ཡིག་ནོར་ཞིག་དང་དེའི་རྒྱབ་ཀྱི་ནོར་འཁྲུལ་གཞན་དག

   དོ་ནུབ་བདག་ལ་གཉིད་ཀྱི་བདེ་བ་ཞིག་གཏན་ནས་མི་འདུག ཕོག་ཐུག་གང་ཞིག་གི་རྐྱེན་གྱིས་སམ།ཡང་ན་བརྙས་བཅོས་ཅི་ཞིག་གི་དབང་གིས།དོ་ནུབ་བདག་གཉིད་ལ་ལྷོད་ཀྱིས་ཉལ་བའི་སེམས་པ་ཞིག་ཡེ་ནས་མི་འདུག གྲོགས་པོ་ལགས། ཁྱེད་ཀྱིས་བདག་གི་སེམས་ནད་ཤེས་ལགས་སམ། སྤུན་ཟླ་ཀྱེ། ཁྱེད་ཀྱིས་ང་ཡི་རྨ་ཁ་མཐོང་ལགས་སམ།
བདག་རང་ཉིད་ཀྱང་ཡིག་ནོར་གྱི་སྦར་མཐིལ་ནས་མ་ཐར་བའི་སྨྱུག་ཐོགས་པ་ཉམ་ཆུང་ཞིག་ཡིན་པའི་ངོས་ནས་སྔར་ནས་ཡིག་ནོར་དང་དག་ནོར་གྱི་ནད་རོ་ལ་ཤི་འཐབ་རོ་འཐབ་ཀྱིས་རྒོལ་བའི་སྤོབས་པ་ཤིག་མ་རྙེད་ཅིང་། དེ་དང་དེ་དག་གི་རྒྱབ་ལྗོངས་ལ་མིག་ཟུང་གིས་བགྲད་པར་མ་ཕོད་པ་ནི་ཅི་འདྲའི་བྱས་ཉེས་ཤིག་རེད་ཨང་། ཡིག་ནོར་གྱི་རྒྱ་མཚོ་ཆེན་པོར་ཕྱིན་ཕྱིན་པས་ཡོངས་སུ་གོམས་ནས། གོ་མེད་ཚོར་མེད་ངང་བརྙས་བཅོས་ཀྱི་རྐང་པས་མགོ་ཐོག་ནས་བརྫི་བའི་དེ་རིང་བར་འཆུགས་སོང་འདུག དོན་སྐྱོན་གྱི་ནམ་མཁའ་ཡངས་པོར་ལྡིང་ལྡིང་བས་ཧ་ཅང་འདྲིས་ནས། བ་ནེ་བུ་ནེའི་ངང་ཅོ་འདྲི་ཡི་མཛུབ་མོ་གདོང་ལ་འཛུགས་པའི་དེ་རིང་བར་ལུས་སོང་འདུག ཁ་སང་གི་དུས་སུ་ཁྱོད་ཀྱིས་གོ་རྒྱུ་དང་བཀླག་རྒྱུ་མེད་པའི་རི་མོ་འགའ་བོད་ཡིག་ཡིན་ཟེར་ནས་སྒོ་བྱང་ལ་བཀལ་ཡོང་དུས། ངས་ཀྱང་ལྐོག་ལྐོག་སུད་སུད་ཀྱིས་རྒྱང་ནས་ཁྲེལ་དགོད་ཅིག་བྱས་པའམ། འགྲོ་ཞོར་སྡོད་ཞོར་དུ་འཁྲིས་ནས་མིག་ལོག་རེ་བལྟས་ཡོད་ཀྱང་ཆོག ཁ་སང་གི་དུས་སུ་ཁྱོད་ཀྱིས་བསྟན་དོན་མེད་ཅིང་གཅོད་མཚམས་མི་གསལ་བའི་ཚིག་དུམ་ཞིག་ཡིག་ཆའམ་གསལ་བསྒྲགས་ཆེ་གེ་མོ་ཡིན་ཟེར་ནས་གྱང་ངོས་སུ་སྦྱར་དུས། བདག་གིས་དགོད་འཚེར་འཚེར་དང་འཛུམ་དམུལ་དམུལ་ངང་ཅི་ཡང་མ་སྨྲས་པར་བཏང་སྙོམས་སུ་བཞག་སོང་བའམ། ཆོག་ཤེས་དང་སྙིང་རྗེའི་ཁ་གཡང་སྒྲོག་གིན་རང་སྡུག་རང་གིས་ཉོས་སོང་བ་བགྲང་གིས་མི་ལང་། འོན་ཏེ། དེ་རིང་བདག་གིས་མུ་མཐུད་ནས་མི་སྨྲའི་བརྟུལ་ཞུགས་དང་དུ་ལེན་ཐབས་མི་འདུག མགོ་ཐར་དཔུང་འཛུལ་གྱི་བརྙས་བཅོས་འདི་རྩ་བ་ནས་བཟོད་ཐབས་མི་འདུག་སྟེ། 
