ལུས་རྩལ་བྱ་འགུལ་སྤེལ་བ་དང་།སློབ་མར་དྲན་སྐུལ་དང་དགའ་མོས་ངོམ་ཆོག་ཆོག་གི་ཤེས་རིག་གི་བྱ་འགུལ་འགའ་ཤས་སྤེལ་ནས་སློབ་མའི་སུན་སྣང་འགོག་པ་དང་སྤྲོ་བ་སློང་རྒྱུ་ནི་གནད་དུ་ཆེ།
  གཉིས།སློབ་མའི་གྲུབ་འབྲས་དང་རང་ནུས་འདོན་སའི་གར་སྟེགས་སྐྲུན་དགོས།
སློབ་གྲྭ་རུ་སློབ་མའི་རྒྱང་བསྒྲགས་ཚན་ཆུང་དང་རྩོམ་སྒྲིག་ཚན་ཆུང་སོགས་བཙུགས་ཏེ་སློབ་མའི་སྦྱངས་རྩོམ་ལེགས་པོ་དང་ཡང་ན་མི་བཟང་དོན་བཟང་སྒྲུབ་མཁན་གྱི་སློབ་མ་དང་།གསུམ་བཟང་སློབ་མ།སློབ་སྦྱོང་ལ་ཡར་ཐོན་ཡོད་པའི་སློབ་མ་དང་དགེ་བཀུར་སློབ་གཅེས་ཀྱི་སློབ་མ་སོགས་རྒྱང་བསྒྲགས་ནས་བསྒྲགས་པ་དང་དུས་དེབ་དང་ཚགས་པར་དུ་བཀོད་ནས་གཟེངས་བསྟོད་ཀྱི་བྱ་དགའ་གནང་བ་སོགས་བྱས་ཏེ་ཅི་ཐུབ་ཀྱིས་སློབ་མའི་བློ་ཁ་ཤེས་རིག་ལ་སྐུལ་ན་ལེགས་པར་སྙམ་ལ།ལྷག་པར་དུ་འདི་དང་འདི་ལྟ་བུའི་ཐབས་ལམ་སྣ་མང་སྤྱད་དེ་སློབ་མའི་སེམས་ཁམས་ནང་ལ་བསྐོར་ཅི་ཐུབ་བྱས་ནས་སློབ་མའི་དགའ་ཕྱོགས་སྣ་མང་བསྐྱེད་བསྲིང་དང་།རང་ཉིད་ཀྱི་སྟེང་གི་འཇོན་ནུས་ཆུང་ངུ་ཡིན་ཡང་རང་དགར་མངོན་ཆོག་པའི་མཁའ་དབུགས་གསར་བ་རེ་སྐྲུན་ཚེ་ཁོམ་དྲགས་པའམ་ཆད་དྲགས་པའི་དབང་གི་ཕྱི་ལ་འབྲོ་བ།གཉིད་ལ་ཤོར་བ།ནང་ལ་འཛིང་བའི་ཐ་ཤལ་གྱི་བྱ་སྤྱོད་ཇེ་ཉུང་དུ་ཕྱིན་ནས་དགེ་རྒན་གྱི་སེམས་ཁྲལ་ལྷག་མ་དང་ཁུར་བོ་ལྕི་མོ་ཡང་ཇེ་ཡང་ལ་བུད་ཨེ་འགྲོ་སྙམ།དེ་ལྟར་སོང་ན་ང་ཚོ་ཡང་ནམ་རྒྱུན་གྱི་སྡུག་སྨོས་ཐན་ཐུན་ལས་བརྒལ་ཏེ་དགའ་སྐྱིད་ཀྱི་ཁོར་ཡུག་ཅིག་ལ་དལ་གྱིས་སླེབས་ཐུབ་པ་མ་ཡིན་ནམ།ཁོར་ཡུག་དེ་ནི་ང་ཚོས་སྐྲུན་ཆོགཁོར་ཡུག་དེ་ནི་ང་ཚོས་བཙལ་ཆོགསློབ་མའི་ནུས་པ་ནི་གཏེར་ཁ་དང་འདྲ་བར་སྔོག་ཆོགསློབ་མའི་སེམས་ཁམས་ཀྱང་རྩམ་འཆང་དང་འདྲ་བར་བཅོས་ཆོགདེ་ཡང་གོང་རིམ་གྱི་སྣེ་ཁྲིད་དང་ཇུས་འགོད་མེད་པར།འགོ་ཁྲིད་ཀྱི་ཆོག་མཆན་དང་འགྲོ་སོང་མེད་པར་སླ་མོར་