སྐྱིད་ཀྱི་སྔ་ཕྱི།

བཀྲ་ཤིས་རྒྱལ།༼ཟི་ལིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-12

   ང་ཚོ་མིའི་རིགས་ཀྱིས་དུས་ནམ་ཡང་འཚོལ་སྙེག་བྱེད་པ་ནི་མཐར་གཏུགས་ན་བདེ་སྐྱིད་ཀྱི་འཚོ་བ་རེད།ཡིན་ནའང་སྐྱིད་ཀྱི་སྔ་ཕྱིར་གང་ལེགས་མིན་གྱི་ཐད་ངེས་གཏན་གསལ་བོ་ཞིག་མེད་མོད།ཀུན་གྱིས་སམ་མི་མང་ཤས་ཀྱིས་འཚོལ་བའམ་རེ་སྙེག་བྱེད་པ་ནི་ཕྱི་མའི་སྐྱིད་རེད།འདིར་ཕྱི་མ་ནི་སྔ་ཕྱི་སྟེ།ཆུང་དུས་དང་ནར་སོན་རྗེས་ཀྱི་དུས་གཉིས་ལས་འདིར་རྗེས་མ་ལ་གོ།མི་ལ་ལས་འཆི་བར་ངེས་གཏན་མེད་པས་སྐྱིད་སྔ་རག་ལ་རྒྱབ་ན་བཟང་ཟེར།སྐད་ཆ་དེ་ལ་གནས་ལུགས་གཏན་ནས་མེད་པ་མིན་མོད།འོན་ཀྱང་།ཕྱོགས་ཡངས་སར་འདང་ཞིག་རྒྱབ་ན་གལ་ཏེ་ལོ་ཆུང་དུས་དཀའ་སྤྱད་སྡུག་རུས་བྱས་ཏེ་རང་རྒྱུད་ལ་ཡོན་ཏན་ཞིག་འབྱོར་དུ་བཅུག་ན་དེ་ནི་ཚེ་འདི་ཕྱི་གཉིས་ཀྱི་རྒྱན་རེད་བསམ།འདིའི་ཐད་ལ་ས་པན་མཆོག་གིས་ཀྱང་རིག་ནང་པར་འཆི་ཡང་བསླབ།།ཚེ་འདིར་མཁས་པར་མ་གྱུར་ཀྱང་།།སྐྱེ་བ་ཕྱི་མར་བཅོལ་བ་ཡི།།ནོར་ལ་རང་ཉིད་ལེན་པ་འདྲ།།ཞེས་གསུངས་འདུག་ལ།ཡིན་ཡང་ཁྱོད་རང་ཚེ་ཕྱི་མར་ཡིད་མི་ཆེས་མཁན་ཞིག་ཡིན་ཚེ།གསུངས་འདིར་དེ་འདྲའི་བློ་གཏོད་མེད་མོད།འོན་ཀྱང་།རང་ཉིད་གསོན་རག་པར་རང་གི་ནུས་ཚོད་ཀྱིས་སྲིད་འདིར་མཁོ་བའི་ཤེས་བྱ་རི་རྒྱུད་ལ་གསོག་ཉར་བྱས་ན་དེ་སྐྱོན་ཞིག་དུ་མི་འགྱུར་བ་ཐག་ཆོད་རེད།དེ་ལས་ལྡོག་སྟེ།ལོ་ཆུང་གཞོན་ནུའི་དུས་སུ།སྐྱིད་འདོད་ལེ་ལོས་དུས་འདའ་བར་བྱས་ན་འཆི་ཡང་སྙིང་བོ་མེད་ལ།གསོན་ཚེ་བདེ་བ་ཆུང་ལ་ཆགས་པ་དེ།།ཆེན་པོའི་བདེ་བ་ཐོབ་མི་སྲིད།ཞེས་པའི་ལེགས་བཤད་འདིའི་དཔེ་རུ་འགྱུར་སྲིདདོ།དེ་བས།ངཚོས་ཆུང་དུས་ནས་བཟུང་བདེ་བ་ཆུང་ངུ་ཙམ་ལ་བློ་མི་ཕྱོགས་པར་རང་གི་ནུས་ཚོད་དང་གནས་བབས་ལ་བསྟུན་ནས་རིག་པའི་གནས་ལ་འབད་གྱུར་ན།མཐར་བ་ཐོབ་པའི་ཤེས་ཡོན་པ་ཆེ་གྲས་ཤིག་ཏུ་མི་འགྱུར་ཡང་།ཚེ་འདིར་གཞིགས་ན་རང་གི་མི་ཚེ་རིན་ཐང་གི་ཐད་གྲུབ་འབྲས་ངེས་ཚོད་ཅིག་ཡོད་སྲིད།སྐྱིད་ནི་ལོངས་སྤྱོད་ཡིན་ལ།ལོངས་སྤྱོད་དུ་བསམ་པ་དང་དངོས་པོ་གཉིས་འདུས་པས།ངཚོས་ངེས་པར་དུ་ཕྱོགས་གཉིས་ནས་བསམ་གཞིགས་དང་བཀོལ་སྤྱོད་བྱེད་དགོས་པ་སྨོས་མ་དགོས།བདེ་ཐང་གི་བསམ་བློ་དང་ཡང་དག་གི་དངོས་འདོད་རིང་ལུགས་ནི་བདེ་སྐྱིད་ཐོབ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ།དེ་ནི་སུ་ལའང་ཐོབ་པའི་དབང་ཆ་ཡོད།ཡིན་ནའང་ལོངས་སྤྱོད་ཀྱི་ཐབས་ཤེས་དང་རྣམ་གཞག་ཐད་འདྲ་མིན་གྱི་ཆ་མང་པོ་ཞིག་ཡོད།གང་ལྟར།སྐྱིད་ལ་དུས་ཀྱི་ཆ་ནས་སྔ་གཞུག་ཡོད་ཀྱང་།སྡུག་གི་རྗེས་ཀྱི་སྐྱིད་དང་སྐྱིད་ཀྱི་རྗེས་ཀྱི་སྡུག་གཉིས་ལས་ཅུང་གཏན་འཇགས་ཀྱི་སྐྱིད་དེ་སྡུག་རྗེས་ཀྱི་སྐྱིད་དེ་ལེགས་པར་འདོད་དོ།དེ་གཤིས།ངཚོ་མི་རེ་རེས་སྐྱིད་ལ་ངོས་འཛིན་བཟང་བོ་ཞིག་བྱས་ཏེ།ཚན་རིག་མཐུན་ཞིང་དངོས་ཡོད་དང་འཚམས་པའི་སྐྱིད་ཀྱི་འདུ་ཤེས་ཤིག་ཆགས་པར་བྱེད་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ།
       
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱིད་ཀྱི་སྔ་ཕྱི།

2012-03-12 བཀྲ་ཤིས་རྒྱལ།༼ཟི་ལིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།