ངའི་མི་ཚེའི་ནང་གི་དགའ་རོགས་ཐོག་མ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-01

  དེ་ཡང་སེམས་ཅན་རེ་རེའི་དབང་རྩའི་ལམ་ན་གཉུག་གཤིས་སུ་ལྡང་བའི་ཆགས་གདུང་གི་རླུང་ནག་རྒོད་པོས་མི་སེམས་ཡང་ཡང་སྦུར་བའི་པའི་རྐྱེན་གྱིས། སྔོན་གྱི་དུས་སུ་མུ་སྟེགས་རྒྱང་འཕེན་པའི་དྲང་སྲོང་འཇིག་རྟེན་མིག་གིས་རང་གི་བུ་མོར་འདོད་པ་སྤྱོད་ཕྱིར་སྐྱེ་བ་སྔ་ཕྱི་མེད་པའི་གཞུང་འབུམ་ཕྲག་གཅིག་བརྩམས་ཤིང་། དུས་ད་ལྟ་ཡང་ལོག་གཡེམ་བགྱིས་ཏེ་ནག་པོའི་བཙོན་དོང་སྲུང་མཁན་གྱི་མི་དང་ཤ་ཁྲག་གི་འབྲེལ་བར་མི་ལྟ་བར་དམེ་ལུགས་བྱེད་པའི་གླང་ཕྲུག་ཀྱང་ཉིན་བཞིན་ཇེ་མང་ཡིན་པ་ལྟར།ངས་ཀྱང་ཆགས་པའི་དབང་གིས་འཇིག་རྟེན་འདིར་སྨད་འཚོང་མ་ཐེ་བའི་བུད་མེད་དུ་མ་དང་ལྷན་དུ་ཉལ་བོ་མང་ཙམ་བརྒྱབ་ཅིང་། ཁོ་མོ་ཅག་གི་སྐྱེན་མོའི་རྐང་ལག་གིས་དམ་པོར་བཅིངས་ཏེ་རོ་སྨད་ཡུན་གྱིས་འགུལ་བའི་བྱི་རྩལ་དང་།མཉེན་མོའི་མཆུ་འདབ་ཀྱིས་ལུས་པོའི་སྟོད་སྨད་ལྡག་སྟེ་སྲོག་གི་དབང་རྩ་བསྲོས་བའི་བྱིན་རླབས། རྒྱགས་པའི་མྱོས་བུམ་གྱིས་བྲང་ཤ་དང་བརླིག་རྩར་ལྷོད་ཀྱིས་རྡེག་པའི་བདེ་ཚོར།  ལུས་པོ་འཁྱུད་ཅིང་འོ་སྦྱོར་བྱེད་པ། སོ་འདེབས་ལ་སེན་མོས་བསྣུན་པ། སྐབས་རེར་རྣ་བའི་ལམ་དུ་ཤབ་ཤུབ་སྨྲ་ཞིང་ལན་རེར་མིད་པའི་སྦུགས་ལས་ཆགས་སྲེད་ཀྱི་སིད་སྒྲ་སྒྲོག་པ་སོགས་ཀྱི་འཛད་མེད་བདེ་སྣང་གི་སྐྱིད་ལ་རོལ་བ་འང་ཐེངས་གཅིག་མིན།འོན་ཀྱང་།ཕྲན་ལ་བག་ཆགས་ཆེས་ཟབ་པ་དང་ཤིན་ཏུ་བརྗེད་པར་དཀའ་བ་ནི་ཕོ་ལོ་བཅུ་གསུམ་སྟེང་བཙལ་བའི་འབྲོག་ཕྲུག་མ་སྙིང་ལ་རྗེ་བོ་འམ་ངའི་མི་ཚེའི་ནང་གི་དགའ་རོགས་ཐོག་མ་དེ་རེད།
     ཏག་ཏག་ང་རང་ཕོ་ལོ་བཅུ་གསུམ་ཡིན་པའི་ལོ་དེའི་དགུན་ཁར། ཕྲན་གྱི་ཕ་ཡུལ་དུ་ཁྲི་གདུགས་ཉི་མས་ཞི་དཀའ་ལ་དུང་མདོག་ཟླ་བས་འབྱིད་ཁེགས་པའི་ཁ་བ་ཆེན་པོ་ཞིག་བབས་ཤིང་།  