བཅའ་ཐུབ་པ་ཞིག་དང་སུས་ཀྱང་སྔོག་ཆོག་པ་ཞིག་གཏན་ནས་མ་རེད། སློབ་གཙོ་ཡོད་ཡོད་འདྲ་ལ་མེད་མེད་འདྲ་བའི་ངེད་ཚང་གི་སློབ་གྲྭ་འདི།སྒྲིག་ལམ་ཡོད་ཡོད་འདྲ་ལ་མེད་མེད་འདྲ་བའི་ངེད་ཚང་གི་ཚོགས་པ་འདི།གཞན་གྱི་གྲལ་མཐར་ལྷུང་ཞིང་མཆིལ་ཞགས་འཕེན་སའི་ངེད་ཚང་གི་གྲུབ་འབྲས་འདི།རེ་རེ་བཞིན་བསམ་ན།ང་ཚོར་སློབ་གསོ་གཙུག་ཏུ་འཛིན་ཞིང་སློབ་གསོའི་གལ་ཆེན་ཤེས་པའི་དཔྱོད་ལྡན་གྱི་སློབ་གཙོ་ཞིག་ཅི་འདྲའི་མཁོ་ཨང་།སེམས་ཐག་རྦད་ཀྱིས་ཆོད་ཅིང་སྒྲིག་ཁྲིམས་ནན་མོར་སྡོམ་པའི་སློབ་གཙོ་ཞིག་ཅི་འདྲའི་མཁོ་ཨང་།དགེ་རྒན་གྱི་སྐྱིད་སྡུག་ཤེས་ཤིང་སློབ་ཕྲུག་ཚོའི་འབྱུང་འགྱུར་བསམ་པའི་སློབ་གཙོ་ཞིག་ཅི་འདྲའི་མཁོ་ཨང་།
  གསུམ། སློབ་རའི་མཐུན་སྒྲིལ་གྱི་གསེར་ཟམ་དམ་དུ་སྦྲེལ་དགོས།
  ང་ཚོའི་སློབ་གྲྭ་ལ་མཚོན་ན་དགེ་རྒན་ཕན་ཚུན་ལ་མཛའ་བརྩེ་མེད་པ།དགེ་རྒན་དང་སློབ་མའི་འབྲེལ་ཐག་ཇེ་རིང་ལ་འགྲོ་བཞིན་པའི་སྣང་བ་ཞིག་འདུག་ལ།འདི་ཡང་མེ་མེད་པར་དུ་བ་གང་ནས་ཡོང་།གངས་མ་ཞུས་ཆུ་མོ་ཇི་ལྟར་རྒྱས།དེ་ཡང་སློབ་གྲྭར་དགེ་རྒན་ཐུན་མོང་གི་མཛའ་སེམས་སྦྲེལ་སའི་ལས་གནས་མེད་པས་རེད།དགེ་རྒན་ཐུན་མོང་གི་སྐྱིད་སྡུག་གླེང་བ་དང་།ཉམས་མྱོང་བརྗེ་བའི་ཁོར་ཡུག་མེད་པས་རེད།དགེ་རྒན་དང་སློབ་མ་ཐུན་མོང་གི་ལོངས་སུ་སྤྱད་ཆོག་པའི་བྱ་འགུལ་ཅི་ཡང་མེད་པས་རེད།ང་ཚོ་ཡང་མཐུན་སྒྲིལ་གྱི་གོང་བུ་ལོག་ལོག་ཞིག་བྱས་ཏེ།ཆོད་སེམས་ཀྱི་ཨ་ལོང་སྒོར་སྒོར་ཞིག་ ཡིན་ན།ང་ཚོའི་གྲུབ་འབྲས་ཀྱང་ཡར་རྒྱས་མི་འགྲོ་ག་ལ་སྲིད།ང་ཚོའི་ཁ་ཕྱོགས་ཀྱང་དུས་དང་མི་མཐུན་གང་ནས་འདུག ང་ཚོའི་མྱི་ཁ་ཡང་རང་སར་མི་ཞུ་ཇི་ལྟར་གནས།   འདི་ཡོད་ཚད་སློབ་གྲྭའི་འགོ་ཁྲིད་དང་འཛིན་བདགཁྲིད་ཚན་གྱི་དགེ་རྒན་སོ་སོས་ལག་པ་བྲང་ཁར་བཞག་སྟེ།འདང་རྒྱག་དགོས་པའི་གནད་དོན་ཞིག་མ་ཡིན་ནམ།གནད་དོན་དེར་གྲོས་གཞི་བཏོན་ཆོག