  ༼ཏྱཧ་བཏབཡེཡིན་ཡིན་པ༽ གྲོགས་པོ་ལགས། ཁྱེད་ཀྱིས་གོང་གི་ཚིག་དུམ་དེའི་དོན་གོ་ཡི་འདུག་གམ། ཞིབ་འཇུག་པ་ཚོ། ཁྱོད་ཚོའི་རྟོག་དཔྱོད་ཀྱི་དབལ་ཁ་རྣོན་པོས་གོང་གི་གནའ་ཡིག་དེ་ཀློག་ཤེས་ཀྱི་འདུག་གམ། སྙན་ངག་པ་ཚོ། ཁྱེད་ཚོའི་ཚོར་ཤེས་ཀྱི་རྣོ་ཁ་སྐྱེན་པོས་གོང་གི་སྙན་ངག་དེའི་དོན་གོ་ཡི་འདུག་གམ། ཁྱོད་ཚོས་གོ་མི་སྲིད། ཁྱོད་ཚོས་གཏན་གཏན་དེ་ནི་དོན་ཅི་ཡང་སྟོན་དུ་མེད་པའི་ཡིག་རིས་ཀྱི་ཚོགས་པ་ཞིག་རེད་ཟེར་ངེས། གལ་སྲིད་ཁྱེད་ཀྱིས་དེ་ལྟར་འདོད་ན་ཁྱེད་རང་འཆུགས་སོང་བ་རེད། རྒྱུ་མཚན་ནི། གོང་གི་ཚིག་དུམ་དེ་ནི་ལེགས་བཤད་གཤའ་མ་ཞིག་དང་སྙན་ངག་དག་མ་ཞིག་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། ཐོག་མར་གསལ་བཤད་བྱ་དགོས་པ་ཞིག་ནི། གོང་གི་སྙན་ངག་གམ་ལེགས་བཤད་དེ་ནི་ལྷ་ས་གྲོང་ཁྱེར་གྱི་གྱོན་ཆས་སྐམ་འཁྲུད་ཁང་ཞིག་གི་སྒོ་བྱང་ཡིན་ལ། རྒྱ་ཡིག་གི་ནང་དོན་ལ་众临洗衣房ཞེས་ཟེར། དེའང众临洗衣房ལ། ༼ཏྱཧ་བཏབཡེཡིན་ཡིན་པ༽ཞེས་བསྒྱུར་པ་འདི། རྒྱ་བོད་ཀྱི་མཁས་དབང་སྟོང་ཕྲག་དུས་གཅིག་ཏུ་འདུས་ཤིང་ལོ་ཙྰ་བ་རབ་དགུ་གནས་གཅིག་ཏུ་འཛོམས་ནའང་སྒྲ་དོན་གང་གི་ཐད་ནས་ཀྱང་འབྲེལ་བ་ཅི་ཡང་མེད་པའི་རྒྱ་ཡིག་དང་བོད་ཡིག་གི་ཚིག་དུམ་དེ་གཉིས་དབར་ལ་གཞན་གྱི་གསང་བའི་འབྲེལ་བ་ཅི་ཞིག་གྲུབ་ཡོད་པ་དང་། དེ་ཉིད་ཡིག་སྒྱུར་གྱི་གཞུང་ལུགས་གང་ཞིག་གང་འདྲ་ཞིག་ལ་རྒྱབ་རྟེན་བཅོལ་བ་དང་། ལོ་ཙྰའི་གཏན་ཚིགས་ཅི་འདྲ་བ་ཞིག་ལ་རྐང་པ་བཙུགས་ནས་བསྒྱུར་བ་ཤེས་རྒྱུ་མ་རེད། གོང་གི་བོད་ཡིག་ཚིག་དུམ་དེ་ཁོ་རང་གཅིག་པུར་བྲིས་བཞག་ན་ཡིག་ནོར་གྱི་ཕུང་པོ་ཞིག་གམ། ཡང་ན་དོན་སྟོན་དུ་མེད་པའི