དཔའ་ལུང་ས་ཆར་རོགས་སྐྱོར་སློབ་ཁྲིད་དུ་ཕྱིན་པའི་མྱོང་ཚོར།

བཀྲ་ཤིས་རྒྱལ།༼ཟི་ལིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-14

  མདོ་སྨད་དཔའ་ལུང་ནི་ཧེ་རིགས་རང་སྐྱོང་རྫོང་ཞིག་རེད།འོན་ཀྱང་འདིར་ཡོད་པའི་བོད་རིགས་ཀྱི་མི་གྲངས་ནི་ཕལ་ཆེར་བོད་རིགས་རང་སྐྱོང་རྫོང་ཁྲོད་ཀྱི་བོད་རིགས་མི་གྲངས་དང་དོ་མཉམ་རེད།དེའི་ཕྱིར་ང་ཚོ་མི་སྒེར་དང་ཐུན་མོང་གང་ཡིན་རུང་ཕྱོགས་ཆེ་མ་ཆུང་གསུམ་གྱི་སྒོ་ནས་ས་གནས་འདིའི་བོད་ཀྱི་སློབ་གསོའི་ལས་དོན་ཐད་དོ་ཁུར་དང་གཙིགས་ཆེན་བྱེད་རྒྱུ་ནི་མི་རིགས་ཀྱི་ཆ་ཡོངས་ནས་གླེང་ན་ཧ་ཅང་གལ་ཆེན་པོ་ཞིག་ཏུསེམས།
  སྤྱིར་དཔའ་ལུང་ནི་བོད་རིགས་འདུས་སྡོད་མང་ཡང་བོད་ཀྱི་རིག་གནས་དང་བྱེ་བྲག་ཏུ་སྐད་དང་ཡི་གེའི་ཉག་ཧ་ཅང་ཕྲ་བའི་ས་ཆ་ཞིག་རེད།དེའང་སྡོང་བོར་རྩད་པ་ཡོད་པ་དང་ཆུ་ལ་འབྱུང་ཁུངས་ཡོད་པ་ཇི་བཞིན་རྒྱུ་རྐྱེན་མེད་པ་ཞིག་མ་ཡིན་ཏེ།གཅིག་ནས་དཔའ་ལུང་ནི་ཧེ་རིགས་རང་སྐྱོང་རྫོང་ཞིག་ཡིན་པས།གོང་རིམ་གྱིས་སློབ་ཆུང་དང་སློབ་འབྲིང་སོགས་སུ་མི་རིགས་ཀྱི་སྐད་ཡིག་ཁྲིད་པ་བཀོད་སྒྲིག་བྱས་པ་ཧ་ཅང་ཉུང་ལ་དེར་དོ་སྣང་དང་བརྩི་མཐོང་བྱས་པའང་ཤིན་ཏུ་མིའདང་བ་རེད།དཔེར་ན་སློབ་ཆུང་རེ་འགའ་མ་གཏོགས་བོད་ཡིག་ཁྲིད་ཀྱིན་མེད་པ་དང་།སློབ་འབྲིང་གསུམ་ཡོད་པ་ལས་གཅིག་གི་ནང་མ་གཏོགས་བོད་ཡིག་བཀོད་སྒྲིག་བྱས་མེད་པ་རེད།གཉིས་ནས་ས་འདིའི་གཞི་རིམ་མང་ཚོགས་ལ་མཚོན་ནའང་རྒྱ་དང་ཧེ་རིགས་ལ་བསྡེབས་ནས་བསྡད་ཡོད་པས་སྐད་ཆ་བསྲེས་མ་མང་ལ་རྒྱ་སྐད་ཀྱི་ཤན་ཞུགས་པ་ཧ་ཅང་ཚབས་ཆེན་ཡིན་སྟབས།སྐད་ཆའི་མགོ་རྔ་ཆ་ཚང་བོད་སྐད་རྐྱང་བས་བཤད་ཐུབ་མཁན་ཕལ་ཆེར་མེད་ཚོད་འདུག
  དེ་བས་ཧ་ཅང་ཉམ་ཐག་པའི་ས་གནས་འདིའི་མི་རིགས་སློབ་གསོར་གཙིགས་ཆེན་དང་རོགས་འདེགས་བྱ་ཕྱིར།མི་རིགས་ལ་དུང་བ་ཟབ་ཅིང་སློབ་གསོ་ལ་མཁྱེན་རྒྱ་ཡངས་པའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་སློབ་སྐོར་ཞིག་དང་སེང་གེ་གཤོང་ཐེབས་རྩ་ཚོགས་པ་གཙོ་བྱས་པའི་མི་བུ་ལྷག་བསམ་ཅན་སྐོར་ཞིག་གི་རྩ་འཛུགས་འོག་ལོ་འདི་གར་དབྱར་དགུན་གནང་གི་སྐབས་སློབ་ཆེན་སློབ་མ་སྐོར་ཞིག་ས་གནས་འདིའི་སྡེ་བ་རེ་རེར་བསྐྱལ་ཏེ་བོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་སྒྲུབ་དང་སྒྲུབ་མུས་སུ་མཆིས།འདི་ནི་ཧ་ཅང་རང་གཞན་གཉིས་ཕན་གྱི་དཔེ་གསོན་པོ་ཞིག་ཡིན་པ་སུས་ཀྱང་ཤེས་ཚོད་རེད།ཁོ་བོའང་ཐེངས་གཅིག་ལ་འདི་གའི་འབྲེལ་ཡོད་རྩ་འཛུགས་པའི་རེ་བ་ལྟར་དཔའ་ལུང་རྫོང་བྲག་དམར་སྡེ་བར་སློབ་ཁྲིད་བྱེད་དུ་སོང་།ཐོག་དང་པོར་གནས་འདིར་སླེབས་དུས་ང་ལ་དགའ་སྐྱོ་ཟུང་གི་ཚོར་བ་ཞིག་སྦྱིན་ཡོང་།ང་དགའ་བ་ནི་ཡུལ་འདིའི་མང་ཚོགས་རྣམས་ཀྱི་མི་རིགས་ཤིག་གི་སེམས་ཀྱི་འདུ་ཤེས་དང་སློབ་བུ་ཚོའི་རྒྱུད་ན་ཡོད་པའི་རང་སྐད་རང་ཡིག་གི་བརྩེ་དུང་ཟབ་མོ་དེ་རེད།དེ་ལའང་རྒྱུ་མཚན་ཞིག་ཡོད་དེ།གཅིག་ནས་གོང་དུ་བཤད་པ་བཞིན་སོ་སོའི་རྒྱུད་ན་མི་རིགས་ཀྱི་སེམས་ཁམས་ཤིག་གཏན་དུ་གྲུབ་ཡོད་ལ།གཉིས་ནས་སློབ་མ་ཞིག་ལ་མཚོན་ན་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་སྐབས་སུ་བོད་སྐད་ཡིག་གིས་གོ་གནས་གལ་ཆེན་ཞིག་འཛིན་ཐུབ་པ་དང་།།ལྷག་པར་དུ་བོད་རིགས་ཀྱི་སློབ་ཆེན་ཁག་འགྲིམས་ན་དེ་ཧ་ཅང་གལ་ཆེན་པོ་ཡིན་པའི་གནས་ཚུལ་བཅས་ལ་ཐུག་ཡོད་ཕྱིར་བཅས་རེད།
  ང་སྐྱོ་བ་ནི་མདོར་དྲིལ་ན་ཁོར་ཡུག་གིས་ཁོ་ཚོར་ཐེབས་པའི་ཤུགས་རྐྱེན་དེ་རེད།སྡེ་བའི་རྒན་དར་གཞོན་གསུམ་ཚང་མའི་ཁྲོད།མགོ་རྔ་ཚང་བའི་བོད་སྐད་རྐྱང་བའི་ལམ་ནས་ཁ་བརྡ་བྱེད་ཐུབ་མཁན་ཞིག་མེད་ལ།རང་ཉིད་ཀྱི་སྐད་ཆ་དེབསྲེས་སྐད་ཡིན་པའང་མི་ཤེས་པའི་ཚད་ལ་ཐོན་ཡོད།སློབ་མ་ཞིག་ལ་མཚོན་ན།མཐོ་གཉིས་མཐོ་གསུམ་གྱི་སློབ་མར་དམའ་འབྲིང་བོད་སྐད་ཡིག་གི་ཆུ་ཚད་ཡོད་དཀའ་བ་དང་།དེ་གའི་དམའ་འབྲིང་གི་བོད་སྐད་ཡིག་གི་ཆུ་ཚད་སློབ་ཆུང་ལོ་རིམ་གསུམ་པའི་ཚད་ཐིག་དང་འདྲ་བ་ཤོགས་ཡོད་ལ།དེ་ནི་བོད་ཡིག་སྦྱངས་མྱོང་བ་དང་ཤེས་པའི་སྐོར་རེད།གཏན་ནས་མི་ཤེས་པར་ཐོག་མར་ཀ་ཁ་ནས་མགོ་རྩོམ་དགོས་པའི་ལོ་རིམ་ཅུང་མཐོ་བའི་སློབ་མའང་མི་ཉུང་ཞིག་ཡོད་པ་སོགས་ཀྱི་གནས་ཚུལ་རེད།
