དྲན་འཆར་ཀློང་།༤

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-07

                         ༢༢
  ལེགས་འགྲུབ་ཡོང་བ་ཅི་ལྟར་བྱེད་ཅེས་པའི་དེབ་ཆུང་དུ། ང་ལ་གསེར་སྟེར་བ་ལས་གསེར་འཚོལ་སྟངས་བསླབ་ན་དགའ་ཞེས་བཀོད་འདུག  གསེར་སྟེར་བ་དེ་མིག་མདུན་གྱི་རེ་བ་བསྐངས་པ་ཙམ་དང་འཚོལ་སྟངས་བསླབ་པ་དེ་རྒྱང་རིང་གི་ཕུགས་བསམ་མངོན་དུ་འགྱུར་བ་ཞིག་རེད།  ཡང་གཅིག་བཤད་ན།  གསེར་སྟེར་མཁན་དེས་གསེར་སྟེར་བའི་ཞོར་ལ་སྒྱིད་ལུག་གི་སེམས་ཁམས་ཤིག་སྟེར་ཡོང་བ་དང་། འཚོལ་སྟངས་སློབ་མཁན་དེས་འཚོལ་སྟངས་སློབ་པའི་ཞོར་ལ་བརྩོན་སེམས་དང་འཚོ་གནས་ཀྱི་ཤེས་རབ་བསླབས་ནས་ཡོང་།
                             ༢༣
  གྲུབ་མཐའ་རིན་ཆེན་ཕྲེང་བར་ཐར་བ་གང་ཞིག་བསྒྲུབ་པའི་བགེགས་སུ་གྱུར་བ་དེ་ནི་འདྲེ་ཡིན་ཟེར། འདྲེའམ་བདུད་ནི་ང་ཚོའི་སྣང་ཡུལ་གྱི་མགོར་རྭ་དང་ལག་པར་སྡེར་མོ་ཅན་དག་མ་ཡིན་པར། སོ་སོ་ལེགས་ལམ་དུ་འཇུག་པར་བར་ཆད་གཏོང་མཁན་གྱི་མི་དང་རྐྱེན་སྣ་ཚོགས་པ་ཡིན།
                         ༢༤
  ཨུ་རུ་སིའི་རི་མོ་བ་གྲགས་ཅན་ལེ་པུན་གྱིས་རིག་པའི་ཀློང་བརྡོལ་བ་ནི་སྙིང་རུས་ཆེན་པོས་འབད་བརྩོན་བྱས་པའི་བྱ་དགའ་ཙམ་རེད་ཅེས་གསུངས་འདུག  སྙིང་རུས་བསྐྱེད་ན་གྲུབ་འབྲས་ཐོབ་པའི་ངེས་པ་མེད་ཀྱང་། གྲུབ་འབྲས་ཐོབ་མཁན་ལ་ངེས་པར་དུ་དཀའ་སྡུག་ཚད་མེད་མྱངས་པའི་གཏམ་རྒྱུད་བརྗོད་མི་ཚར་བ་རེ་ཡོད་ངེས།
                         ༢༥
  <<གྲུབ་མཐའི་སྐོར་གྱི་རྣམ་བཤད་>>ཅེས་པའི་བཤེས་གཉེན་བསྟེན་ཚུལ་དུ་འདུ་ཤེས་དྲུག་བསྟན་ཡོད་པར།རང་ལ་ནད་པ་ལྟ་བུའི་འདུ་ཤེས་དང་།  རང་གིས་སྦྱོང་བའི་ཡོན་ཏན་ལ་སྨན་གྱི་འདུ་ཤེས། དགེ་རྒན་ལ་སྨན་པ་ལྟ་བུའི་འདུ་ཤེས་འཛིན་དགོས་པ་བསྟན། སྨན་པས་ལུས་ཁམས་གསོ་ཞིང་དགེ་རྒན་གྱིས་སེམས་ཁམས་གསོ། དགེ་རྒན་དང་སྨན་པ་ནི་ཆེས་རླབས་ཆེ་བའི་མི་ཡིན་ནའང་། སྨན་ཁང་དུ་འཚང་བའི་ལག་རྩལ་མེད་པའི་སྨན་པ་དང་། སློབ་གྲྭར་འཚང་བའི་ཡོན་ཏན་མེད་པའི་དགེ་རྒན་འདི་དག་ཇི་འདྲའི་འཇིགས་སུ་རུང་བ་ལ།