་ཡིག་རིས་སྤྱིར་བཏང་བ་ཞིག་ཡིན་མོད། ཏག་ཏག་ཁོའི་མ་ཡིག་众临洗衣房ཞེས་པ་འདི་དང་གཤིབ་ཅིང་བསྡུར་ནས་བཞག་ན་གཞི་ནས་རོ་བཅུད་དང་འོག་རྒྱུ་ཟད་མི་ཤེས་པའི་སྙན་ཚིག་ཅིག་ཡིན་ལ། དེ་གཉིས་ལྷན་དུ་བསྒྲིགས་ཤིང་མཉམ་དུ་བལྟས་ན་ད་གཟོད་གནས་ལུགས་དང་རྒྱུ་མཚན་གྱིས་གཏམས་པའི་ལེགས་བཤད་སྤུས་མ་ཞིག་ཡིན་པ་རྟོགས་ངེས། གོ་རྒྱུ་དང་བཀླག་རྒྱུ་ཡེ་ནས་མེད་པའི་སྙན་ངག་དེས་ང་ཚོ་ལ་ཉེན་ཁ་ཞིག་སྟོན་གྱིན་འདུག ཉེན་ཁ་འདི་ནི་ཁ་སང་གི་ཡིག་ནོར་ཐར་ཐོར་དག་དང་བསྡུར་ཐབས་ཤིག་རྩ་བ་ནས་མི་འདུག་སྟེ། སྙན་ངག་འདིའི་རྩོམ་པ་པོས། རྒྱ་ཡིག་ཡིག་འབྲུ་ལྔ་པོ་ནན་ཏན་གྱིས་གཏག་རྗེས། མཐེབ་གཞོང་ཐོག་ནས་མཛུབ་མོས་གང་ཟིན་གྱི་མཐེབ་སྣོན་འགའ་གང་དྲན་ཅི་དྲན་གྱིས་བསྣན་རྗེས། སྐྱི་གཡའ་བའི་སྒོ་བྱང་འདིའམ། བསམ་རྒྱུ་ཅན་གྱི་ལེགས་བཤད་འདི་དང་གོ་རྒྱུ་ཅན་གྱི་སྙན་ངག་འདི་འཁྲུངས་པ་ལགས།
   ལེགས་བཤད་འདིའི་བསྟན་དོན་ནི། མི་རིགས་གང་འདྲ་ཞིག་ཡིན་རུང་རང་ལ་དབང་བའི་སྐད་ཡིག་དང་རིག་གནས་དག་རང་ངོས་ནས་འབད་པས་སྲུང་དགོས་ཀྱི་གཞན་ཞིག་ལ་བློས་འགེལ་བའམ་རེ་བལྟོས་བྱེད་པ་ནི་རྒུད་པ་རྩ་བ་ཡིན། གལ་ཏེ་རང་ངོས་ནས་བདག་པོ་ཡག་པོ་མ་བརྒྱབ་ན། མི་རིགས་གཞན་དང་ནུབ་གླིང་པ་ཚོས་བོད་མི་རིགས་སྙིང་རྗེ། རིག་གནས་དང་སྐད་ཡིག་བརླག་འགྲོ་གིན་འདུག་ཟེར་ནས་རུབ་མི་ཡོང་ཁོ་ཐག་ཡིན། རིག་གནས་བརླག་ཟེར་བ་དེ་ཅ་དངོས་ཅི་ཞིག་བོར་བརླག་ཏུ་སོང་བ་ལྟར་གློ་བུར་གློ་བུར་དུ་མེད་འགྲོ་བ་ཞིག་མ་ཡིན་པར། ལོ་དང་ལོ་བརྒྱུད། ཟླ་དང་ཟླ་མཐུད། རིམ་བཞིན་རིམ་བཞིན། ཡིག་འབྲུ་རེ་རེ་བཞིན་བསླད་སྐྱོན་ཤོར། ཚིག་འབྲུ་རེ་རེ་བཞིན་གོ་རིམ་འཁྲུགས་ནས་མཐར་རིག་གནས་གང་དེའི་རྟེན་དུ་གྱུར་པའི་སྐད་ཡིག་གི་སྤྱི་ཚོགས་རིན་ཐང་ཡོངས་སུ་ཤོར་འགྲོ་བ་རེད། དེ་ལྟར་སྤྱི་ཚོགས་ཀྱི་བེད་སྤྱོད་རིན་ཐང་དང་དབང་ཆ་ཤོར་ཞིང་། རིམ་བཞིན་མི་རིགས་རང་སྐྱོང་ས་ཁུལ་གྱི་སྒོ་བྱང་དང་བརྡ་ཁྱབ། ལག་ཁྱེར། ཐམ་ག་སོགས་ཀྱི་ཐོག་ཏུ་རྒྱ་བོད་ཡིག་རིགས་གཉིས་ཀ་འགོད་དགོས་པའི་ཁྲིམས་ཀྱི་གཏན་འབེབས་དེ་དང་མ་འགལ་ཙམ་ལས། འབྲི་མཁན་གྱིས་ལག་ཏུ་གང་ཐེབས་འབྲི་ཤིང་། ཀློག་མཁན་གྱིས་མིག་ཟུར་ཙམ་གྱིས་ཀྱང་མི་བལྟ་བར༼ཏྱཧ་བཏབཡེཡིན་ཡིན་པ༽མང་ནས་མང་དུ་ཐོན་ངེས་ཤིང་། འདི་ལྟ་བུའི་བོད་ཡིག་གིས་ནི་སྤྱི་ཚོགས་ཀྱི་གྲུ་ཟུར་གང་ལའང་ཕན་ནུས་ཐོན་པ་མི་སྲིད་ན། མཐར་བོད་ཡིག་འདི་ཉིད་སྒོ་བྱང་དང་ཁྲོམ་སྲང་ནས་གཏན་ནས་གཏན་དུ་ཡལ་བའམ་ཡང་ན། སྒོ་བྱང་གི་མཛེས་སྤྲོས་རི་མོ་ཞིག་ཏུ་འགྱུར་ཡང་སྲིད། གྲོགས་པོ་ལགས། ད་ལྟ་ཁྱེད་ཀྱིས་ལེགས་བཤད་འདིའི་བསྟན་དོན་གསེར་འདྲ་བ་དེར་གོ་བ་རྙེད་སོང་ངམ། འདི་རུ་གནས་ལུགས་རི་ལས་ཆེ་བ་ཤིག་དང་གཏན་ཚིགས་མཚོ་ལས་ཟབ་པ་ཞིག་སྦས་ཡོད་པ་ཚོར་ཨེ་བྱུང་།
   ཡང་གཅིག་བཤད་ན་གོང་གི༼ཏྱཧ་བཏབཡེཡིན་ཡིན་པ༽ཞེས་པ་འདི་ནི་དེང་སྐབས་ཀྱི་གནས་བབས་དང་དུས་བབས་ལ་གཟས་ནས་ཆེད་མངགས་སུ་བྲིས་པའི་སྙན་ངག་གོ་རྒྱུ་ཅན་ནམ་སྦས་དོན་ཅན་ཞིག་རེད་འདུག་སྟེ། སྙན་ངག་འདིའི་བསམ་བསམ་བློའི་གོ་དོན་ནི། དུས་རབས་ཉེར་གཅིག་པའི་དུས་མགོ་རུ་ཤི་མ་གསོན་གྱིས་འཚོ་བཞིན་པའི་བོད་མི་རིགས་ཀྱི་འཁོས་ཞན་པའི་རང་ཚུགས་དང་། འུ་ཐུག་པའི་བཟོ་ལྟ། དེ་བཞིན་ཕ་རོལ་པོའི་ལུས་ཐོག་ནས་རང་ཉིད་ཀྱི་སྒོར་མོ་གསོག་རྒྱུ་ལས་ཕ་རོལ་པོའི་རིག་གནས་དང་སྐད་ཡིག་ལ་བརྩི་འཇོག་བྱེད་རྒྱུ་ཙམ་ཡང་མི་ཤེས་པའི་དུད་འགྲོ་ཁྱུ་གཅིག་གི་ངོ་རིས་དང་། གཞུང་དོན་ཁ་ལ་ཁྱེར་ནས་སྒེར་དོན་ཁོག་ཏུ་སྦྲུམ་པའི་ཀླད་སྟོང་རྫུན་རྐྱལ་གང་མང་ཞིག་གི་འཆར་གཞི། རང་སྒེར་གྱི་བདེ་ཐབས་དང་ཙམ་པོ་བ་ལ་དམིགས་ནས་གདོས་ལྕི་བའི་འགན་འཁྲི་ཞིག་ཤུགས་ཀྱིས་བོར་བའི་རུས་པ་སྙི་མོ་ཅན་དག་གི་རང་ཚུགས། ཕྱོགས་རིས་ཀྱི་ཕན་ཁེ་གང་ཞིག་བསྒྲུབ་ཆེད་དུ་གཞན་དག་གི་ཁེ་དབང་དང་ཐོབ་ཐང་ལ་ཇི་མི་སྙམ་པར་བཙན་འཛུལ་བྱེད་པའི་ཧམ་སེམས་ཤིག་དང་གཡོ་ཇུས་ཤིག