སེང་རྡོར་གླེང་ཤེས་མི་འདུག

  ༼ གསལ་བཤད།  ཉེ་ལམ་སེང་རྡོར་དྲྭ་བའི་སྒང་དུ་སེང་རྡོར་གྱི་ནང་རུལ་ཕྱིར་ཐོན་པ་ཞེས་པའི་རྩོམ་ཡིག་ཅིག་སླེབས་འདུག  བདག་གིས་དབུ་ནས་མཇུག་བར་ཞིབ་མོར་བཀླགས་རྗེས་དེ་དང་སྦྲགས་ནས་དཔྱད་གླེང་ཐུང་ངུ་རེ་བྱེད་འདོད་སོང་། ༽
   ཉེ་སྔོན་རི་འཕྱོར་རྒྱ་མཚོ་ཞེས་པའི་གྲྭ་རྒན་ཞིག་གིས་སེང་རྡོར་གྱི་ནང་རུལ་ཕྱིར་ཐོན་པ་ཞེས་པའི་རྩོམ་ཡིག་ཁུང་མེད་ཅིག་དྲྭ་བའི་སྒང་དུ་སྤེལ་ནས་ཡ་མཚན་ཞིག་འགྲུབ་སོང་མདོག་དང་རླབས་ཆེན་ཞིག་བསྒྲུབ་སོང་ཁུལ་གྱིས་འགྱིང་ཉམས་བསྟན་འདུག   མ་གཞི་ནས་འཇིག་རྟེན་གྱི་མི་ཡོད་ཚད་ཕན་ཚུན་བར་དགའ་མི་དགའ་དང་ཕན་ཚུན་བར་འགྲིག་མི་འགྲིག་ནི་རང་རང་སོ་སོའི་སེམས་ཀྱི་བག་ཆགས་སམ་སེམས་ཀྱི་འཛིན་སྟངས་ཙམ་ཡིན་པ་ལས། དེ་ཚད་གཞིར་བཟུང་ནས་མིའི་མི་གཞི་ལ་མཐོང་ཆུང་དང་།  མིའི་ཀུན་སྤྱོད་ལ་རྡོག་བརྫིས་གཏོང་བ་ནི་རིག་གནས་གང་གིས་བསྐྱེད་པའི་གྲུབ་འབྲས་ཡིན་ནམ། ལམ་ལུགས་གང་གིས་བཟོས་པའི་རྐང་ལམ་ཡིན་པ་ངེས་རྟོག་ཅི་ཆ།  དེ་བས་གྲྭ་རྒན་ཁྱེད་རང་ཡང་སེང་རྡོར་གྱི་རིག་གནས་དང་། ཡང་ན་སེང་རྡོར་གྱི་རྩོམ་ལས་སོགས་ཀྱི་ཕྱོགས་ལ་ཞེན་པ་ཤོར་དྲགས་པས་དགའ་བ་དེ་སྨོད་པ་རུ་མ་སོང་ཐབས་མེད་དུ་གྱུར་འདུག་པ་མཐོང་ཐུབ། སྤྱིར་མི་ཞིག་གི་མི་ཚེ་ནི་སྐྱོན་ཡོན་གཉིས་ལྡན་གྱི་སྒོ་ནས་གྲུབ་པ་ལས། ཅིག་ཤོས་ཏག་ཏག་གིས་གྲུབ་པ་ནི་ས་ཡི་གོ་ལའི་སྟེང་ན་མེད་ཅེས་ཁ་ཚོན་གཅོད་ཐུབ། དེའི་ཕྱིར་ཉིད་ནས་ཀྱང་མི་ཞིག་གི་མི་ཚེ་ཡི་སྐྱོན་དང་ཡོན་ཏན་ཟུང་ལས་ཡོན་ཏན་གྱི་ཟུར་ཁ་རེ་རེ་མཐོང་ན་ཆོག་པ་ལས། ཁུང་མེད་ཕུ་མེད་ཀྱི་མཁའ་བཤད་ལུང་བ་གང་དྲུད་ཡོང་བ་འདི་ཁྲིམས་ལུགས་ཀྱི་ཁྱབ་ཁུང་ནས་གླེང་རྒྱུ་ཞིག་ཡིན་པ་ལས། ཟིན་བྲིས་སྟེང་དུ་གླེང་བ་ནི་ནད་པ་སྨན་པར་སྟོན་པ་ཆབ་ཁང་དུ་འཛུལ་བ་དང་།  དགྲ་ལ་སྙིང་ནད་ཀླན་པར་ནང་མི་གསད་པ་དང་ཁྱད་ཅི་འདུག