                         ༢༦
  ཡེས་ཅེ་ཡིས་<<མེ་དང་འཁྱགས་རོམ>>དུ་འཇིག་རྟེན་སྟེང་ཆེས་བཟོད་ཐབས་བྲལ་བ་ནི་གསར་གཏོད་མེད་པའི་བསྐྱར་ཟློས་ཡིན་ཟེར།  ཀོར་ཨེར་ཅིས་གསར་གཏོད་གྱིས་ཤིག  ཁྱེད་རང་མི་ཞིག་ཡིན་པའི་ཕྱིར་ཞེས་བཤད་འདུག  ལུས་ཀྱི་བཟོ་ལྟ་ཙམ་ལ་དམིགས་ནས་མི་ཞེས་འབོད་པའི་སོ་མཚམས་ལས་བརྒལ་ཏེ་གླེང་ན། ང་ཚོ་མི་ཞིག་ཡིན་པ་ལའང་ཐེ་ཚོམ་སྐྱེས་དགོས་འདུག་ཨང་།
                         ༢༧
  སྨན་བླ་སྐྱབས་ཀྱི་གར་ཆུང་<<སྐུད་མེད་ཁ་པར>>དུ། ཁྱེད་རང་བཟི་ཆོག་ཀྱང་སྐྱུག་མི་ཆོག་སྟེ།  སྐྱུག་རོ་ཧ་པས་ལྡག་ཚེ་ཧ་པ་ཡང་བཟི་འགྲོ་བ་བཤད། ཚུལ་མིན་གྱི་སྤྱོད་ལམ་དང་ཞེ་མེར་བའི་རང་གཤིས་སུ་ལའང་ཡོད་ཆོག་ཀྱང་། དེ་ཉིད་མངོན་བསྒྲགས་དང་ཁྱབ་སྤེལ་སོགས་བྱེད་པར་མི་རིགས་དེ ། ཧ་པ་ལྟ་བུའི་མདོ་མེད་དག་གི་སྤྱོད་ཡུལ་དུ་གྱུར་བ་ཡིན་ན་ཁོ་ཚོ་ཡང་རང་བཞིན་གྱིས་ཐ་ཤལ་བ་ཞིག་ཏུ་འགྱུར་འགྲོ་ངེས།
                         ༢༨
  རྒྱ་གར་ཡུལ་གྱི་སྙན་ངག་པ་གྲགས་ཅན་ནག་མོ་ཁོལ་གྱི་ལོ་རྒྱུས་སུ། རྒྱལ་པོ་བྷཱི་མ་ཤི་ཀཱ་ལའི་སྲས་མོ་དཔྱིད་ལྡན་མར་མག་པ་འདེམ་གྱིན་པར།  བྲམ་ཟེ་མཆོག་སྲེད་ཀྱིས་སེམས་སུ་ཇུས་ངན་ཞིག་ཤར་ནས་འཇིག་རྟེན་སྟེང་ཆེས་བླུན་པའི་མི་གང་ཡིན་པ་འཚོལ་དུ་ཕྱིན།  ལམ་ནས་གཡང་གཟར་དུ་སྐྱེས་པའི་སྡོང་པོའི་ཡལ་གར་ཞོན་ཏེ་
ཡལ་གའི་རྩ་བར་སྟ་རེས་རྒྱག་བཞིན་པའི་གླང་རྫི་ཞིག་དང་འཕྲད །  ཁོའི་སེམས་སུ་འཇིག་རྟེན་ན་འདི་ལས་བླུན་རྟགས་ཚ་བ་ཞིག་མེད་དོ་སྙམ་སོང་བའི་དུམ་ཚན་ཞིག་འདུག  ངས་བསམ་ན་སུས་ཀྱང་དེ་ལྟར་འདོད་སྲིད ། ང་ཚོས་ཁོར་ཡུག་བརླགས་ནས་འཚོ་གནས་བྱེད་སྟངས་དེ་དངོས་གནས་དེ་དང་འདྲ་བོ་འདུག  བརྣབ་སེམས་
ཀྱི་དྲི་ཡིས་མཛེས་པའི་གཞིས་ཁྱིམ་གཏོར་བཅོམ་གཏོང་བའི་མི་རེ་རེ་ནི་བླུན་རྟགས་ཚ་བའི་མི་དེ་དང་ཨ་ན་མ་ན་རེད །     
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་འཆར་ཀློང་།༤

2012-03-07 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།