སྨྲེང་སེམས་དང་ཁེར་ལབ།

         【༡】
 སྔོན་ཀྱི་དང་པོ་སྟོན་པ་ཐམས་ཅད་མཁྱེན་པ་གཉན་ཡོད་ཚལ་ན་ཡོད་དུས་ལག་ཟུང་སྙིམ་པར་སྦྱར་ནས་ཐལ་བ་སྦར་མོ་གང་གི་བསོད་སྙོམས་སྦྱིན་མཁན་བྱིས་པ་ལོ་བརྒྱད་དེ་ང་ཡིན་ལ། དེ་རིང་ངས་སླར་ཡང་ཐལ་མོའི་འདབ་མ་སྙིང་ཁར་སྦྱར་ནས་ཁྱེད་ལ་མནྜལ་གྱི་མཆོད་པ་གྱ་ནོམ་པ་ཞིག་བཤམས་བཞིན་ཡོད།
        【༢】
  མཚོ་འབྱུང་སྒེག་མོ་ཡིན་ལ་དྲི་ཟའི་བུ་མོ་ཡང་ཡིན་པ། དེ་བས་ཀྱང་ཏམ་བུ་རའི་ཆུང་མ་ཡང་བྱེད་མྱོང་བའི་ངའི་དབྱངས་ཅན་ལྷ་མོ། རྣ་ལ་སྙན་པའི་གཏམ་རྒྱུད་ཀྱི་ཕྲེང་བ་དང་མིག་ལ་མཛེས་པའི་ལྡེབས་རིས་ཀྱི་རྒྱབ་ཡོལ་ལས་ངས་ཁྱེད་ལ་དད་པའི་རྟེན་ཁང་ཞིག་བཞེངས་ཡོད། འདི་ནི་སྲིད་གཞིའི་མཛེས་པ་ཡོངས་འདུས་ཀྱི་སྐུ་མཁར་ཞིག འདི་ནི་རྒྱལ་བ་ཀུན་གྱི་ཤེས་རབ་ལས་གྲུབ་པའི་བློས་བསླངས་ཤིག འདི་ནི་དེ་བས་ཀྱང་བདག་གི་ཉིན་མཚན་ཀུན་དུ་བསྒོམ་པའི་དབྱངས་ཅན་ཟེར་བའི་སྨིན་ལེགས་མ་ཞིག་གི་འདུ་ཁང་ཀྱང་ཡིན་སོང་།
དེ་རིང་ངས་ཁྱེད་ལ་སྔར་བཞིན་གསོལ་བ་སྨོན་ལམ་འདེབས་ཀྱིན་ཡོད། ཁྱེད་ཕེབས་ཡུལ་ཐམས་ཅད་དོར་ནས་བདག་གི་དད་པའི་རྟེན་ཁང་དེར་མགྲོན་དུ་ཕེབས་རོགས། གནས་འདི་ན་བྱ་རྒོད་པོ་ལྡིང་བའི་བར་སྣང་ཡོད། གནས་འདི་ན་འབྲོང་བྲེ་སེར་རྩེད་སའི་སྤང་ཐང་ཡོད། ངས་ཁྱེད་ལ་དྲི་ཟའི་ཡུལ་ལས་ཐོན་པའི་སྤོས་བསང་མང་དུ་སྒྲིག་ནས་སྒུག་ཡོད་ཨང་།
               【༣】
  མི་ལོ་སྟོང་ཕྲག་མང་པོའི་གོང་རོལ་ལ་ཡར་ཀླུང་ནས་སྤྲེའུ་ཁ་ཤས་ཀྱི་མི་སྐད་རྒྱག་རྒྱུར་འབད་པ་དེ་ནི་ང་ཚོའི་ཕ་ཚ་བུ་རྒྱུད་ཀྱི་རྣམ་ཤེས་དུས་ནམ་ཡང་ཡུལ་འདི་གར་གནས་དགོས་པའི་ལུང་བསྟན་ཡིན།
             【༤】
  འཇིག་རྟེན་པའི་ཁ་ན་གྲགས་པ་ནི་རྒྱུ་དང་དབང་ལས་མེད་ཀྱང་། གྲྭ་བཙུན་སེར་མོ་བའི་ཡིད་ལ་བསྒོམ་རྒྱུ་ནི་འཇིག་རྟེན་ལས་འདས་པའི་རྣམ་རྟོག་ཤིག་ཡིན་ན་ཁྱེད་ཚོས་འདི་གང་འདྲ་བྱས་ནས་བསྒོམ་བཞིན་ཡོད། དཀོར་ནོར་དཀོར་ཟས་ཀྱི་མཐའ་ནས་བསྐོར་བའི་སེར་མོ་བ་ཐར་པ་ཉིན་གུང་རྨི་ལམ་དུ་རྨིས་ཀྱིན་པ་དེ་ཤཀྱྰ་ཐུབ་པའི་རྗེས་འཛིན་ཡིན་སྲིད་དམ། ཡིན་ན་ཤཀྱཱ་ཐུབ་པ་དེ་ཡང་སྙིང་སུ་ཡིན་ནམ།
             【༥】
  དོ་ནུབ་རྒྱུ་སྐར་རྒྱལ་མོས་རང་གི་ལང་ཚོ་ཡོངས་སུ་རྫོགས་པར་ངོམས་བཞིན་འདུག སྐྱ་ཐིང་ཐིང་གི་ཟླ་འོད་འོག་ཁུ་སིམ་སིམ་གྱི་འབྲོག་དགོན་འདི་ནས་དུ་བ་སྔོ་ཕྱུ་རེ་བ་དམུ་ཡི་ཐེམས་སྐས་བཞིན་ཟླ་བའི་ཕོ་བྲང་ཕྱོགས་སུ་འཕྱོར་བཞིན་འདུག གློ་བུར་བའི་ཁྱི་མོའི་ཟུག་སྐད་ཞིག་ལས་ཁུ་སིམ་གྱི་ལུང་ཤུར་དིར་རི་རི་བར་གྱུར། ཟླ་འོད་གསལ་བས་ཁྱི་མོ་དེས་ཅི་ཞིག་མཐོང་བ་ཡིན་ནམ། ཡང་ན་ཁོར་ཡུག་ལ་ཅ་ཅོ་མེད་པས་སུ་ཞིག་གི་གསང་གཏམ་ཐོས་སོང་བ་ཡིན། རྐུན་མ་གཡག་ཆེན་ཞིག  འདོད་རྩེད་ལ་རོལ་བའི་ཁ་སང་གི་བརྩེ་གྲོགས་ཞིག
            【༦】
  སྐྱབས་མགོན་ཆེན་མོས་མཁྱེན། རིག་པའི་སྤྱན་ཟུང་གིས་བདག་ཚོར་གཟིགས་རོགས། དོ་ནུབ་ངས་བྱ་བ་གང་རུང་ཞིག་བྱེད་མི་ཆོག་པའི་མནའ་སྐྱེལ་དམ་བཅའ་བཞག་འདོད། དེ་ནི་ལྷ་སའི་ཇོ་བོ་མིན། དེ་ནི་བརྩེ་བའི་ཕ་མ་མིན། དེ་བས་འདས་མ་འོངས་གི་སངས་རྒྱས་པ་ཞིག་དེ་བས་མིན། འདི་ནི་ངའི་སྙན་ངག་གི་བདག་མོ། ཁྱེད་ཀྱིས་ངའི་བྱ་སྤྱོད་ལ་ཚོད་འཛིན་རོགས་ངས་རང་ཉིད་རྩ་མེད་བཟོ་འདོད་མེད། མཐུར་མདའ་ཤོར་བའི་རྟ་རྒོད་ཞིག་དང་འདྲ་བར།
          【༧】
  ལུས་ཀྱི་ཚ་དྲོད་ནི་སྔ་མོ་ནས་མེ་དལ་ཆུ་དལ་དུ་སོང་ཞིང་། སེམས་ཀྱི་གྲང་རེག་བཟོད་པའི་ནམ་ཟླ་ནི་སྒུག་སྒུག་ཉིད་ནས་ཟད་སོང་། རི་མགོ་སྨུག་པས་མཛེས་ཀྱང་། །ཀླུང་ཤོད་ཁ་བས་ཟིན་འདུག །མེ་ཏོག་དཔྱིད་ཀ་དྲན་ཡང་། །ནམ་ཟླའི་ཨ་ལན་མི་འདུག །
         【༨】
  ཐག་རིང་གི་ཡུལ་གྲུ་ན་མི་ཚོགས་ཀྱི་རྦ་ལོང་འཕྱུར་བཞིན་རྫས་མདེལ་གྱི་དྲག་ཆར་བབས། གངས་རི་དཀར་པོ་ནོར་འཛིན་མ་མའི་ལྟོ་བར་རིམ་གྱིས་འཐིམས་པའི་སྐད་ཅིག་ཉིད་ལ་བཟོ་གཏེར་ལས་མིས་རང་གི་ཕ་མ་བུ་ཕྲུག་དོར་ནས་མ་ཕམ་གཡུ་མཚོའི་འགྲམ་དུ་མ་བྲོས་ཀླུ་དབང་བཙན་གྱི་སྙིང་ཤ་ལེན་དུ་སོང་། “མ་བྱེད་མ་བྱེད”ཟེར་བའི་སྐད་ཆ་ཞིག་ལྷ་ཡི་རྔ་བོ་ཆེ་ལྟ་བུ་གྲགས་བྱུང་། རྩ་སུམ་ལྷ་ནས་ཕེབས་པའི་ལྷའི་དབང་པོ་རྒྱལ་བྱིན་གྱིས་ལུང་བསྟན་གྱི་མན་ངག་མང་དུ་བསྒྲགས་ཀྱང་མ་ཁོག་པར་ཡན་པར་དུ་སོང་སོང་བའི་དུས་ཤིག་ལ་ངའི་ལུས་སྟེང་དུ་བེམ་རོའི་རྐང་ལག་གང་སར་ལྷུང་། དྲེད་ཤ་དང་དངངས་སྐྲག་གིས་ཆབས་ཅིག་ཏུ་གཉིད་ལས་བསད་དུས་ཕྱི་རོལ་གྱི་འཇིག་རྟེན་ཁ་བས་གཡོགས་ནས་མིག་མདུན་གྱི་ཡོད་ཚད་གྲང་ཟུག་གིས་མནར་བཞིན་འདུག བདག་གི་མགོན་སྐྱབས་མཆོག ཁྱེད་ཀྱི་བརྩེ་བ་དང་ཚ་དྲོད་བསྣམས་ནས་འདིར་ཕེབས་རོགས། འཇིག་རྟེན་ཁ་བས་གཡོགས་པའི་དུས་འདིར།
བུ་མོའི་དབུ་ལ་མཚར་བ། །མེ་ཏོག་གངས་ལྷ་མཚར་བ། །
དེ་ཚོ་མེ་ཏོག་མ་རེད། །སྡུག་གི་སྐྲ་དཀར་རེད་ལགས། །
           【༩】
   ཕ་ཡུལ་ནས་བཏང་བའི་འཕྲིན་པ་ཞིག་འབྱོར་བྱུང་། ཨ་ཕས་རྨོས་ཁལ་གྱི་སུག་རྗེས་དེད་ནས་ཞིང་ཐང་གྲུ་བཞི་གོམ་པས་འཇལ་བར་བྱེད་ཀྱིན་འདུག་ཟེར། ཨ་མས་ནས་གཞོང་པང་དུ་བཏབ་ནས་ས་བོན་རེ་ལ་ཕྲེང་སེམས་རེ་རེ་བཞིན་ཞིང་ཐང་སེམས་ཀྱིས་འཇལ་གྱིན་འདུག་ཟེར། འོན་ཀྱང་ཆར་ཆུ་ཐིགས་པ་ཅིག་ཀྱང་ཕ་ཡུལ་གྱི་བར་སྣང་ནས་ཟགས་པའི་རེ་བ་མི་འདུག་ལ། རི་སྐྱ་ཀླུང་སྐྱ་ཡིན་ཟེར། དཔྱིད་ཀ་སླེབས་ཀྱང་དཔྱིད་ཀྱི་བདག་མོ་ད་དུང་མུ་མེད་བྱེ་ཐང་བརྒལ་བཞིན་འདུག
བྱེ་ཐང་ཚ་གདུག་ཆེ་བ། །སྐོམ་པའི་མྱ་ངལ་ལྗི་བ། །
ང་ལ་བྱེ་ཐང་སྐྱ་མོའི། །སྨིག་རྒྱུའི་མགོ་བསྐོར་མ་གཏོང་། །
          【༡༠】
  རྩྭ་ལྗང་གི་མྱུ་གུ་འབུད་སོང་། མེ་ཏོག་ལ་རེ་སྒུག་བྱས་སོང་ལ་ཚ་སོབ་སོབ་ཀྱི་གཞི་ཁྱིམ་ཞིག་ཀྱང་དྲན་བྱུང། ནམ་ཟླ་འདིའི་སླེབས་དཀའ་བ་ལ་ཨང། བྱམས་པ་དྲན་དྲག་པས་ཡིན་ནམ། སེམས་པ་འདིར་ཕོག་རྡུང་ཆེ་དྲག་པས་ཡིན། མཇལ་མ་མྱོང་བའི་ཐག་རིང་གི་བྱམས་པ།  ཁ་བ་དང་འཇའ་མཚོན་ཁྲོད་ན་འཚེར་བའི་འོད་ཀྱི་ཐིག་ལེ། གངས་རི་དང་གཙང་ཆབ་བར་ནས་མཚར་བའི་ཤེལ་གྱི་མཆོད་རྟེན། འདི་དག་ཐམས་ཅད་ཁྱེད་ཡིན་འདོད། འདི་དག་ཐམས་ཅད་ཁྱེད་ཀྱི་རྨི་ལམ་ལས་མཆེད་པའི། ཆོ་འཕྲུལ་གྱི་སྨོན་ལམ་རེ་ཡིན་ཆོག འཇལ་མ་མྱོང་བའི་ཐག་རིང་གི་བྱམས་པ། གཤིབ་མ་མྱོང་བའི་ཆུང་འདྲིས་ཀྱི་རོགས་ལོ་ཨང་།
ཁ་བ་ལྷ་ནས་ཕེབས་བྱུང་། །བརྒྱ་བྱིན་ཕོ་ཉ་མིན་འགྲོ། །
སུམ་རྩེན་ཡུལ་གྱི་ལོངས་སྤྱོད། །བདག་ལ་བསྣམས་པ་ཨེ་ཡོད། །
             【༡༡】
  མེ་ཏོག་ལྟར་མཛེས་པའི་ན་ཆུང་མ། ན་ཆུང་ལྟར་མཚར་བའི་མེ་ཏོག་ཞིག་སྤང་ལྗོངས་ལུ་གུའི་འབའ་སྒྲའི་ཁྲོད་ཁུ་སིམ་བུར་ཉི་འོད་ཀྱིས་ང་ཚོར་གནང་ལ་ཁྱེད་ལ་ཡང་འབྱིན་པའི་དྲོ་སྐྱིད་རོལ་མྱོང་བྱེད་དུས། ངས་རང་ཉིད་ཀྱང་འཇིག་རྟེན་ལས་འདས་པའི་རྟག་བརྟན་ཞིག་ཏུ་གཉིད་ལ་ཡུར་འདོད། འདི་ནི་བྲེལ་ཟིང་གིས་མནར་བའི་ང་ཚོའི་རྣམ་ཤེས་ལ་ཅི་འདྲའི་མཁོ་བའི་འཚོ་བཅུད་ཅིག་རེད་ཨང་།
མཛེས་མའི་མིག་ཟུང་བར་ལ། །འཇིག་རྟེན་མཛེས་པ་འཛོམས་སོང་། །
ཨ་མའི་སྤྱན་ཟུང་བར་ནས། །སྲིད་ཞིའི་བྱམས་བརྩེ་འདུས་བྱུང་། །
          【༡༢】
འཇིག་རྟེན་མིག་གིས་མཐོང་ཡང་། །   མི་སེམས་སྨུག་པས་བསྒྲིབ་འདུག །
བུ་མོས་དགའ་ཡོད་ཟེར་གྱི། ། དགའ་ས་སུ་ཡིན་མི་ཤེས། །
          【༡༣】
སྐྱབས་མགོན་མཆོག བདག་ལ་མཐུ་དབང་གནང་རོགས། རྨི་ལམ་དང་དོན་དངོས་ཁ་ཐག་རིང་བའི་རྒྱུ་རྐྱེན་ཞིག་ངས་འཚོལ་འདོད།
བདག་ལ་མཐུ་དབང་གནང་རོགས། སྡུག་བསྔལ་སེམས་ལ་ཡོད་ཀྱང་ལུས་ཀྱི་དབང་པོ་གུད་ཚུལ་ཤེས་འདོད།
བདག་ལ་མཐུ་དབང་གནང་རོགས། ངས་དྲང་བདེན་གྱི་མགོན་སྐྱབས་བྱེད་འདོད།
བདག་ལ་མཐུ་དབང་གནང་རོགས། སྟག་ཤར་པ་ནགས་ལས་འདོན་དགོས་སྙམ། འབྲོང་དར་མ་སྤང་ལ་གློད་རྒྱུ་ཡོད།
བདག་ལ་མཐུ་སྟོབས་གནང་རོགས། བདག་གིས་སྒྲུབ་མ་ཐུབ་པའི་ཁ་ཆེམས་མང་པོ་བསྒྲུབ་རྒྱུ་ལུས་ཡོད།
མཉམ་མེད་ཤཀྱྰའི་རྒྱལ་པོ། །རིགས་དྲུག་འདྲེན་ལ་མཁས་ན། །
སྡུག་གི་མཚོ་མོར་ལྷུང་པའི། །བདག་འདྲ་འགྲོ་བ་མིན་ནམ། །
              【༡༤】
  དེ་རིང་ངས་གློ་བུར་གངས་ལྗོངས་ཀྱི་མེས་པོ་ཞིག་དྲན་བྱུང་། དགུང་ཉི་མ་འདྲ་བའི་མེས་པོ་ཞིག འཛམ་གླིང་སུམ་གཉིས་ས་ཡི་ལྟེ་བར་བཞིག་ཏུ་མེད་པའི་བཙན་པོའི་རྡོ་རིང་བཞེངས་གནང་མཁན་གྱི་མེས་པོ་ལྷག་བསམ་ཅན་ཞིག་དྲན་བྱུང་། བདག་གི་བཙན་པོ་མཆོག བདག་གི་མེས་པོ་མཆོག      ལུས་པོ་ས་འོག་སོང་ཡང་། །སེམས་པ་སུ་ལ་ཆགས་ཡོད། ། སྤྱན་ཆབ་ཡིད་ལ་ཡོད་ཀྱང་། །མིག་ནས་ཐོན་རྒྱུ་མི་འདུག །
            【༡༥】
   ཞོགས་ཆར་ཐེངས་གཅིག་བབས་པའི་རི་མགོ་དེ་དག་ནི་ལང་ལོང་གི་སྨུག་པའི་ཁྲོད་འཐིམས་ཤིང་། བརྗོད་འདོད་པའི་སྐད་ཆ་དང་དྲན་བཞིན་པའི་ཁ་སང་གི་གཏམ་རྒྱུད་དེ་དག་ཀྱང་ན་བུན་གྱི་ཁྲོད་འཐིམས་པའི་ར་འཛིན་རེ་རེ་དང་འདྲ་བར་རིམ་བཞིན་སྙིང་ཁའི་གཏིང་རིམ་ལས་འཕགས་པར་དཀའ། །
རྫ་རི་སྨུག་པས་འཁྲིགས་པས། །སྙིང་གཏམ་ཐོས་པ་མི་འདུག །