  དེ་བས་ཕན་ཚུན་བར་མི་དགའ་བ་ནི་མི་དགའ་བ་རང་ཡིན་པ་ལས།  གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པར་མི་དགའ་བའི་རྣམ་རྟོག་དེ་དང་བསྡོང་ནས་མི་ཞིག་མེད་པར་གཏོང་བསམ་པ་ནི་བྱིས་པའི་བསམ་ཚུལ་ཁོ་ནས་ལས། དགག་སྒྲུབ་དང་བརྡབ་གསིག་གི་ཕྱོགས་ཙམ་ལ་ཡང་འགྲོ་ཆས་མེད་པ་ཉིད་ཀྱིས་ཀྱང་ཤེས་ན་འགྲིག  དེའི་ཕྱིར་མིག་ལམ་དུ་ཡ་མ་བརླ་སྣང་མཁན་དང་། བློ་ནང་དུ་འགྲིག་མིན་དགུ་འཆར་མཁན་དག་གིས་ཞོགས་འོད་ཀྱིས་སེང་རྡོར་ལ་ལད་བཟློས་དང་།  གྲིབ་གཟུགས་བྱེད་ཀི་ཡོད་ཞེས་པའི་འཁྱོག་བཤད་ཀྱང་མི་འོངས་བའི་ངེས་པ་མེད་ལ།ཡོད་ཡང་ཡོང་དུ་ཆུག  རང་ཉིད་ཀྱིས་བདེན་པ་ལབ་ཁུལ་དང་། རང་ཉིད་ཀྱིས་བདེན་ཚུགས་སྐྱོང་ཁུལ་བྱེད་པ་ནི་གོང་གི་ཁྲིམས་དང་། འོག་གི་གནད་གང་ལ་ཐུགས་ཀྱང་མི་འཆོར་བ་མི་ཞིག་ཡིན་ཕྱིན་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་གལ་ཆེན་ཞིག་རེད།
  དེ་ནས་སེང་རྡོར་གྱི་རྩོམ་ལུས་ཕྱོགས་ཀྱི་གླེང་གཞི་ཁ་ནས་དང་སྦྲགས་ནས་གླེང་བྱ་དངོས་ལ་ཞུགས་ན།
  སེང་རྡོར་གྱི་ཚིག་སྦྱོར་བློ་ཡུལ་དུ་མ་ཤོངས་བ་ཡིན་ནམ།
  སྤྱིར་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་ན་གསར་གཏོད་དང་རང་ཚུགས་ཀྱི་ཆ་ཐུབ་པའི་རྩོམ་ལས་ཉུང་ཉུང་ཙམ་ལས་མེད་པ་དང་། དེ་དག་ཀྱང་གཞན་གྱི་ཤན་ཤུགས་དང་གཞན་ལ་ལད་བཟློས་ལྟར་དུ་ཆགས་ཡོད་བ་ལས་རང་རྐྱང་ཐུབ་པའི་རྩོམ་ལུས་ཤིག་གང་ཡིན་ཟེར་ན་ཕལ་ཆེར་མེད་པ་དང་།  ཡོད་པ་ནི་མེ་ལོང་མས་བསྐྱེད་པའི་གྲིབ་མ་དག་དག་ཡིན་པ་ལས།བོད་རང་གིས་བརྩམས་ཤིང་བོད་རང་གིས་བཟོས་པའི་སྙན་ངག་གི་འཇུག་གཞུང་ཡ་མཚན་ཞིག་མེད་པས་རེད།ལོས་ཡིན་མེ་ལོང་མ་བོད་དུ་བསྒྱུར་བ་ནས་བོད་ཀྱི་སྙན་ངག་འབྲི་སྟངས་ནི་མེ་ལོང་མ་དང་། མེ་ལོང་མའི་ངོ་བོ་འཁྱོག་མེད་དུ་གྲུབ་ཡོང་བ་ལས་དེ་ནས་ཕར་བརྒལ་ཞིང་། དེ་ལས་ཕར་མཆོང་བའི་རིགས་ཚན་ཞིག་ད་ལྟ་བར་ཏུ་སུས་ཀྱང་འཇོག་མ་ཐུབ་པ་རེད། དེའི་ཕྱིར་བོད་ཀྱི་སྙན་ངག་གི་འདུ་འགོད་དེ་ཡང་བོད་ཀྱི་སྤྱི་ཚོགས་ཀྱི་ལུང་བ་རེ་རེའི་ནང་དུ་དར།དར་ནས་མ་ཚད་དེ་དང་མཉམ་དུ་ཀ་ངོ་ཡིག་ངོ་ཆོད་མཁན་གྱི་སྙན་ངག་པ་ཡང་རྒྱུ་སྐར་གྱི་གྲངས་ལས་འགོངས་ཏེ་མང་པོར་གྱུར་སོང་བ་དེ་རེད། དེ་ཡང་གསར་གཏོད་དང་གདོང་མཆོང་གི་ཆ་ཅི་ཡང་མེད་པར། གཅིག་གིས་བཤད་པ་བརྒྱ་ཡིས་བཤད་ཅིང་། སྟོང་གིས་བྲིས་པ་ཁྲི་ཡིས་བྲིས་ཏེ་ཡོང་བའི་གནས་སྟངས་མག་མོག་དེ་རེད།དེ་ནས་ཉེ་བའི་ལོ་ཁ་ཤས་ཀྱི་ཡར་སྔོན་དུ་མེ་ལོང་མའི་རང་ལུགས་དང་རྒྱང་རིང་ཞིང་ལད་བཟློས་ཀྱི་གྲིབ་མ་ཙམ་ཡང་མི་རིག་པའི་ན་གཞོན་རྩོམ་པ་པོ་སེང་རྡོར་ཟེར་བ་ཞིག  ལུང་དང་རིགས་པས་མ་ཁོགས་ཤིང་། གཏམ་དང་མི་ཁར་མ་སྐྲག་པར་སྔར་ཡོད་ཀྱི་བརྩམས་གཞུང་དག་ལས་རིང་དུ་བརྒལ་ཞིང་། སྔར་ཡོད་ཀྱི་ལད་བཟློས་དག་ལས་ཆེ་རུ་ཕྱིན་པའི་བཅད་རྩོམ་གསར་མ་ཞེས་པའི་སྙན་ངག་ཐད་ཀྱི་ཚན་པའམ་རིག་གནས་གཅིག་ཁ་སྣོན་བྱས་པ་རེད། དེའི་ཕྱོགས་ནས་དྲྭ་སྟེང་དང་དཔེ་སྟེང་གང་དུའང་མང་པོ་མཐོང་རྒྱུ་ཡོད་པ་རེད།
དེ་དང་མཉམ་དུ་དེའི་ཕྱོགས་ནས་ན་ཚོད་མ་སྨིན་པ་དང་། དེའི་ཕྱོགས་ནས་བསམ་བློ་མ་རྒྱས་པ་དག་གིས་༼གོ་རྒྱུ་མི་འདུག་༽ཟེར་བའི་ཕྱོགས་རིས་ཀྱི་སྐད་ཆ་ཡང་ཆར་བ་འབབས་འབབས་ལྟར་བབས་ཡོང་བ་རེད། གྲྭ་རྒྱན་ཁྱེད་ཀྱང་དེའི་གྲལ་ནས་རྒྱུ་མཚན་དང་གཏད་སོ་ཅི་ཡང་མེད་པར་མགོ་བོ་གཡུག་མཁན་ཡིན་ཤས་ཆེ། གཏམ་བདེན་པ་རྒྱབས་རི་ཞིག་དང་། བློ་བདེན་པ་དཔུང་གྲོགས་ཤིག་ཡོད་ན་ལྐོག་ནས་ཁུང་མེད་ཀྱི་བྱ་ངན་བསྒྲུབ་པ་ལས་གདོང་གཏད་དུ་ཤོད་དང་གནས་ལུགས་ནི་གནས་ལུགས་ཡིན་པ་ལས། སུས་ཀྱང་ཁ་བདེ་བདེ་དང་ངག་སྙན་སྙན་གྱིས་གཞན་ཞིག་ལ་ཁུར་འགྲོ་མི་ཆོག་པ་རེད། སེང་རྡོར་གྱི་ཡོན་ཚད་ལ་ངེས་རྟོག་མེད་པར་མཁའ་དབྱེན་དཀྲུགས་པས་ཅི་ཕན། རྟ་བཞོན་གྱིས་བརྡ་མ་ཐོན་གོང་དུ་། གཡག་བཞོན་གྱིས་མཁའ་ཐོན་སོང་།
