《ཚངས་དབྱངས་རྒྱ་མཚོ་ཞིབ་འཇུག》ཅེས་པར་བལྟས་རྗེས།

     རང་རེར་གནའ་ནས་ད་བར་ཡ་ང་ཞིང་སྐྱི་གཡའ་བའི་ལོ་རྒྱུས་ཀྱི་སྐྱོ་གར་བསྟུད་མར་བྱུང་མྱོང་ལ།དེས་མི་རིགས་ཉམས་དམས་དང་སིལ་གཏོར།འཐོམས་སྦྲིད་བཅས་ཀྱི་གཡང་དུ་ཁྲིད་པར་བྱེད་ཅིང་།རླབས་ཆེན་རྒྱལ་རབས་ཤིག་གི་རྨང་ཡང་དེ་ནས་འཇིག་འགོ་བརྩམས།ཚངས་དབྱངས་པ་ཁོང་ཡང་སྐྱོ་གར་དེའི་ཁྲོད་ཀྱི་མི་སྣ་ཞིག་ཏུ་ངང་གིས་གྲུབ་ཡོད་ཙ་ན།རང་ཉིད་ཀྱི་ཚོར་བས་ཟིན་ཙམ་གྱི་མྱོང་བ་ཐན་ཐུན་རེ་བརྗོད་པར་འདོད།
       ཁོང་གི་སྐྱོ་གར་དེའི་འབྱུང་རྩ་ཡང་མཐར་གཏུགས་ན་དབང་ཤེད་དང་གཡོ་ཇུས་ཀྱིས་གནམ་ས་གཡོགས་པའི་སྐབས་དེའི་ལྷ་བཟང་ཧན་གཙོས་ནུས་མེད་ཉམས་ཞན་གྱི་བོད་མིའི་སྤྱི་ཚོགས་དང་དམ་དུ་འབྲེལ་ལ།ཕྱི་ནང་ལག་འབྲེལ་ལ་གོམས་པའི་རྒྱུག་ཁྱི་ལྟ་བུའི་ངོ་གཉིས་མ་ཚོས་བསྐྲུན་པའི་བྱས་ཉེས་ཀྱང་རེད།སྐབས་དེར་རང་ས་གཞན་སྤྲོད་ཀྱི་ཁོར་ཡུག་ཅིག་བསྐྲུན་མེད་ཚེ་གནས་བབ་སྐྱོ་བོ་དེ་ལྟ་བུ་ལྷགས་མི་སྲིད་སྙམ།
     གང་ལྟར་སྐྱོ་གར་དེ་ལྟར་བྱུང་ཞིང་བདེན་རྫུན་གྱི་དབྱེ་བའང་འཆོལ་བར་གྱུར་ཏེ།ཚངས་དབྱངས་པ་ཁྲི་ལས་ཕབ་ཅིང་འཁྱམ་ཉུལ་ལམ་ཞི་དབྱིངས་སུ་གཤེགས་དགོས་བྱུང་།སྐབས་དེར་དགོས་མེད་ཀྱི་འཆལ་གཏམ་མང་པོ་ཞིག་ཀྱང་རིམ་པར་ཁྱབ་སྐད་དུ་གྲགས་མོད་དེ་ནི་སྐབས་དེའི་ཆབ་སྲིད་ཀྱི་དབང་དུ་ཚུད་པའི་གཡོ་ཇུས་ཤིག་ཏུའང་ངང་གིས་འཁུམས་སོ་སྙམ།
      ཁོང་འཚོ་བཞུགས་ཀྱི་ལོ་ཚིགས་དང་ཚངས་མགུར་དེ་ཁོང་གིས་མཛད་མིན་གྱི་ཐད་ལ་ཡང་མཁས་པ་རེ་རེར་ལུང་དང་རིགས་པའི་སྒྲུབ་བྱེད་བཙུན་ཞིང་སྐབས་དེའི་སྤྱི་ཚོགས་ཁོར་ཡུག་དང་གནས་བབ་ལ་སྦྱོར་བཏུབ་པ་མང་པོ་དྲངས་པས་ཀྱང་ང་ཚོ་མི་སྨྲ་བརྟུལ་ཞུགས་འཛིན་པ་ལས་འོས་མེད་མོད།ཡིན་ནའང་ང་ཚོ་ཕྱོགས་རེ་རེའི་འགལ་འདུའི་ཀློང་ནས་དོགས་སྣང་དང་སོམ་ཉི་ཡིས་ཡོངས་སུ་དཀྲིས་ཏེ་ཐར་དཀའ་བའི་གདུང་བ་དང་སྡུག་ཡུས་དེ་སུ་ལ་མེད་ཨང་།
     ཁོང་འཚོ་བཞུགས་ཐད་དགུང་ལོ་ཉེར་ལྔར་བཞེད་པ་དག་གིས་ནི།ཚངས་དབྱངས་པ་གསང་སྟབས་ཀྱིས་མདོ་སྨད་ལ་འཁྱམ་ཉུལ་དུ་ཕེབས་ཏེ་འགྲོ་དོན་བསྐྱངས་ཤིང་དགོན་པ་གྲངས་མེད་ཕྱག་འདེབས་མཛད་པ་རྫུན་དུ་འགྱུར་ལ།དགུང་ལོ་རེ་བཞིར་བཞེད་པ་དག་གིས་ནི་མཚོ་སྔོན་པོའི་འགྲམ་ནས་སྐུ་ཞི་དབྱིངས་སུ་གཤེགས་ཚུལ་སྨྲས་པའང་རྫུན་གྱི་ཕུང་བོ་ལས་གཞན་ཅི།ལྷག་པར་དུ་《ཚངས་མགུར》དུ་གྲགས་པ་གང་ཁོང་གིས་མཛད་མིན་གྱི་ཐད་དང་དེའི་བརྗོད་བྱའི་བསྟན་དོན་ནམ་གབ་བྱའི་ཆ་ནས་ཀྱང་འགྲེལ་སྟངས་ཅི་རིགས་སྣང་།