བསམ་གཞིག་ཀྱང་བྱས་ཆོག རྔུལ་ཆུ་བཏོན་ཆོག གཉིད་ཀྱང་བཅག་ཆོགཡིན་ན་ཡང་རྒྱུན་སྐྱོང་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད་དགོས།མཇུག་བསྡུ་ཐུབ་པའི་སྙིང་རུས་ཆེན་པོ་ལྡན་དགོས།ཞེ་བསམ་པའི་ལྷག་བསམ་རྣམ་དག་ཅིག་ཀྱང་ཡོད་དགོས་ཤིང་། དེར་ལྟར། གཅིག་རོགས་གཅིག་གིས་ཀྱིས་ཏེ། གཅིག་སེམས་གཅིག་གིས་གསོ་དགོས་ལ།འགོ་ཁྲིད་དང་དགེ་རྒན།དགེ་རྒན་དང་སློབ་མ་རེ་རེ་བཞིན་དམ་དུ་འབྲེལ་དགོས།ང་ཚོ་ཡུལ་རྨ་ཆུའི་རེ་ལྟོས་དང་དམིགས་ཡུལ་ཡིན་པ་བརྗེད་མི་རུང་ལ།མི་རིགས་ཤིག་དང་ས་གནས་ཤིག་གི་འབྱུང་འགྱུར་ཡིན་པ་ཡང་བརྗེད་ག་ལ་རུང་།འབྲོག་ཐང་གི་སྦྲ་ཁྱིམ་རེ་རེ་ན་མིག་ཟུང་བུ་ལ་འཁོར་ཞིང་རེ་བ་བུ་ལ་ཕྱོགས་པའི་རྒས་འཁོགས་ཀྱི་ཕ་མ་གཉོམ་ཆུང་ཚོ།ལེགས་ཉེས་ཀྱི་བླང་དོར་ནོར་ཞིང་བདེན་རྫུན་ལ་མགོ་བོ་རྨོངས་པའི་འབྲོག་ཕྲུག་གླེན་པ་ཚོ།རང་སྣང་གི་མགོ་བོ་རྒྱས་ཤིང་འཁྲུལ་སྣང་ལ་སེམས་པ་ཕྱོགས་པའི་སློབ་ཕྲུག་པྲ་ཚགས་ཚོ།བསམ་གཞིག་གི་འབེན་ནས་མ་འདོར་ངའི་སྙིང་ཉེ་ཚོ།གཅེས་སེམས་ཀྱི་རྒྱུད་ནས་མ་འབོར་ངའི་ལས་གྲོགས་ཚོ།ལས་འགན་གྱི་གཞི་ལས་མ་གཡུག་ངའི་འགོ་ཁྲིད་ཚོ།མདོར་ན།འདི་ནི་སྨྱོན་པའི་ཁ་ཡི་ཀི་ཅོ་ཞིག་ཡིན་ཆོག་ལ།རྒན་མོའི་ངག་གི་ལབ་བརྡོལ་ཞིག་ཡིན་ཡང་ཆོགགང་ལྟར་གཏམ་བདེན་པར་སོང་ན་ཐུགས་ལ་ཞོག གཏམ་འཁྲུལ་བར་སོང་ན་བཟོད་པར་སྒོམ།
  མཇུག་མཐར།རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དགེ་སློབ་ཡོངས་ཀྱི་མཐུན་སྒྲིལ་གྱི་གོང་བུ་གཅིག་གྱུར་བྱས་ཏེ་མདུན་ལྗོངས་གསར་བ་ཞིག་དང་མཁའ་དབུགས་གསར་བ་ཞིག་བསུ་ཐུབ་པའི་བཀྲ་ཤིས་སྨོན་ལམ་འདེབས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངེད་ཚང་གི་ངོ་གདོང་།

2012-05-24 ཀྱེ་ཕུར་མཆོག་གསུམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།