དྲན་འཆར་ཀློང་།༣

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-02-06

                         ༡༥
 མཚན་ཉིད་སྨྲ་བ་ཉིས་ཚེ་ཡིས་མི་ལ་སྙིང་རྗེ་ཡོད་མི་རུང་ཅེས་གདམས་པར་གྲགས། ཕན་ཚུན་སེམས་ཤེས་དང་རོགས་རེས་བྱེད་པ་ནི་ཆེས་མཐོའི་སྤྱོད་པ་ལགས་ཀྱང་།  མཚམས་ལ་ལར་མིའི་བག་ཉལ་གྱི་འདུ་ཤེས་ཁྲོད་ཉར་བའི་བླ་མེད་ཀྱི་བརྩེ་བ་ཆེན་པོ་འདིས། ལེ་ལོ་དང་སྒྱིད་ལུག་གི་བྲན་དུ་འགྱུར་བའི་མི་ཚོགས་གང་མང་གྲོག་ཚང་བརྡོལ་བ་བཞིན་སྐྱེད་ནས་ཡོང་།
                         ༡༦
  དགེ་རྒན་གྱིས་སློབ་མར་གཅེར་རྡུང་བྱེད་པ་དེ་ཁྲིམས་འགལ་གྱི་སྤྱོད་པ་ཞིག་རེད་ཟེར། དམིགས་ཡུལ་དང་ཀུན་སློང་ཟུར་དུ་བཞག་ནས་རྣམ་པ་ཙམ་གྱི་སྟེང་ནས་བཤད་པ་ཡིན་ན། སྨན་ཁང་དུ་སྨན་པས་ནད་པར་ཁབ་གཙག་དང་བཤའ་བཅོས་བྱེད་པ་དེའང་ཇི་འདྲའི་གདུག་རྩུབ་ཀྱི་སྤྱོད་པ་ཞིག་རེད་ཨང་།
                         ༡༧
  ཕུལ་དུ་བྱུང་བའི་རྩོམ་རིག་མཁས་ཅན་ཀའོ་མའོ་རའོ་ཡིས་ཁོའི་མི་ཚེ་ནི་རང་ལོ་བརྒྱད་ཅུ་ནས་འགོ་བརྩམས་པར་བཤད། སེམས་ཀྱི་སྙིང་རུས་དང་བློ་སྟོབས་མ་ཉམས་ཚེ་བྱ་གཞག་ཐམས་ཅད་དུས་ནམ་ཞིག་འགོ་བརྩམ་ཡང་འཕྱིས་དྲགས་པ་གང་ཡང་མེད།
                         ༡༨
  མི་ཚེ་ཞིག་གི་སྐྱིད་སྡུག་ཐོབ་ཤོར་ཡོད་ཚད་ལས་དབང་དང་འབྲེལ་ཡོད་ཟེར།  དབྱིན་ཇིའི་ཚན་རིག་པ་ཧའོ་ཅིན་དང་ཧྥ་རན་སིས་གསར་འགོད་པ་སྦོ་ཏི། འཇར་མན་གྱི་སྒྱུ་རྩལ་བ་པེ་ཏའོ་ཧྥིན།  ཨ་རིའི་སློབ་གསོ་བ་དང་རྩོམ་པ་པོ་ཧེ་ལོན་ཁེད་ལི་སོགས་ཀྱིས་ལས་དབང་ལ་ཅོ་འདྲི་གནང་བའི་མཛད་པ་དག་དྲན་ན།  ལས་དབང་ནི་ལེ་ལོ་ཅན་གྱི་ཁ་གཡོར་ས་ཙམ་དང་ངལ་གསོ་བགྱི་སའི་བསྟི་གནས་རང་རེད།
                       ༡༩
  ཉིས་ཚེ་ཡིས་མི་ནི་རང་གི་མཚན་སྙན་གྱི་ཕྱིར་དུ་གསོན་ཡོད་སྐད། དངོས་གནས་དེ་ལྟར་ལགས་ཀྱང་། སེམས་ཀྱི་འཁྱེར་སོ་དང་ལངས་ཕྱོགས་མི་གཅིག་པས་སོ་སོའི་མཚན་སྙན་བརྩོན་ལེན་བྱེད་སྟངས་མི་འདྲ་ལ། ལ་ལ་རི་བོ་ཐན་ཧྲན་ལྟར་ལྕི་ཞིང་ལ་ལ་བྱ་སྒྲོ་ལས་ཀྱང་ཡང་བར་གསུངས།
                     ༢༠
  ནད་པར་བཟི་ཁབ་བརྒྱབ་ན་ཤེས་པ་ཉམས་འགྲོ་བས། ལུས་ལ་ཁབ་དང་གྲིས་གཙག་ནའང་ཚོར་མི་ཐུབ་ཟེར། ནད་པར་བཟི་ཁབ་རྒྱག་པ་ནི་རྒྱུན་ལྡན་དུ་སྣང་རུང་།  དུས་ད་ལྟ་བདེ་ཐང་ཅན་ལ་ཡང་བཟི་ཁབ་བསྟེན་པས་ན་ཟུག་ཅི་བྱུང་ཚོར་མེད་དུ་བཏང་འདུག
                     ༢༡
  སྐྱེས་པ་ཚོས་བུད་མེད་ཚོར་གཏད་སོ་མེད་པ་གླེང་།  ཧ་ཅང་བརྟན་པོར་བཙུགས་པའི་སྡོང་དུམ་ཡང་མི་མང་གིས་ཐེངས་མང་ལ་སྒུལ་ཚེ་ནམ་ཞིག་ཡོ་འགྲོ་བ་ཆོས་ཉིད་ལྟར་འདུག རང་ཉིད་བུད་མེད་ཀྱི་གནས་བབས་ལ་སྦྱར་ནས་བསམ་གཞིག་མི་གཏོང་བའི་ཀླད་སྟོང་འགས་ཨུ་ཚུགས་དང་མཁྲེགས་འཛིན་གྱིས་བརྗོད་པ་ཡིན་ན་མ་ གཏོགས།  བུད་མེད་དག་སྐྱེས་པ་ལྟར་ཡོད་ཚེ་འཇིག་རྟེན་ན་ཡང་སྙིང་གཏད་སོ་ཅན་གྱི་མི་ག་ཚོད་ཡོད་ཨང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་འཆར་ཀློང་།༣

2012-02-06 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།