ཚངས་མགུར་དེ་ཚངས་མགུར་མ་ཡིན་པའི་སྒྲུབ་བྱེད་ལ་དབུས་གཙང་གི་དམངས་གཞས་དང་འདྲ་བ་ཤས་ཆེ་བས་འཇོག་པར་བྱེད་མོད།ཡིན་ནའང་ཚངས་མགུར་དེ་ཕར་དམངས་ཁྲོད་ལ་དར་བ་ཡིན་ནམ།ཡང་ན་དམངས་གཞས་དེར་གཞི་བཅོལ་ནས་ཚངས་མགུར་འཕེལ་རྒྱས་བྱུང་བ་ཡིན།དེ་ཡང་བསམ་གཞིག་གནད་སྨིན་ཅིག་གཏོང་འོས་པ་མ་ཡིན་ནམ།
       གལ་ཏེ་《ཚངས་མགུར་》དུ་གྲགས་པ་གང་ཚངས་དབྱངས་པས་མཛད་པ་མ་ཡིན་པར་ལྷ་བཟང་གིས་ངན་སྐུལ་འོག་གཞན་གྱིས་འདོད་གཏམ་གྱི་རྣམ་པས་བརྩམས་ཏེ་ཁོང་གི་ཡིན་པ་ལྟར་བྱས་པ་བདེན་ན།དེའི་སྙན་འཇེབས་ཡིད་འཕྲོག་གི་ཚིག་གི་སྒྱུ་རྩལ་ལས་གཞན་བརྗོད་བྱའི་གབ་དོན་ནམ་བསྡུས་བརྗོད་ཀྱི་ཆ་དེས་སྐབས་དེའི་ལོ་རྒྱུས་ཀྱི་གནས་བབ་དང་དངོས་ཡོད་འཚོ་བ་གསལ་མཚོན་ཐུབ་པ་དག་གིས་ནི་དོན་དངོས་ལ་བསྙོན་བཙུགས་པ་མ་ཡིན་ནམ།ཡང་ཚིག་ངོས་ཀྱི་གོ་བ་རྐྱང་བར་འཁྲུལ་ནས་ཕོ་མོའི་འདོད་གཏམ་དུ་སྨྲ་མཁན་དག་གིས་དོན་དངོས་ཀྱི་ལོ་རྒྱུས་དང་གནས་བབ་གསལ་བའི་བརྗོད་བྱ་དེ་གང་དུ་སྐྲོད་དམ།ཐུན་མོང་སྣང་ཚོད་དུ་གྲགས་དང་གྲག་བཞིན་པའི་དམངས་གཞས་ཤིག་གིས་སྐབས་དེའི་ལོ་རྒྱུས་ཀྱི་གནས་བབ་དངོས་དང་འབྱུང་འགྱུར་གྱི་བྱུང་བ།དངོས་ཡོད་ཀྱི་འཚོ་བ་བཅས་གསལ་བོར་མཚོན་ཐུབ་ཀྱིན་ཡོད་ཅེ་ན།དེ་ནི་ཆེས་དགོད་བྲོ་བའི་གཏམ་དུ་མི་འགྱུར་རམ།
        གང་ལྟར་ཚངས་དབྱངས་པས་བཟོད་མེད་ཀྱི་མནར་གཅོད་དང་གདུང་བ་ངསྣམས་ཏེ།ཐེག་དཀའ་བའི་མི་ཁ་དང་ན་ཟུག་བཞེས་ཏེ།རྔམས་མཐོ་བའི་བཞུགས་དང་མང་ཚོགས་བསྐྱུར་ཏེ།ཐུགས་འཁྲེང་བའི་ཕྱི་མིག་གཟིགས་བཞིན་ང་ཚོ་དང་རིང་ནས་རིང་དུ་གྱེས་ཟིན་མོད།ཡིན་ནའང་ཁོང་གི་རླབས་ཆེན་གྱི་མཛད་འཕྲིན་དང་མཁས་མཛངས་ཀྱི་སྙིང་སྟོབས་དེ་ཡུན་ནས་ཡུན་དུ་གསོན་ཡོད་ཨང་།
                                                     ༢༠༡༢ལོའི་ཟླ་༦ཚེས་༥ལ་མྱོང་ཚོར་གྱི་ཚུལ་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《ཚངས་དབྱངས་རྒྱ་མཚོ་ཞིབ་འཇུག》ཅེས་པར་བལྟས་རྗེས།

2012-09-02 རྔོག་རུ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།