  ང་ཚོ་བོད་ཀྱི་སྤྱི་ཚོགས་ཀྱི་ལུང་བ་རེ་རེའི་ནང་དུ་འདི་འདྲའི་བཤད་སྲོལ་འདུག  མཁའ་ཁ་དབྱེན་ཁ་དཀྲུགས་མཁན་ཚོས།རང་ཉིད་རྫོད་ལས་གཞན་ཞིག་ཅི་ཞེས་པའི་དཔེ་སྲོལ་ནང་བཞིན།རི་འཕྱོར་རྒྱ་མཚོ་ཞེས་པའི་གྲྭ་རྒན་ཁྱེད་ཀྱིས་ཀྱང་སེང་རྡོར་གྱིས་ག་ཞིག་ནས་རྒྱུ་ཞིག་ཁྱེར་སོང་རབ།སེང་རྡོར་གྱིས་འདི་ཞིག་ནས་ངན་ཞིག་བསྒྲུབ་སོང་རབ་ཀྱི་མཁའ་བཤད་ཏག་ཏག་ལས།  དེའི་ནང་ན་བླང་དོར་དང་།བོད་ཀྱི་རྩོམ་རིག་ལ་མཁོ་བའི་རྒྱུ་ཆ་ཞིག་ག་ན་འདུག  སྤྱིར་སོ་སྐྱེས་ཤིག་གི་བྱ་བ་བསྒྲུབ་སྟངས་ཐད་ནས་མ་འགྲིག་ས་དང་མི་ལེགས་ས་གླེང་དགོས་ན། ཁྱེད་གཅིག་པུས་མི་ཚེ་གང་བོར་གླེང་ཡང་ཟད་རྒྱུ་མ་རེད།དེའི་ཕྱིར་སེང་རྡོར་གྱི་མི་གཞིའི་ཐད་ལ་རྒྱུས་ལོན་ཡོད་མདོག་དང་། ངེས་ཤེས་ཡོད་ཁུལ་གྱིས་གླེང་བ་འདི་ཕན་ཚུན་བར་མཁའ་ཁ་དབྱེན་འཁྲུགས་བྱེད་པ་ཙམ་ལས་རྒྱུ་མཚན་ཏིལ་འབྲུ་ཙམ་ཡང་མེད་སོང་།
  རིག་གནས་གསར་བརྗེ་ཆེན་པོས་བག་ཆགས་ཀྱིས་དེད་ཅིང་རིག་གནས་གསར་བརྗེ་ཆེན་པོས་ངར་ཤུགས་ཀྱིས་བསྡམ་པའི་རྗེས་སུ་ང་ཚོ་བོད་ཀྱི་ནང་ཁུལ་དུ་ཡང་། ཕན་ཚུན་བར་མི་དགའ་བ་དང་མི་འགྲིག་པའི་སྣང་ཚུལ་ཁྲོད་ནས་༼ང་ཁྱེད་ལ་མི་དགའ་ཀི༽  ༼ང་ཁྱེད་ལ་སུན་ཀི་༽ཞེས་པ་ཙམ་ལས་རྒྱུ་མཚན་གང་ཡང་འདྲེན་རྒྱུ་མེད་པའི་ལམ་ལུགས་ཤི་བོ་ཞིག་བོད་མི་རེ་རེའི་ཀླད་རྩའི་ནང་དུ་འཐིམ་ཡོད་པས་རེད། དེར་བརྟེན་འུ་ཅག་གིས་ཀྱང་དགག་པ་རྒྱགས་པའམ་རྩོད་པ་སློང་དུས་མི་དེའི་ཡོན་ཚད་དང་བྱས་རྗེས་སོགས་ཀྱི་ཕྱོགས་ནས་མི་གླེང་བར།  ཐད་ཀར་མི་གཞི་དང་འབྲེལ་ནས་ཁྱེད་འདི་འདྲ་ཞིག་རེད ཁྱེད་མི་དགའ་ས་ཞིག་རེད་ཅེས་པའི་ཕྱོགས་རིས་ཀྱི་སྐད་ཆ་ཙམ་ལས།  དོན་དམ་པའི་རིག་གནས་དགག་སྒྲུབ་དང་ལྟ་ཚུལ་ཐེར་འདོན་ཅི་ཡང་བྱེད་ཀྱི་ཡོད་པ་མ་རེད། རྒྱུ་མཚན་དེ་དང་སྣང་ཚུལ་དེའི་ཁྲོད་ནས་ལུང་སྟོང་དུ་ཀི་རིང་འདེབས་པའི་གྲྭ་རྒན་ཁྱེད་གཙོ་བྱས་པའི་ཕྱོགས་རིས་དང་དགའ་ས་འཁྱེར་སོའི་ཁྲོད་ནས་དགག་སྒྲུབ་བྱེད་མཁན་ཚོར་ངེས་རྟོག་གསར་བ་རེ་དང་།  རྟོགས་སད་ཏིལ་ཙམ་རེ་སྐྱེ་བའི་རེ་བ་དང་སྦྱར་ནས་མཇུག་གྲུབ་བོ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེང་རྡོར་གླེང་ཤེས་མི་འདུག

2012-05-06 ཞོགས་འོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།