སེམས་གསལ་རིག

ཧོར་ནག་པ་ཀླུ་སྨྱོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-19

  ང་ཚོའི་འཚོ་བའི་ནང་དུ་མི་ཞིག་ཡིན་དུས་གནས་ལུགས་ཤོད། དྲང་བདེན་སྐྱོངས། བདེན་པ་བདོར་ཅེས་གཅིག་གིས་གཅིག་ལ་སྐུལ་བར་བྱེད་ངེས། བསམ་ཞིང་བསམ་ན་འདི་ནི་ཤེས་རབ་ཆེན་པོ་ཞིག་གི་རང་གཟུགས་ཏེ་མི་ནི་འདི་ལྟའི་དཔྱོད་ཤེས་དང་བློ་གྲོས་ཀྱིས་ཕྱུག་ཅིང་འཇོན་པ་ཞིག་ལགས་པས་མཐར་སྟོབས་ཆེ་བའི་རང་བྱུང་ཁམས་ཆེན་མོ་དབང་དུ་བསྒྱུར་ལ་མི་ནི་བསམ་གཞིག་ལ་མཁས་པའི་འདམ་རྩྭ་ཞིག་ཅེས་པའི་གསུང་ཚད་མའང་འཇིག་རྟེན་མི་ཡུལ་ནས་རླུང་ལྟར་གྲགས་པ་མ་ཡིན་ནམ།
  ཤེས་རབ་ལ་སྔོག་རྒྱུ་ཡོད་དང་མེད་ཅེས་འདུ་ཤེས་འཛིན་སྟངས་དང་བསམ་བློ་གཏོང་སྟངས་མ་འདྲ་བའི་ཆ་ནས་མི་རྣམས་ཀྱིས་འཚོ་བར་འཇུག་པའི་སྤྲོ་ཤུགས་དང་རང་ཉིད་ཀྱིས་རང་ཉིད་ལ་ངར་སློང་སྟངས་སོགས་སྣ་སྒོ་མོ་ཞིག་ལ་ཤུགས་རྐྱེན་ཐེབས་ནས་ཁྱད་པར་ཆེན་པོ་འབྱུང་གི་ཡོད། དེ་ནི་རྒྱའི་སྐད་ཀྱིས་སངས་རྒྱས་དང་བདུད་གཉིས་ལའང་མ་གཞིར་བར་ཁྱད་ཏོག་ཙམ་ལས་མེད་དེ་མཐར་དེད་ན་བསམ་བློ་གཏོང་ཕྱོགས་གཅིག་འཕྱུགས་མིན་ལ་ཐུག་འདུག་ཅེས་པ་དེ་རེད།
  ཕ་སི་ཁལ(Pasca)གྱིས“མིའི་རྩིས་ཐང་ནི་མཐར་གཏུགས་ན་བསམ་བློ་ལ་ཐུག་འདུག”ཅེས་པ་ནི་དངོས་གནས་བདེན་ཚོད་དུ་འདུག་ཏེ། ང་ཚོས་ཁྱད་མཚར་བའི་རང་བྱུང་ཁམས་ལ་དབང་བསྒྱུར་དང་སེམས་ཅན་གྱི་ཚོགས་དག་བྲན་དུ་བཀོལ་ཐུབ་པའང་ཡོད་ཚད་བསམ་བློ་དང་ཤེས་རབ་རིན་པོ་ཆེ་འདི་ཡོད་པས་ལན་པས། ང་ཚོ་ནི་ཅི་འདྲའི་ཕྱུག་པོ་འབྱོར་ལྡན་པ་ཏག་ཏག་རེད་ཨང་།
   ངས་ནང་ཆོས་རེ་ཐོས་དུས་རྒྱུན་པར་སེམས་ནི་འོད་གསལ་བ་དང་རྨོངས་པ་ནི་སེལ་རྒྱུ་ཡོད་པ་བཤད་ཀྱིན་འདུག  འདིས་ང་རང་གིས་སྤྲོ་བས་འཇིག་རྟེན་ལ་བལྟ་དགོས་པ་དང་རྨོངས་མུན་དང་སྟ་གྲི་གཉིས་འཕྱར་གྱིས་འཐབ་འཛིང་བགྱིས་ཏེ་ཤེས་རབ་བསྐྱེད་པའི་ཕྱོགས་ལ་བོགས་ཆེན་པོ་ཐོན་སོང་། གཞན་རྣམས་ཀྱིས་དེ་ལྟར་སེམས་ཀྱིན་ཡོད་མེད་མ་ཤེས་ཀྱང་གལ་ཏེ་དེ་ལྟར་བསམ་པ་ཡིན་ན་སྔོན་ཆད་ལས་བརྩོན་ཤུགས་དང་སྤྲོ་ཤུགས་འབྱུང་བ་གདོན་མི་ཟ།
   དེས་ན་འདི་ལྟ་སྟེ། ང་ཚོ་ལ་ཤེས་རབ་ཀྱི་བག་ནུས་ཆེན་པོ་ཡོད་ཀྱང་རྒྱུན་དུ་ལེ་ལོ་དང་གཡེང་བ་ཁོ་ནས་འཁྱེར་ཏེ་བཀོལ་མ་ནུས་པ་དེའོ། མ་གཞིར་ང་ཚོའི་སེམས་ཀྱི་ས་འོག་ཏུ་གཏེར་ཁ་ཆེན་པོ་ཞིག་ཡོད་ལ་ང་རང་ཚོ་སྐྱེས་པ་ནས་བཟུང་སྟེ་སྔོག་འགོ་བརྩམས། འགྲོ་འདུག་ཤེས་པ་དང་སྐད་ཆ་བཤད་ཤེས་པ་ཐམས་ཅད་ཀྱང་ཀླད་པའི་བག་ཉལ་ནུས་པར་སྔོག་འདོན་བྱས་པའི་སྟབས་ཀྱིས་སོ། ལེ་ལོ་དང་གཡེང་བ་ནི་དེ་སྔོག་པའི་འགོག་རྐྱེན་ཆེན་པོ་ཞིག་ཏེ་དེའི་སྟབས་ཀྱིས་ང་ཚོས་ཞིང་བ་དབུལ་བོ་ལྟར་འཇོར་དང་ལྕགས་ཁེམ་ཁ་མེད་རེ་འཁྱེར་ནས་བརྐོ་ཤེས་ཙམ་བྱེད་པ་ཙམ་མོ། དེ་ཡིས་ང་ཚོའི་འཇོན་ནུས་དང་ཤེས་རབ་ལྟོས་བཅས་ཀྱིས་ཆེར་བསྐྱེད་ཐུབ་ཀྱིན་མེད་ལ། དེའི་སྟེང་ནས་ཐོན་པའི་སྤྲོ་བ་ཡང་ཟ་ཟི་དང་འཐམ་འཐོམ་ཙམ་མོ། ང་ཚོའི་ལག་ཏུ་རྩ་ཆེ་བའི་ནོར་བུ་ཡོད་བཞིན་དུ་ནོར་ཉམས་ཆོད་ཀྱིན་མེད། དེ་བས་ད་ལྟ་ང་ཚོ་ལ་མཁོ་བའི་བརྩོན་པ་ནི་ས་བརྐོ་འཕྲུལ་ཆས་དང་འདྲུད་འཐེན་འཁོར་ལོ་ལས་ཀྱང་སྟོབས་ཆེ་བའི་ཚན་རིག་གི་འཕྲུལ་ཆས་སྣ་ཚོགས་པའོ། ང་ཚོའི་དམིགས་ཡུལ་ཉག་གཅིག་ནི་ས་ལོག་མ་ཕྱིར་སློག་ནས་ཀླུའི་ཕོ་བྲང་ཆེན་མོ་ཕྱིར་ས་ཁར་འདོན་རྒྱུ་དེ་རེད།
     འོན་ཀྱང་ཤེས་རབ་ནི་བྱ་དངོས་ཀྱི་ཟུར་གཅིག་ལགས་པས་དེས་མཐའ་གཉིས་ཆོད་པའི་དྲང་ལམ་ཞིག་ད་དུང་ཟིན་མེད། དེས་ན་ངེས་པར་སེམས་བཟང་བོ་དང་ལྷན་དུ་སྦྲེལ་དགོས་ཨང་། ང་ཚོའི་སུ་ལ་ཡང་འཚོ་བའི་ནང་དུ་མི་ངན་གྱིས་གང་སར་གཏོར་བརླགས་གཏོང་གིན་པར་མཐོང་ཐོས་དོགས་གསུམ་ཡོད། ཁོ་ཚོ་ནི་ཤེས་རབ་ཀྱི་འཕང་དམའ་སོང་བ་མ་ཡིན་ཏེ་ཤེས་རབ་ཤིན་ཏུ་ཆེ། ཡིན་ཡང་ཤེས་རབ་ཀྱི་ཀ་གདུང་འཛུགས་སའི་རྨང་རྡོ་མ་འགྲིག་པ་དེ་རེད། དེ་ཚོས་ཁྱི་སྨྱོན་ལྟར་མི་རྣམས་ཀྱི་ངལ་རྩོལ་གྱི་ཐོན་འབྲས་དང་འཐོབ་འོས་པའི་ཁེ་དབང་ལ་གཏོར་བརླག་གཏོང་གིན་ཡོད། འཆམ་མཐུན་གྱི་སྤྱི་ཚོགས་ལ་གཏོར་སྐྱོན་བཟོ་བཞིན་ཡོད། དེ་བས་ཤེས་རབ་ཁོ་ན་ཡོད་པས་ཡོད་གོ་མ་ཆོད་དེ་ཨེན་སི་ཏེན(Albert Einstein)གྱིས“མི་ནི་གཞན་གྱི་ཆེད་དུ་གསོན་པ་སྟེ་ཐོག་མར་ཁྱོད་ཀྱིས་སྤྱི་ཚོགས་ཡོངས་ལ་བྱས་རྗེས་ཆེ་བའི་སྐྱེས་བུ་དག་གི་ཆེད་དུ་བསམ་བློ་ཐོངས། རྒྱུ་མཚན་ང་ཚོས་ཁོ་ཚོའི་ངལ་རྩོལ་གྱི་ཐོན་འབྲས་འབའ་ཞིག་བེད་སྤྱོད་ཀྱིན་པས་སོ”ཞེས་མིས་ཤེས་རབ་འཁྱེར་ཏེ་གཞན་ལ་གནོད་བསྐྱལ་མི་རུང་བའི་རྩ་བའི་ཆ་རྐྱེན་དང་འགལ་ཡོད།
        དེས་ན་ང་ཚོས་གྱ་ནོམ་ཕུན་ཚོགས་ཀྱིས་བརྟས་པའི་ཤེས་རབ་ཕར་ཕྱིན་གྱི་ཞིང་སར་མཉེས་གཤིན་ཚིས་འཇམ་གྱིས་ཕྱུག་པའི་ཀུན་སྤྱོད(བྱམས་སྙིང་རྗེ)ཚད་མེད་ཀྱི་ཡུར་ཆུ་དྲངས་ན་ད་གཟོད་དོན་གཉིས་ཀྱི་ལོ་ལེགས་ཅི་འདྲར་སྨིན་ཨང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་གསལ་རིག

2012-10-19 ཧོར་ནག་པ་ཀླུ་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།