བརྩེ་སེམས།

རིན་ཆེན་སྐྱབས།༼ཁྱུང་མཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-29

 བསམ་གཞིག་སྣ་ཚོགས་ཀྱི་དབྱིངས་སུ་ནམ་ཡང་ཡལ་བ་མེད་པ་ནི་བརྩེ་སེམས་ཀྱིས་བཞེངས་པའི་སྣང་བརྙན་གསོན་པོ་དེ་ཚོ་རེད། དུས་ཚོད་མདུན་དུ་རྒྱུགས་ཤིང་སྤྱི་ཚོགས་རྒྱབ་དུ་འཕེལ་བའི་སའི་གོ་ལའི་གྲོང་ཚོ་འདིར། མང་མང་ཞིག་གིས་རང་ཁོ་ནའི་འདོད་པ་དོན་དུ་གཉེར་བའི་ཆེད། ཐབས་རྩལ་སྣ་དགུ་དང་གཞུང་འགལ་ལུགས་ལྡོག་གིས་གཞན་གྱི་དྲུང་ནས་ཁེ་ཕན་འབའ་ཞིག་ཧུར་ལེན་བྱེད་བཞིན་ཡོད།  ཡིན་ནའང་། ཕལ་བའི་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་གནས་བབས་སྐྱོ་བོ་དག་སེམས་ཀྱིས་མ་ལྕོག་པར། རྣམ་དཀར་གྱི་དགེ་བའི་ལས་ལ་མཐའ་གཅིག་ཏུ་འབད་པ་བྱེད་པའི་སྐྱེ་བུའང་མང་པོ་ཞིག་བྱུང་མྱོང་ལ། ད་ལྟའང་བྱུང་དང་འབྱུང་བཞིན་ཡོད་པ་སྟེ། སྤྱི་སྒེར་གཞུང་གསུམ་གང་མང་གིས་རྩའཛུགས་བྱས་པའི་སྙིང་རྗེ་ཐེབས་རྩ་ཚོགས་པས་ས་སྟེང་ཁྱབ་འདུག དེ་ནི་ང་ཚོ་མི་རིགས་ཀྱིས་ངེས་པར་དུ་མིག་དཔེར་འཛིན་དགོས་པ་དང་འཛིན་འོས་པ་ཞིག་ཡིན་པར་མ་ཟད། བྱམས་བརྩེའི་དྲོད་ཁོལ་དང་དེ་ཡི་རིན་ཐང་ལ་རོལ་མྱོང་བྱེད་པ་ནི་ང་ཚོ་མིའི་རིགས་ཁོ་ནའི་ལོངས་སྤྱོད་དང་བདེ་སྐྱིད་ཅིག་ཏུ་འཁུམས།  དེ་བས་ང་ཚོས་ངེས་པར་དུ་མི་ཡུལ་གྱི་གཅེས་ནོར་འདི་རྒྱུན་སྲིང་དང་གཙིགས་འཛིན་བྱེད་དགོས་པ་རེད།  དེ་མིན་དེང་སང་འཆམ་མཐུན་སྤྱི་ཚོགས་འཛུགས་པའི་དུས་རབས་ཀྱི་དགོས་མཁོ་དང་ཡོངས་སུ་མཐུན་པ་རེད།
 བརྩེ་སེམས་མེད་པའི་སྤྱི་ཚོགས་ཀྱི་འཇིག་རྟེན་ཞིག་ཡོད་ཚེ། དེ་ནི་ཧ་ཅང་ཡ་ང་བའི་འཇིག་རྟེན་ཞིག་ཏེ། བརྩེ་སེམས་དོར་ན་ཆེ་བ་རྒྱལ་ཁབ་དང་ཆུང་བ་ཁྱིམ་ཚང་། ཐ་ན་རང་ཉིད་དོར་བ་དང་ཀུན་ནས་མཚུངས་པར་མ་ཟད། བརྩེ་སེམས་དོར་བའི་འཇིག་རྟེན་ནི་གཟན་ཕྲེང་སྒྲིག་པའི་སྲོགས་ཆགས་ཀྱི་འཛིག་རྟེན་ཞིག་ལས་ཅི་ཁྱད།  ཡང་གཅིག་བཤད་ན། བརྩེ་སེམས་མེད་པའི་མིའི་རྣམས་ནི་འཕྲུལ་ཆས་ཀྱི་མི་ལྟར་ཆོ་མེད་བྲོ་མེད་ཅིག་ཏུ་འགྱུར་བ་སྨྲོས་མེད་རེད། དེ་བས་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་འདིར་མིའི་རིན་ཐང་གི་ཆེ་ཆུང་དང་བཟང་ངན་གྱི་ཚད་འཇལ་ཆས་ནི་བརྩེ་སེམས་ཀྱི་སྟོབས་ཆེ་ཆུང་ལ་རག་ལས་པར་བཤད་ནའང་ལུང་རིགས་གང་གིས་ཀྱང་གནོད་པ་མེད་པར་སེམས། བརྩེ་སེམས་ཀྱི་རིན་ཐང་རྟོགས་པའི་མི་བུ་ཚོས་རང་ཉིད་ཀྱི་ཁེ་ཕན་ཉི་ཚེ་བ་དེ་རྒྱབ་ཏུ་བསྐྱུར་ནས་སུ་ཞིག་ལ་ཞབས་འདེགས་ཤིག་སྒྲུབ་རྒྱུ་དང་གང་ཞིག་ལ་བྱམས་བརྩེའི་འོད་སྣང་འབྱེད་པར་འགྲན་སློང་བཞིན་འདུག   ལྷག་པར་དུ་དུས་རབས་འདིའི་སྒལ་གཞུང་ན་སྦར་བའི་མུན་འཇོམས་ཀྱི་སྒྲོན་མེ་འབའ་ཞིག་ལགས   སྒོས་སུ་མི་རིགས་དང་སྤྱི་ཚོགས་ཀྱི་འདས་མ་ད་གསུམ་ལ་ཐུགས་ཁུར་ཚད་མེད་གནང་བའི་སྤྱིན་བདག་གཏོང་ཕོད་ཅན་དག་གིས་ཕྱག་ཟུང་ཡངས་པོར་བརྐྱངས་པས།  ཕྱི་ནང་གི་རྐྱེན་མང་བོས་ཁྱིམ་ཚང་གི་འབྱོར་བ་ཞན་པའི་སློབ་མ་ཁ་གྲངས་ལོངས་པ་ཞིག་ལ་སྣ་མང་རིག་གནས་ཀྱི་སློབ་སྦྱོང་གི་སྐལ་བ་སྐྲུན་པར་ལྷག་དུ་གཟི་བརྗིད་ཆེ་ཞིང་བཀའ་དྲིན་ཞུ་དགོས་པ་ཞིག་རེད།  
  བདག་གིས་ཀྱང་མ་འོངས་པའི་ལམ་ཁར་སློབ་སྦྱོང་ལ་འབད་པ་བྱས་ཏེ་གཞན་ཕན་གྱི་ལྷག་སེམས་མངའ་བ་ཁྱེད་ཅག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་ཆབས་ཅིག་ང་རང་ཉིད་ནས་མགོ་བརྩམས་ཏེ་བདག་ལས་གཞན་གཅེས་ཀྱི་འོད་སྟོང་འབར་བའི་རྣམ་ཐར་འདིའི་རྒྱུན་སྲིང་རྒྱུ་དམ་བཅོས་པ་ཡིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་སེམས།

2012-10-29 རིན་ཆེན་སྐྱབས།༼ཁྱུང་མཆུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།