དེ་བཞིན། ལོ་རྒྱུས་དང་རིག་གནས་ཀྱི་བང་བ་ཇི་ལྟར་སྟོངས་ཚུལ་དང་རང་ཚུགས་དང་རང་གཤིས་ཀྱི་འབྲུ་རིགས་ཇི་ལྟར་རུལ་ཚུལ། རེ་བ་དང་ཕུགས་བསམ་གྱི་མེ་སྟག་ཇི་ལྟར་བསད་པའི་ཚུལ་ཏེ། མདོར་ན་རླབས་ཆེན་གྱི་མི་རིགས་སུ་རློམས་པའི་ཐུ་བྷོད་བཙན་རྒྱལ་གྱི་རྗེས་རབས་པ་ཚོས་དུས་རབས་དང་ཁོར་ཡུག་གིས་གནོན་ཤུགས་རེ་རེའི་འོག་ཏུ་མགོ་བོ་སྒུར་ཚུལ་དག་ཕྲ་ཞིང་ཕྲ་བ་བསྟན་ཡོད་པ་ཡིན། སྤུན་ཟླ་ལགས། ད་ལྟ་ཁྱེད་ཀྱིས་སྙན་ངག་དེའི་སྦས་དོན་རི་འདྲ་བོ་དེ་མཐོང་བྱུང་ངམ། འདི་རུ་གློ་སྙིང་ཚལ་བར་གཤག་པའི་མདུང་རྩེ་དང་། སྤྱན་ཟུང་བཙན་གྱིས་འདྲུ་བའི་གྲི་རྩེ་ཞིག་བསྐུངས་ཡོད་པ་ཚོར་ཨེ་བྱུང་།
   ༼ཏྱཧ་བཏབཡེཡིན་ཡིན་པ༽ འདི་ནི་ཡིག་ནོར་ཙམ་ཞིག་ཡིན་མོད་ཀྱི། འདིས་མཚོན་གྱིན་པ་ཡིག་ནོར་ཙམ་ཞིག་ཡིན་མི་སྲིད་དེ། དེའི་རྒྱབ་ངོས་སུ་ཡིབ་བསྡད་པའི་ནོར་འཁྲུལ་གཞན་དག་ཀྱང་མཚོན་གྱིན་ཡོད། འདི་ནི་སྣང་ཆུང་ཙམ་ཞིག་ཡིན་མོད་ཀྱི། འདིས་མཚོན་གྱིན་པ་ནི་སྣང་ཆུང་ཙམ་ཞིག་ཡིན་མི་སྲིད་དེ། སྣང་ཆུང་ནས་སྣང་མེད་དུ་ཐོད་བརྒལ་བྱེད་ཀྱིན་པའི་ཉེན་ཁ་ཞིག་མཚོན་གྱིན་ཡོད་པ་ཡིན།
   བདག་གིས་ད་ལོའི་དབྱར་གསེང་གི་དུས་ཚོད་བེད་སྤྱད་ནས་ཡིག་སྐྱོན་དང་དོན་སྐྱོན་ཅན་གྱི་བརྡ་ཁྱབ་དང་སྒོ་བྱང་སོགས་གང་མང་ཞིག་བཤུས་ཤིང་པར་དུ་བླངས་དུས། ཡིག་ནོར་གྱི་རྒྱ་མཚོའི་ཀློང་དུ་མྱུལ་མྱུལ་བའི་མཐའ་མར་གོམས་སོང་བས་ཡིན་ནམ་ཡང་ན། གུ་ཡངས་དང་སྣང་མེད་ཀྱི་བསམ་པས་བསླུས་ཤིང་བརྗེད་སོང་བ་ཡིན་མ་ཤེས་མོད། གང་ལྟར་ཧ་ལས་ལས་དང་ཧང་སངས་སངས་ཀྱི་ཚོར་བ་ཅི་ཡང་མ་བྱུང་མོད། དེ་རིང་གློ་བུར་དུ་དྲ་ཐོག་ནས་གང་དྲན་ཅི་དྲན་དུ་གཏག་པའི་བོད་ཡིག་གི་སྒོ་བྱང་འདི་མཐོང་དུས། ངས་འདི་ལ་བལྟས་ཀྱིན་བལྟས་ཀྱིན་བརྙས་བཅོས་དང་མཐོང་ཆུང་གིས་ཁྱད་གསོད་བྱས་པའི་ཚོར་བ་ཟབ་མོ་ཞིག་ལས། འདི་ལ་ཡིད་གོམས་ཤིང་མིག་འདྲིས་ནས་སྣང་མེད་དུ་གཏོང་ཐབས་མི་ཡེ་ནས་འདུག