  ཉིན་ཉི་ཤུ་ལྷག་གི་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ།ངས་རང་ཉིད་ལ་ཡོད་པའི་ཤེས་བྱ་དང་ཐབས་སྣ་ཚོགས་ངའི་སྙིང་ཉེ་བའི་སློབ་ཕྲུག་ཚོའི་རྒྱུད་ལ་བཏོན་ཞིང་ཁོ་ཚོས་ཀྱང་ཁོ་བོར་མཉམ་འབྲེལ་བྱས་པ་ཧ་ཅང་བཟང་།སྐད་ཡིག་ཅིག་སློབ་ཁྲིད་བྱེད་པ་དེ་དཔེ་དེབ་ཁོ་ན་ལ་ངོས་འཛིན་མི་རིགས་ཏེ།དེ་ནི་སློབ་མའི་ཁ་ཡི་བཤད་དང་ལག་གི་འབྲི ད་དུང་སྐད་རིགས་དེས་གྲུབ་པའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཆེ་མ་ཆུང་གསུམ་རེད།དེ་བས་བདག་གིས་སློབ་དང་ཁྲིདགཀྱི་གོ་རིམ་ཁྲོད་དུ།དུས་ནམ་ཡང་སློབ་བུ་ཚོའི་ཁམས་དང་བསྟུན་ཏེ།སྤྱིར་བཏང་ངམ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་རྟག་ཏུ་རྒྱ་སྐད་བསྲེས་པའི་ཐ་སྙད་དག་བོད་སྐད་དུ་བསྒྱུར་བ་དང་།ཉིན་ཐོ་སོགས་ཕྱོགས་ཆུང་ས་ནས་འབྲི་རྩོམ་ལ་སྐུལ་བ།ད་དུང་སློབ་ཁྲིད་ཀྱི་བར་གསེང་གི་དུས་ཚོད་དང་དགོང་ཚོགས་ཀྱི་སྐབས་སུ་བོད་ཀྱི་གནའ་གཏམ་དང་ལོ་རྒྱུས་སོགས་བཤད་དེ་ཕྱོགས་གང་ཅིའི་ཐད་སྐད་ཡིག་བླ་འགུག་གི་ནུས་པ་ཡོད་དགུ་བཏོན་ལ་འབྲས་བུའང་མི་དམན་པ་ཞིག་ཐོབ།
  མདོར་ན།ང་ཚོས་སེམས་ཤུགས་གཅིག་སྦྲེལ་དང་གོང་འོག་མཐུན་འབྲེལ་བྱས་ནས་མི་རིགས་ཀྱི་མ་འོངས་པའི་རེ་ལྟོས་བཅོལ་ས་སྟེ།ན་ཆུང་གི་བྱིས་པ་དག་ལ་ཕ་སྐད་གཙང་མ་ཞིག་དང་ཕ་ཡིག་དག་མ་ཞིག་བསླབ་ཏུ་བཅུག་ནས་མི་རིགས་རིག་གནས་རྒྱུད་འཛིན་དང་དར་སྤེལ་འཐད་དུ་ནུས་པ་ཡོད་ཚད་འདོན་རྒྱུ་ནི་གནད་ཀྱི་དམ་པའོ།།
  ཇི་སྐད་དུ་རྩ་བ་དོར་ནས་ཡལ་གར་འཇུས་པ་བླུན་པོའི་རྟགས་ཟེར་བ་བཞིན།རང་མི་རིགས་ཀྱི་རིན་ཐང་བྲལ་བའི་རིག་གཞུང་དང་དེའི་ལག་ཆ་དག་ལོགས་སུ་བསྐྱུར་ནས་གཞན་མི་རིགས་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་ཨ་གསར་གྱིས་འཇུག་པའམ་མཐའ་གཅིག་ཏུ་གཞོལ་བ་ནི་གསེར་རུམ་ནས་འཕངས་ཏེ་དངུལ་ཤུལ་དུ་འཇོག་པའི་ཚུལ་ལྟ་བུ་ཡིན་ཕྱིར།ང་ཚོས་ངལ་བ་འབྲས་ཆུང་དང་མིག་རྒྱང་ཐུང་བའི་བྱིསྤྱོད་འདིའི་རིགས་ཡལ་བར་དོར་ཏེ།གསེར་ངེས་པར་མཁོ་ལ་དངུལ་ཡང་དགོས་པའི་ད་ལྟའི་སྤྱི་ཚོགས་སུ་བརྟན་པོས་ཚུགས་རྒྱུ་ནི་ལོ་རྒྱུས་དང་དུས་རབས་ཀྱི་གདམ་ག་ཡང་དག་ཅིག་ཏུ་འཁུམས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔའ་ལུང་ས་ཆར་རོགས་སྐྱོར་སློབ་ཁྲིད་དུ་ཕྱིན་པའི་མྱོང་ཚོར།

2012-03-14 བཀྲ་ཤིས་རྒྱལ།༼ཟི་ལིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།