སྡེ་བའི་ནང་གི་ཁྱིམ་ཚང་མང་ཆེ་བས་རྩྭ་ས་གཞན་ནས་གླས་ཏེ་དགུན་འཁྱོལ་ཐབས་བྱས། ངེད་ཚང་ནི་རྨ་ཆུའི་ཕ་རོལ་གྱི་དངུལ་རྭ་ཡུལ་ཚོ་དང་ཁ་ཐག་མི་རིང་བའི་བདེ་ཐང་ཞིག་ཏུ་རུ་སྤར་ཏེ་ཕྱུགས་ཟོག་འཚོ་སྐྱོང་བགྱིས། རྩྭ་སའི་བདག་པོ་ཚང་ལ་ང་དང་ན་ཚོད་མཉམ་པའི་བུ་མོ་ཆུང་ཆུང་ཞིག་ཡོད། ངེད་གཉིས་ཀྱིས་ཉིན་དཀར་ཕྱུགས་ཟོག་རྩྭ་སར་དེད་ཅིང་། མཚན་མོར་ནོར་ཁྱུའི་མཐའ་ནས་ཉལ་དེ་གྲོང་གི་རྐུན་མ་དང་རི་ཡི་སྤྱུང་ལྟོགས་འགོག་པའི་སྲུང་བ་བྱས།
   ད་ེལྟར་དུས་ཡུན་རིང་བོ་མ་ཕྱིན་པར། དགུན་ཟླའི་གྲང་རེག་གིས་ལུས་པོ་ཆུང་ཆུང་གཉིས་བཙན་གྱིས་བཙིར་ཏེ་སློག་པ་གཅིག་གི་ཐུ་འོག་ཏུ་མཉམ་པོར་བཅུག་ཅིང་། ནམ་ཡང་སད་མི་རུང་བའི་རྨི་ལམ་ཞིག་རྨི་བར་ཧུར་གྱིས་སྐུལ།  མཚམས་དེར་ངས་ཁོ་མོའི་ཆེད་དུ་དྲན་འཛིན་གྱི་གཞི་རུ་མེད་པའི་ལ་གཞས་དང་གནའ་གཏམ་མང་བོ་རྟོག་བཟོ་བྱས་ཏེ།ཁོ་མོའི་སྙིང་གི་རུས་སྒྲོམ་དུ་དགའ་སྐྱིད་ཀྱི་ས་བོན་རྡོག་ཅིག་འདེབས་པར་ཤུགས་ཆེན་པོས་ཧུར་བརྩོན་ལན་མང་བྱས་མྱོང་།  ད་ལྟ་བསམ་ན་དེ་ནི་ར་རིས་མ་གོས་པའི་དགའ་བ་ངོ་མའམ་རྫུན་དང་གཡོ་སྒྱུས་མ་བསླད་པའི་བརྩེ་དུང་རྣམ་པར་དག་པ་ཞིག་རེད་ལགས།
      དགུང་གི་སྨིན་དྲུག་ཁྲ་མོ་དང་བྱང་གི་སྐར་མ་ཨ་བརྟན། ནམ་ལངས་ཐོ་རེངས་སྐར་ཆེན་སོགས་ད་ལྟ་མཐོང་ཡང་ངོ་མི་ཟིན་པའི་སྐར་མ་གྲངས་མེད་པ་ཞིག་གི་ཁ་གཏད་དུ་ཉལ་ཏེ།འབྱུང་འགྱུར་ནི་བདེ་སྐྱིད་ཡིན་པར་རློམ་པའི་ངེད་གཉིས་ལ་མཚོན་ན།མཆུ་སྒྲོས་ཀྱི་འཇམ་ཤ་གཅིག་ཏུ་སྦྱར་ཏེ་སྒོར་ཞིང་ཆུང་བའི་མིག་ཟུང་གིས་གཅེས་བྱམས་ཀྱི་དྲོད་ཁོལ་གླེང་བ་ཙམ་ལས།  མཚན་མ་ཁ་སྤྲོད་པའི་འཁྲིག་སྦྱོར་གྱི་ལས་ནི་དེ་འདྲའི་རྩིས་ཆེ་བ་ཞིག་ཏུ་གྱུར་མྱོང་མེད། རྩིག་གྱང་ལྕི་བ་ཡིན་པའི་མལ་ཁང་ཆུང་ཆུང་དེ་རུ། ངེད་གཉིས་ཀྱིས་དགའ་སྐྱོ་ཟུང་འདྲེས་ཀྱི་ས་རྡུལ་དབྱངས་སུ་སྤུར་ཅིང་། ལས་དབང་དཀར་ནག་གི་ཐུ་གུ་མཉམ་པོར་འཁེལ་ཏེ་དགུན་དཔྱིད་གཉིས་ཀྱི་དུས་ཚིགས་རྫོགས་པར་བྱས། ད་ཡང་ང་རྨ་ཆུའི་ཚུར་རོལ་གྱི་འབྲོག་སྡེ་ཕྱུག་མོ་སྟེ།རང་གི་ལྟེ་ཁྲག་འཕོས་སའི་ཕ་ཡུལ་དུ་ལོག་དགོས་བྱུང་། བརྡ་འཕྲིན་གྱི་ཆ་རྐྱེན་ཞན་ཞིང་འགྲིམ་འགྲུལ་སྟབས་བདེ་མིན་པའི་སྐབས་དེར། ངས་ཁོ་མོར་གྱེས་ཁའི་སེམས་གསོ་འདི་ལྟར་བྱས་པ་ཡིན། “ལོ་ངོ་གཅིག་གམ་གཉིས་ཀྱི་རྗེས་སུ་ང་ཁྱེད་ལ་ལྟ་རུ་ཡོང་ངེས་ཡིན། དེ་དུས་ཁྱོད་སྔར་བཞིན་མོ་རྐྱང་ཡིན་ན། དེ་དུས་ཁྱོད་ད་ལྟ་བཞིན་ང་ལ་དགའ་ན། ངས་ཁྱོད་ཉིད་འབྲོག་སྡེ་ཆེན་པོ་གན་གི་མནའ་མར་བསུ་ཆོག”ཅེས་ཤིན་ཏུ་དཔའ་གདེང་ལྡན་ལ་ཡིད་ཆེས་ཁེངས་པའི་གཏམ་ཞིག་བཤད་པ་ཡིན། དུས་བཅད་ལ་ཐོན་པའི་སྐབས་སུ་ཕ་མ་དབང་ཆེན་ཡིན་པ་དང་ང་ཡང་ལོ་ན་ཆུང་བའི་རྐྱེན་གྱིས་གོང་གི་དམ་ཚིག་དེ་ལ་བློ་ལོག་མི་བྱེད་ཀ་མེད་བྱུང་སོང་།
    ངས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་མཐོ་འབྲིང་འདོན་བཞིན་པའི་སྐབས་དེར།ངེད་གཉིས་ཐེངས་གཅིག་ལ་ཁ་ངོ་འཕྲད་མྱོང་ཞིང་། དེ་དུས་ཁོ་མོའི་རུམ་ན་སྐྲ་ལོ་ནག་འཁྱིལ་ལེར་འདུག་པའི་བྱིས་པ་ཆུང་ཆུང་ཞིག་ཡོད་པ་དང་། གམ་དུ་བྱིས་པ་དེའི་ཨ་ཕ་ལོས་ཡིན་འདོད་པའི་འབྲོག་ཕྲུག་སྣང་མཐོ་ཞིག་ཀྱང་འདུག  ཁོ་མོས་ང་ལ་ཅུང་མ་རིངས་པའི་ཚུལ་གྱིས་ཆེས་སྤྱིར་བཏང་གི་འཚམམ་འདྲི་ཙམ་ལས་སྐད་ལ་གཞན་བཤད་མ་བྱུང་། 
    དུས་ཚོད་ཀྱིས་མི་ཆེ་རུ་བསྐྱེད་ཅིང་མིས་རང་གི་འདོད་པ་ཆེ་རུ་བསྐྱེད་པའི་ད་ལྟ་བར། ང་ལ་ཁེ་གྲགས་དང་ཚུལ་འཆོས་ཀྱིས་མ་བརྫད་པའི་མཛེས་སྡུག་གི་ཕྱིར་དྲན་ཡུག་ཅིག་ཡོད་པ་ནི། གཟེབ་ནང་གི་མི་ཚེར་བསྒྲོན་པའི་གཏམ་རྒྱུད་ཀྱི་གསེར་ཐག་ཡིན་ལ། སེམས་ཀྱི་ན་ཟུག་གི་འཁྲིས་སུ་ཡན་པའི་རང་དབང་གི་སྤྲིན་དཀར་སིལ་བུ་ཞིག་དང་མཚུངས།
   ཁོ་མོ་ནི་མིག་ཆུ་མང་བའི་བུ་མོ་ཞིག་སྟེ། ནམ་རྒྱུན་ངའི་ཕྲག་སྟེང་དུ་མགོ་བོ་བསྙེས་ནས་ངུ་བར་དགའ། ཁོ་མོ་ནི་འཆར་ཡན་ཕུན་ཚོགས་ལྡན་པའི་འབྲོག་མོ་ཞིག་སྟེ། དུས་རྟག་ཏུ་འཚོ་བ་རྨི་ལམ་དུ་བརྩིས་འགྲོ ། ཁོ་མོ་ནི་ངའི་ཆུང་འདྲིས་ཏེ། ངས་མི་ཚེ་གཅིག་ལ་བརྗེད་པར་དཀའ་བའི་ཆུང་འདྲིས་སོ། །
                                                  སྤྱི་ལོ་༢༠༡༢ལོའི་ཟླ་༡ཚེས་༧ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་མི་ཚེའི་ནང་གི་དགའ་རོགས་ཐོག་མ།

2012-03-01 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།