དྲང་པོ་བླུན་པོའི་མནའ་བཅད་ཡིན་ནམ།

   འཇིག་རྟེན་དུ་གནའ་ནས་ད་ལྟའི་བར་མི་དྲང་བོ་ཧ་ཅང་མང་པོ་ཞིག་བྱུང་མྱོང་ལ།མི་བླུན་པོའང་ཧ་ཅང་མང་པོ་ཞིག་བྱུང་མྱོང་།ཡིན་ནའང་མི་དྲང་བོ་མཐའ་དག་བླུན་པོའམ་བླུན་པོའི་མནའ་བཅད་ཡིན་ཞེས་ཁ་ཚོན་བཅད་དེ་བཤད་པ་དེ་ནི་ཕྱོགས་གཅིག་ལས་ཕྱོགས་གཅིག་ལ་བསམ་བློ་མ་བཏང་བའི་བསམ་པ་གུ་དོག་གི་མངོན་རྟགས་སམ་ལྟ་བ་ཞིག་རེད།
   སྤྱིར་མིའི་རིགས་ཀྱི་སློབ་གསོ་ནི་ཡ་རབས་དང་གཞུང་དྲང་།འཆམ་མཐུན་དང་དཔལ་ཡོན་བཅས་ཀྱི་ཕྱོགས་སུ་བསྐྱོད་བཞིན་ཡོད་ལ།སློབ་གསོ་དེ་ལྟ་བུ་སྒྲུབ་པ་ནི་མིའི་རིགས་འདི་ཀླ་ཀློ་དང་མུན་དོང་གི་དུས་རབས་ལས་བརྒལ་ཏེ་འཕེལ་རྒྱས་དང་དཔལ་ཡོན་གྱི་པྱོགས་སུ་གོམ་ཁ་བསྒྱུར་དང་བསྒྱུུར་བཞིན་པའི་རྟགས་མཚན་རྣལ་མ་ཞིག་གམ་ཡང་ན་སྤྱི་ཚོགས་ཀྱི་སྒུལ་ཤུགས་དེ་མདུན་ནས་མདུན་དུ་བསྐྱོད་བཞིན་པའི་ར་སྤྲོད་གསལ་བོ་ཞིག་ཀྱང་རེད།
   འོ་ན་འཆམ་མཐུན་དང་དཔལ་ཡོན་གྱི་སྤྱི་ཚོགས་ཀྱི་སྡེ་ཞིག་གྲུབ་པར་གཞུང་དྲང་དང་ཡ་རབས་ཀྱི་མི་བུ་རེ་རེ་འཚར་ལོངས་དང་ཡར་འགྲེང་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཏཡ་སེམས།ང་ཚོའི་མཐའ་འཁོར་རྒྱུ་འབྲས་དང་བློ་མིག་དཀར་བའི་གང་ཟག་གིས་ཁེབས་ཤིང་།ང་ཚོའི་སེམས་ཀྱང་དྲང་བོ་དྲང་བཞག་དང་བདེན་པ་བདེན་དྲང་ཞིག་ཡིན་སྲིད་ཀྱི་ན།ང་ཚོ་གནས་པའི་སྤྱི་ཚོགས་དེ་ནི་ངེས་པར་འཆམ་མཐུན་དང་དཔལ་ཡོན་གྱི་སྤྱི་ཚོགས་ཤིག་ཡིན་ངེས་པས།མི་དྲང་བོ་དང་བདེན་དོན་སྐྱོང་མཁན་རེ་རེ་ནི་སྤྱི་ཚོགས་ཡར་སྐུལ་དང་ཕན་བདེ་སྐྱོང་བའི་གཞི་ཡིན་པ་ལས་བླུན་པོའམ་བླུན་པོའི་མནའ་བཅད་ག་ལ་ཡིན།
   གནའ་བོའི་ངག་རྒྱུན་ཞིག་འདི་ལྟར་གྲགས་ཡོད་དེ།སྔོན་མི་ཧ་ཅང་གདུག་རྩུབ་ཅན་ཞིག་གིས་རང་གི་བློར་མི་འབབ་པའི་སྡེ་མི་ཞིག་བསད་དེ་ཆུ་ལ་བསྐུར།བསད་པའི་མི་དེའི་བུའི་མིང་ལ“་དྲང་བོ”་ཟེར་ཞིང་།དེ་ནི་སྡེ་བའི་ནང་གི་མི་ཧ་ཅང་དྲང་བོ་ཞིག་ཡིན་པས་དེ་ལྟར་ཐོགས།དྲང་བོས་རང་གི་ཕ་རྒན་གྱི་ལག་དམར་ཤེས་རྗེས་ཁོང་ཁྲོ་ཆེན་པོས་གདུག་རྩུབ་ཅན་གྱི་ཁྱིམ་དུ་སོང་།གདུག་རྩུབ་ཅན་གྱི་མི་དེར་“སྤྱང་བོ”་ཟེར་བའི་བུ་ཞིག་ཡོད་ཅིང་།དེ་ནི་སྡེ་བའི་ནང་གཡོ་དང་སྒྱུ་ལ་ཅུང་མཁས་ཟེར་བས་མི་ཚང་མས་ཁོར་དེ་ལྟར་བཏགས།སྤྱང་བོས་རང་གི་ཕ་རྒན་ལ་གཞན་གྱིས་གནོད་འགྲོ་སེམས་ནས་ཕ་རྒན་སྡོང་རྒན་སྐྱ་བོ་ཞིག་གི་ཁོག་ཏུ་བཅུག་ཅིང་།ཕ་རྒན་འདྲེ་རུ་གྱུར་ཏེ་སྡོང་རྒན་དེའི་ཁོག་ཏུ་འཛུལ་སོང་ཞེས་བཤད།
   དྲང་བོ་དེས་དེ་ན་འདྲེ་ཡང་འདུལ་དགོས་ཟེར་ནས་སྡོང་རྒན་གྱི་མཐར་བུད་ཤིང་སྤུངས་ཤིང་མེ་རུ་སྒྲོན་པས་མཐར་གདུག་རྩུབ་ཅན་གྱི་ཚེ་སྲོག་དེ་མེ་ལྕེའི་ཁྲོད་ཕྱི་མའི་ཡུལ་ལ་བརྫངས་སོང་།དེ་བས་བཤད་རྒྱུན་ལ་“ཧ་ཅང་སྤྱང་བོ་སྤྱང་གྲུང་མིན།།ཧ་ཅང་སྤྱང་བོ་སྤྱང་ཡིན་ན།།ཕ་རྒན་དུ་བས་གསོད་དམ་ཅི།།”ཟེར་བའང་བྱུང་ངོ།
གཏམ་རྒྱུད་འདི་ལས་ང་ཚོས་ཤུགས་སུ་གོ་ཐུབ་པ་ནི་སྤྱང་གྲུང་ལྡན་ཟེར་ནས་གཡོ་སྒྱུ་དང་སྦྱོར་ངན་ལག་ཏུ་བསྟར་བའི་མི་དེ་རིགས་ལ་གནས་སྐབས་ས་གྱི་ཁེ་ཕན་ཞིག་ཐོབ་སྲིད་ཀྱང་།ཡུན་བརྟན་མིན་པ་དང་མཐའ་འཇུག་བདེན་དོན་གྱི་ལས་ལ་འཇུག་པའི་མི་དག་གི་ལག་འོག་ནས་འོས་མེད་ཀྱི་ཕམ་ཁ་ཉོ་སྲིད་པ་ཁག་ཐེག་ཡིན་པ་དེ་རེད།
དེང་སྐབས་སྤྱི་ཚོགས་སུ་འདྲ་མཉམ་མིན་པའི་སྣང་ཚུལ་མང་པོ་ཡོད།ཡིན་ནའང་དེའི་ཁྲོད་དུ་བདེན་དོན་དང་བདེན་དོན་ཕྱོགས་ལ་ལྷོད་མེད་དུ་གཞོལ་བའི་མི་མང་མངཤས་གིས་གནས་སྐབས་སུ་གྱོང་ཅུང་རེག་སྲིད་མོད་སྣང་ཚུལ་དེའིརིགས་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་སྤྱི་ཚོགས་སྤྱིའི་འཕེལ་རྒྱས་ཀྱི་ཆུ་ཚད་ལ་རག་ལས་པ་ལས་དྲང་པོའི་རིགས་ནི་ནམ་ཡང་ཕམ་ཁ་མྱོང་མཁན་དང་རྗེས་ལུས།བླུན་པོའི་མནའ་བཅད་ཅིག་ཡིན་མི་སྲིད་དེ།སྤྱི་ཚོགས་ཀྱི་བསམ་བློ་དང་དཔལ་འབྱོར་གྱི་འཕེལ་རྒྱས་ཚདགངེས་ཅན་ཞིག་ཏུ་སླེབས་ན་དེ་ཚོ་ནི་ངེས་པར་རྒྱལ་ཁ་ལེན་མཁན་ཡིན་ངེས།
   ཡིན་ནའང་།འདིར་གསལ་བཤད་བྱ་རྒྱུ་ཞིག་ཡོད་པ་ནི་“དྲང་བོ”་ཟེར་བ་ནི་བསམ་བློའམ་ཀླད་པ་འགུལ་མི་ཤེས་ཤིང་།ཡོད་ཚད་གཞན་གྱི་ངག་སྒྲོས་ལ་འཇུག་ཅིང་།རང་ལ་བསམ་བློའི་ལངས་ཕྱོགས་དབེན་པ།མི་ཚེའི་ལྟ་བའམ་སྒེར་ཚུགས་དང་རང་འགུལ་ཟེར་བ་ཞིག་མེད་པའི་མིའི་རིགས་མ་ཡིནཏེ།དེའི་རིགས་ནི་རྨོངས་འཐོམས་ཅན་ནམ་དངོས་དོན་གྱི་བླུན་པོའོ། གང་ལྟར་།དཔལ་འབྱོར་དང་རིག་གནས་ཀྱི་འཕེལ་ཁ་རླུང་ལྟར་མྱུར་བའི་དེང་གི་དུས་སྐབས་འདིར།ང་ཚོ་སྔར་བཞིན་བདེན་དོན་དང་དྲང་བདེན་ལ་ཕྱོགས་འོས་ཤིང་ཡ་རབས་གཞུང་དྲང་གི་མི་དྲང་བོའི་རིགས་ལ་ང་ཚོས་སྔར་བཞིན་བརྩི་བཀུར་དང་མིག་དཔེར་འཛིན་འོས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲང་པོ་བླུན་པོའི་མནའ་བཅད་ཡིན་ནམ།

2012-03-05 བཀྲ་ཤིས་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།