གྲངས་ཀ་གཡོར་བའི་ལས་འགུལ།

  དེང་སང་གོང་འོག་བར་གསུམ་ཚང་མས་བྱ་བ་ལས་ཕྱོགས་ནི་རྫུན་ནག་རྐྱང་རྐྱང་གིས་བསྒྲུབ་ནས་རང་རང་སོ་སོའི་འདུག་སྟེགས་ཇེ་བརྟན་དང་། སྙན་གྲགས་ཇེ་རྒྱས། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྲོལ་ངན་རླབས་ཆེན་ཞིག་རྒྱ་ཆེར་དར་བའི་དེང་གི་དུས་རབས་འདིའི་ནང་དུ། ཡོད་ཚད་དངོས་མའི་ལྡོག་ཕྱོགས་ནས་ལངས་ཏེ་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་བའི་ལངས་ཕྱོགས་བརྟན་པོ་ཞིག་གི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱ་ཆེར་རྒྱས་ཡོད་པར་བལྟས་ན། བདེན་དྲང་མ་ཡིན་པའི་ལྡོག་ཕྱོགས་ཀྱི་བྱ་བ་རྫུན་མ་འདི་དག་ནི་དེང་གི་སྲིད་ཇུས་ཀྱི་བྱ་བའི་གྲུབ་འབྲས་དང་། དེང་གི་སྲིད་ཇུས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་རླབས་པོ་ལེན་སྤྱད་ཀྱི་ལག་ཆ་འབའ་ཞིག་ཡིན་པས། མི་བུ་སུས་རྫུན་ནག་གིས་གྲུབ་པའི་ལམ་ཕྱོགས་འདི་སྲུང་འཛིན་དང་དམ་འཛིན་བྱས་ཏེ་རང་ཉིད་ཀྱི་མཚན་སྙན་གྲགས་དང་། རང་ཉིད་ཀྱི་གོ་ས། རང་ཉིད་ཀྱི་བྱ་བའི་གྲུབ་འབྲས་རྫུན་མ་མངོན་སྤྱད་མི་བྱེད་མཁན་ཡོད་དམ།
  དེར་བརྟེན།  ང་ཚོ་གནས་སའི་མངའ་སྡེ་འདིའི་མཁའ་དབྱིངས་ཡོངས་རྫོགས་ནི་དྲང་ཕྱོགས་ལས་ལྡོག་པའི་འཁྱོག་གཏམ་གྱི་གཡོ་རྫུས་མངའ་འོག་ཏུ་བསྡུས་ཏེ། བཅོས་མའི་གྲུབ་འབྲས་དང་རྒྱལ་ཁ་ཡོད་ཚད་རྫུན་གཏམ་གྱི་ཀློང་ན་འོད་དུ་འཚེར་ཞིང་། འཛུམ་དམུལ་དམུལ་གྱིས་སྙིང་རྗེ་བའི་མངའ་འབངས་ཤིག་ལ་ཁ་ཡག་པའི་སྒོ་ནས་མགོ་སྐོར་གཡོ་བཙོང་བྱས་ཏེ་བསྡད་ཡོད། སློབ་གསོ་ནི་སུས་ཀྱང་རྫུན་གཏམ་རྫུན་སྒྲིག་གིས་བསྒྲུབ་མི་ཉན་པ་ཤེས་མཁན་མང་ན་ཡང་། སྤྱི་ཚོགས་ཀྱི་མཁའ་དབུགས་བཙོག་པོས་སློབ་གསོ་ལའང་གཡོ་རྫུན་གྱི་འབག་བཙོག་ཐེབས་དང་ཐེབས་བཞིན་འདུག ས་གནས་ཀྱི་གཡོ་སྒྱུ་སྤྱང་གྲུང་འཛོམས་པའི་མི་སྣ་བསོད་ནམས་ཅན་སྐོར་ཞིག་གིས་རང་ཉིད་ཀྱི་བསོད་ནམས་རྒུད་དུ་འགྲོ་བར་སྐྲག་ནས་སློབ་གསོའི་བྱ་བའང་བཅོས་རྫུན་བྱེད་པའི་སྒྲིག་གཞི་ཚགས་ཇེ་དམ་དང་། གཡོ་ཟོལ་བྱེད་པའི་བྱ་ཐབས་ངན་དགུ་ལག་ཏུ་བསྟར་གང་ཐུབ་བྱས་ནས་ཡང་དག་པའི་སློབ་གསོའི་མཁའ་དབུགས་མར་ནས་མར་དུ་རྒུད་པའི་ལམ་དུ་འཁྲིད་གང་ཐུབ་བྱེད་བཞིན་འདུག་པ་འདི་ནི་ཅི་འདྲའི་འཇིགས་སུ་རུང་བའི་བྱ་བའི་ལས་ཕྱོགས་ཤིག་རེད་ཨང་།
  དེང་གི་བྱ་བའི་ལས་ཕྱོགས་ནི་ཡོད་ཚད་རྫུན་མའི་ལམ་ནས་གྲུབ་འབྲས་ལེན་སྤྱད་ཀྱི་གཞི་རྩ་ནི་ཨང་གྲངས་ཡིན་པས། མགོ་མཇུག་བར་གསུམ་ཚང་མས་གྲངས་ཀ་རྫུན་མ་ལག་ཏུ་བསྟར་ནས་རང་ཉིད་ཀྱི་གྲུབ་འབྲས་ངོམ་སོ་བྱེད་པ་ནི་ལྡོག་མེད་ཀྱི་ལས་འབྲས་ཡིན་པར་གཞིར་བཟུང་སྟེ། སློབ་གསོ་སྡེ་ཁག་གིས་ཀྱང་སློབ་མའི་ཁ་གྲངས་རྫུན་མ་དང་ཁ་གྲངས་ཇེ་མང་དུ་བཏང་ནས་ཁ་གྲངས་རྐྱང་རྐྱང་གིས་སློབ་གསོའི་མཁའ་དབུགས་ཇེ་བཟང་དང་། སློབ་གསོ་འཕེལ་རྒྱས་གཏོང་བར་ཁག་ཐེག་བྱེད་ཐུབ་པའི་དམིགས་འབེན་གཙོར་བཟུང་བའི་རྣམ་པ་རྐྱང་རྐྱང་གི་ལས་གཞི་བསྒྲུབ་ཅི་ཐུབ་བྱས་ཏེ་བསྡད་ཡོད་པ་རེད། ཡང་དག་ཡིན་ལ་ཡང་དག་མ་ཡིན་པའི་སྲིད་ཇུས་དྲག་ཆར་འདྲ་བ་ཞིག་གི་ཁ་གཏད་འཇལ་བྱེད་དུ་དེང་སྐབས་སློབ་གསོའི་སྡེ་ཁག་ན་ཕན་ཚུན་ལ་སློབ་མ་གཡོར་བའམ་བདེན་དཔང་ཡི་གེ་འབྲི་བར་བྲེལ་ནས་འདུག་ཁོམ་མེད་པར་བྲེལ་བྲེལ་ཟིང་ཟིང་གི་རྣམ་པའི་ཁེངས་ནས་བསྡད་ཡོད་པའི་སྣང་ཚུལ་འདི་མིག་གིས་མཐོང་བས། ངའི་སེམས་སུ་ངུ་མ་དགོད་ཀྱི་ཚོར་བ་སྐྱུར་དྲི་བྲོ་བ་ཞིག་གིས་ཁྱབ་སོང་ངོ་།།
                        
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲངས་ཀ་གཡོར་བའི་ལས་འགུལ།

2012-05-24 གཅན་རྣམ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།