དྲ་བའི་སྐོར་ནས་གླེང་ན།

  ངས་འདི་ནས་རང་ལ་མི་འཚམ་པས་སྐད་ཆ་ཞིག་བཤད་འདོད་སོང་ལ་དེ་ནི་དེང་སྐབས་ཀྱི་དྲ་བ་གཉེར་ཕྱོགས་སྐོར་ཡིན།སྤྱིར་དྲ་བ་གཉེར་བ་ནི་ཚོང་ཤག་ཅིག་གཉེར་བ་དང་ཀུན་ནས་འདྲ་ལ་དེ་ཡང་ཚོང་ཁང་དེའི་ཡོད་ཚད་ཚོང་བདག་རང་ལ་ཐུག་ཡོད་ལ་ཚོང་བདག་གི་བཟང་ངན་ལྟར་ཚོང་ཁང་གི་མགྲོན་པོའི་མང་ཉུང་དང་ཚོང་རྒྱུའི་སྤུས་ཚད་སོགས་མང་པོ་ཞིག་གི་ཐད་ནས་འཕེལ་འགྲིབ་འགྲོ་སྲིད་པ་དེ་བཞིནརེད།དེས་ན་དྲ་ལམ་གང་དང་གང་ལ་མཚོན་ན་གཙོ་བོ་དྲ་བདག་ལ་ཐུག་ཡོད་ལ་དྲ་བདག་གི་ཤེས་ཡོན་དང་མཐོང་རྒྱ་ལྷག་བསམ་སོགས་མང་པོ་ཞིག་གིས་དྲ་བ་དེའི་ཁ་ཕྱོགས་བཟུང་ཡོད་ལ་དྲ་བ་དེའི་ཚེ་སྲོག་ཡང་གཙོ་བོ་དེ་ལ་ཐུག་ཡོད་པ་རེད།དེས་ན་ང་ཚོ་བོད་ལ་མཚོན་ན་དྲ་བ་ཉུང་ཉུང་ཞིག་ལས་མེད་ལ་དེ་ཡང་བཀག་རྒྱ་མང་པོ་ཞིག་གི་བར་གསེང་ན་ཐར་མི་ཐར་གྱིས་ཉིན་གཅིག་གི་སྔ་ཕྱི་ཙམ་ལ་ཡང་རང་དབང་ཡོད་མེད་ནི་ཐད་བལྟས་མངོན་གསལ་ཡིན།ལོ་རབ་ཁ་ཤས་ནས་སྙན་ངག་པའམ་སྐྱེས་བུ་ཅུང་འཇོན་པོ་རེ་གཉིས་ཀྱིས་སྒེར་གཉེར་དྲ་ལམ་གྱི་ས་མིག་ཆུང་ཆུང་རེ་ཉོས་ནས་མི་རིགས་སྤྱི་དང་དགོས་ཁྱད་པར་དུ་སྙན་ངག་ལ་དུང་ཞེན་གྱི་ཟིར་མིག་ཤོར་བའི་སྐྱ་སེར་མང་དག་ཅིག་གི་རྩོམ་རིགས་ཐད་ཀྱི་འཕེལ་འགྱུར་ལ་འབྲས་བཟང་མི་དམན་པ་བསྐྲུན་འདུག་པ་དེ་རེད།དེ་དག་ནི་ཧ་ཅང་ཡིད་སྨོན་དང་རམ་འདེགས་བྱེད་སའི་གནས་ཁོ་ནར་བསམ་ཡོད།
  དེ་དག་ལ་ཡང་རང་གི་འདོད་པ་དག་རེ་ཞུ་ཞིག་ལ་བཀོད་ན་བློ་མ་ཚིམས་ས་ཡང་ཡོད་སྲིད་དེ་མི་སུ་དང་སུ་ཡིན་ཡང་ཐད་བལྟས་ལ་མཁས་ཀྱང་ལག་ལེན་ལ་རྨོངས་པ་ཡིན་པ་དེ་ལས་མ་འདས་མོད་རང་དོན་ཁོ་ན་ཞིག་དམིགས་སུ་མ་བཟུང་བར་བཤད་ན་དགོས་མེད་ཁོ་ན་ཞིག་ཀྱང་མིན་པར་སྣང་བས་འདི་ནས་རེ་བའམ་བསམ་ཚུལ་ཞིག་ཞུ་ན།
དྲ་བ་གང་དང་གང་ཡིན་ན་གཙོ་བོ་གཞི་རྒྱ་ཆེ་བ་དང་རང་དབང་ཡོད་དགོས་པ་དེ་རྩ་བ་ཆ་རྐྱེན་གཅིག་པུ་ཡིན་ལ་དེའི་སྟེང་དུ་རབ་ཡིན་ན་རིགས་དབྱེ་སྣ་ཚོགས་དང་གོང་བསྒྲིགས་སོགས་ཀྱང་མི་སྒེར་གཅིག་གཉིས་ཀྱིས་ཐག་གཅོད་དང་ལྟ་ཕྱོགས་ཙམ་དུ་མ་ལྷུང་བར་མང་གཙོ་རྣལ་མ་ཞིག་གི་ལམ་ལ་སྒྱུར་ཐབས་བྱེད་པ་ནི་དྲ་ལམ་རང་རང་གི་མ་འོངས་པའི་མཐུན་འགྱུར་གྱི་རྨང་གཞི་རེད།དེ་བཞིན་དྲ་ལམ་གང་ཡིན་ཡང་དུས་ལྟར་དྲ་བདག་རང་རང་དྲ་ཁྱིམ་དེར་ཡོད་དགོས་པ་དཔེར་ན་ཚོང་ཁང་གི་སྒོ་བྱས་པ་ཙམ་གྱི་མི་ཆོག་པར་ཚོང་བ་རང་ཡོད་དགོས་པ་ནང་བཞིན་རེད།
  ད་བར་དྲ་བ་མང་པོ་ཁྱིམ་སྟོང་དུ་ཉིན་ཁ་ཤས་ལ་ལྷག་ཡོད་པ་མང་མང་ཡོད་པ་མངོན་གསལ་རེད།དེ་འདྲ་བྱས་ཚེ་མགྲོན་པོ་དག་ཀྱང་ཅེ་ཉུང་ནས་ཅེ་ཉུང་དུ་འགྲོ་སྲིད་པ་རེད་དེ་གཙོ་བོ་མི་རང་རང་གི་འདོད་དོན་འགྲུབ་དགོས་པ་དེ་ཡིན་པས་ཟིན་བྲིས་སྤེལ་བ་སོགས་དོན་གང་ཡོད་ལ་རོགས་པ་བྱེད་བདག་མེད་ན་དེ་གར་འོང་དོན་མེད་སོང་བ་རེད།གཞན་ཡང་བརྩམས་ཆོས་ཁོ་ན་ལས་ལེགས་འདེམས་སོགས་དབྱེ་སྐབས་ཀྱང་དྲང་ཐིག་དབུ་མའི་ལམ་ཕྱོགས་ཅིག་མཁོ་བ་ལས་མིང་གྲགས་དང་མོ་མིང་སོགས་ལ་བལྟ་ཕྱོགས་མི་འཁྱོག་པ་གལ་ཆེ་ལ་དེ་ཡང་རང་ཁོ་ནའི་སེམས་ལ་འབབ་མིན་གྱིས་མི་དབྱེ་བར་སྤྱིའི་ཆ་ནས་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་དམན་འཕགས་འབྱེད་རྒྱུ་དེ་རེད།
          ༢༠༡༢    ༣     ༡༤
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲ་བའི་སྐོར་ནས་གླེང་ན།

2012-05-07 བཙན་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།