སྔར་བཞིན་གུ་འཛུམ་འཚེར་འཚེར་གྱིས་ཡངས་སུ་གཏོང་ཐབས་ཤིག་རྩ་བ་ནས་མི་འདུག འདི་དང་འདི་དག་གིས་བོད་སྐད་ཡིག་ལ་བརྩི་འཇོག་མ་བྱས་པ་དེ་བོད་མི་རིགས་ལ་བརྩི་འཇོག་མ་བྱས་པའི་སྣང་ཚུལ་ཞིག་རེད་ལ། བོད་མི་རིགས་ཟེར་དུས་བརྗོད་གཞི་ཆེན་པོ་ཞིག་གམ་ཡང་ན་རང་ཉིད་དང་འབྲེལ་བ་མེད་པའི་གནད་དོན་ཡན་གར་བ་ཞིག་ཏུ་མཐོང་གི་འདུག་ན། མཐར་གཏུག་ན། སྒོ་བྱང་འདི་དང་འདི་རིགས། འདི་རིགས་ཀྱི་བདག་པོ་ཚོས་ང་ཚོ་ལ་བརྩི་འཇོག་མ་བྱས་པ་རེད། དེས་ན། ང་ཚོས་རང་དང་རང་གི་ཕ་མ་སྤུན་ཉེ་ཚོས་ཁྲག་དང་རྔུལ་ཆུའི་རིན་འདོད་གྲངས་མེད་པ་ཕུལ་ནས་ཐོབ་བྱུང་བའི་རྒྱུ་ནོར་དག་ཁྱེར་ནས། ང་ཚོར་བརྩི་འཇོག་བྱ་རྒྱུ་ལྟ་ཞོག ང་ཚོའི་སྐད་དང་ཡི་གེ་ལ་དམར་དམར་རྗེན་རྗེན་དང་མངོན་སུམ་འཛེམས་མེད་དུ་བཙན་འཛུལ་བྱེད་པའི་ལག་དམར་བ་ཞིག་ལ་སྤྲོད་པར་བཟོད་དམ། མི་བཟོད་ན། ད་ནས་བཟུང་ང་ཚོ་མཛད་སྤྱོད་པའི་ཐོབ་ཐང་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་རྒྱབ་བརྟེན་དུ་ཁྱེར་ནས་སྒོ་བྱང་དུ་ཡིག་ནོར་ཆེ་རིགས་ཡོད་པ་དང་། བོད་ཡིག་གཏན་ནས་བྲིས་མེད་པའི་རིགས་ཀྱི་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་། ཁྲུས་ཁང་སོགས་ལ་གཏན་ནས་མི་འགྲོ་བའི་དམ་བཅའ་ཐུབ་ན་ཤིན་ཏུ་ལེགས་པར་བསམ་གྱིན་ཡོད། ཁོ་ཚོས་ང་ཚོ་ལ་བརྩི་འཇོག་མ་བྱས་ན་ང་ཚོས་ཀྱང་ཁོ་ཚོའི་འཚོ་གནས་ལ་ཁག་ཐེག་གཏན་ནས་བྱེད་མི་འོས་པ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིག་ནོར་ཞིག་དང་དེའི་རྒྱབ་ཀྱི་ནོར་འཁྲུལ་གཞན་དག

2012-10-22 འུག་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།