རི་གཤམ་ཚེར་མ་རྒྱས་པས། །ལ་མོ་ཐོན་ཐབས་བྲལ་སོང་། །
           【༡༦】
   འདས་སོང་གི་དོན་དག་མང་པོ་ཞིག་ལ་ཕྱིར་དྲན་བྱེད་དུས་སེམས་པ་འདིར་འཁྱག་སོབ་སོབ་ཀྱི་སྡུག་བསྔལ་ཞིག་རང་ཤུགས་སུ་སླེབས་བྱུང་། འཆི་མ་བོར་མྱོང་ལ་སྨྲེ་ངག་ཀྱང་འདོན་མྱོང་། དགད་མོ་འཆོར་མྱོང་ལ་ཆོ་ངེ་ཡང་འདོན་མྱོང་། མིག་ཆུ་བོར་བ་ནི་ལྷག་བསམ་ལ་ཕོག་རྡུང་སོང་བ་ཡིན་ན་དགད་མོ་འཆོར་བ་ནི་བདེན་པའི་ཁ་ལོ་རྫུན་མའི་ལག་ཏུ་སོང་བ་ཅིས་མ་ཡིན།
འཇིག་རྟེན་ཁ་ལོ་བསྒྱུར་བའི། །སྟོབས་ཤུགས་བདག་ལ་མེད་ཀྱང་། །
རང་སེམས་རྟ་རྒོད་ངར་མའི། །མཐུང་མདའ་ལག་ནས་མི་ལྷོད། །
          【༡༦】
  ཤི་སོང་བའི་སེམས་པ་འདི་རྩ་སུམ་ལྷ་ཡི་ཡུལ་ལམ་དམྱལ་བ་བཙན་པོའི་གཏིང་རིམ་དུ་སོང་ཡང་། ཤུལ་དུ་ལུས་པའི་བེམ་པོ་དེས་མཐོང་བ་ཐམས་ཅད་ནག་པོ་དང་ཐོས་པ་ཐམས་ཅད་སྨྲེ་ངག་ཡིན་ནམ། བདག་གི་སྙན་ངག་ལྷ་མོ། འཆི་བའི་ལམ་དུ་སོང་བའི་ངའི་རྣམ་ཤེས་འདི་ཐར་པའི་ལམ་དུ་འདྲེན་རོགས་གནང་བདག་གིས་ཚེ་རབས་ཀུན་དུ་ཁྱེད་ཀྱི་རྗེས་སུ་འཇུག་པར་བྱེད།
སེར་ཤ་སྤང་ལ་སྐྱེས་པ། །སྤང་གི་ཚི་ལུ་ཡིན་ན། །
ནམ་ཟླས་བཟུང་པའི་བྱམས་པ། །སྙིང་གི་ཚི་ལུ་ཨ་ཡིན། །
            【༡༧】
  ངུ་མ་དགོད་ཀྱི་སྣང་བ་ནམ་ཡང་རྫོགས་རྒྱུ་མེད་པའི་མི་ཡུལ་གྱི་ཁམས་འདིར་ང་ཚོས་ཅི་ཞིག་འཐོབ་འདོད་དང་ཡང་ཅི་ཞིག་ཤོར་དོགས་ལ་སེམས་ཕྲལ་བྱེད། འོན་ཀྱང་ཤོར་སོང་བ་ནི་ནམ་ཡང་ལག་ཏུ་རགས་ཐབས་མེད་ལ་འཐོབ་སོང་བ་ནི་སྒྱུ་མའི་སྣང་བ་རེ་དང་སྨིག་རྒྱུའི་གཡོ་རྒྱུ་རེ་ཙམ།
ནམ་མཁའ་འཐིབས་པའི་སྒང་ལ། །ཆར་པས་གྲབ་གྲབ་བྱེད་ཀྱི། །
བུ་ཆུང་སྐྱོ་བའི་སྐྱོ་རོགས། །ཆུ་མོའི་གཞུང་ལ་མེད་འགྲོ། །
           【༡༨】
  མགོ་ཐོག་གི་གནམ་འདི་ངའི་སྙིང་ཁ་ཡིན་ན་ངས་འཇིག་རྟེན་གྱི་བརྩེ་དུང་ཡོད་ཚད་དེར་བླུགས་ཆོག གལ་སྲིད་རྐང་འོག་གི་ས་དོག་མོ་འདི་པའི་པང་ཁ་ཡིན་ན་ངས་འཇིག་རྟེན་གྱི་ཞེ་འཁོན་ཡོད་ཚད་རྡོག་པས་བསྣན་འདོད། འོན་ཀྱང་། ནམ་མཁའ་ནི་ནམ་ཡང་བྱ་རྒོད་པོ་ནམ་ཕང་གཅོད་ས་དང་། ས་དོག་མོ་ནི་ནམ་ཡང་འཐོབ་ཤོར་གྱི་གཡུལ་ངོ་གཤམས་ས་ལས་གཞན་གྱི་བདེ་ལྡན་ཞིང་ཁམས་ཤིག་གང་ནས་ཡིན། ཡིན་ཀྱང་མི་སྲིད།
                  ཆར་པ་ནམ་ཟླས་བསྐྱལ་བྱུང་། །ཆུང་གྲོགས་ལས་འགྲོས་འདེད་སོང་། །
                  བརྩེ་བ་ལྷོད་སོང་མ་གསུང་། །གྱེས་བྲལ་འཇིག་རྟེན་ལས་རེད། །
             【༡༩】
  སེམས་པ་འདི་རྒྱང་བཞུད་ཀྱི་གནས་སྐོར་བ་ཞིག་དང་འདྲ་བར་ནམ་ཞིག་རང་ཡུལ་དུ་ལོག་པའི་གདེང་མི་འདུག འདས་སོང་གི་སྤྲོ་སྣང་དང་མ་འོངས་པའི་འཚོ་བ། དེ་བཞིན་བཤད་ནས་ཚར་རྒྱུ་མེད་པའི་དེ་རིང་གི་སྨྲེ་ངག ཡོད་ཚད་ཀྱི་ཡོད་ཚད་ལ་བསམ་གཞིགས་བྱེད་དུས་ང་ནི་ཕྱོགས་སྟོན་ཆུ་ནང་དུ་ལྷུང་སོང་བའི་རྒྱ་མཚོའི་གྲུ་གཟིངས་ཞིག་དང་འདྲ་བར་ནམ་ཞིག་སྐམ་སར་ཐོན་ཐུབ་མིན་ལ་རེ་སྒུག་ཙམ་ལས་གར་འདི་འགྲོའི་གནས་མི་འདུག་ཨང་། སྐྱབས་མགོན་ཆེན་པོས་མཁྱེན། ཁྱེད་ཀྱིས་བདག་ལ་ལམ་སྟོན་སྒྲོན་མེ་བསྩལ་རོགས། ངའི་ཨམ་ཕྲག་ནང་རེ་བའི་ས་བོན་མང་པོ་ཡོད། ངའི་ཞིང་ས་མུན་པས་བསྒྲིབས་ཉེན་འདུག
             【༢༠】
  བརྩེ་བ་དང་གདུང་ཞེན་གཉིས་ཀྱི་བར་ནས་ངས་ང་རང་སྐྱེས་ཕོ་རབ་ཞིག་ཡིན་པའི་དམ་ཚིག་གཙང་མ་དོར་བར་བྱས། ལུས་དང་ལུས་པོའི་བར་ལ་རི་ཆུ་སྟོང་ཕྲག་གིས་ཆོད་ཡོད་ཀྱང་། སེམས་དང་སེམས་པ་དྲོ་འཇམ་གྱི་གཞི་ཁྱིམ་གྲུ་བཞི་དེར་གནས་ཆེད་ངས་སུ་དང་གང་གི་ཅ་ཅོ་ཡོད་ཚད་རྣ་རྒྱབ་ཀྱི་ལྷགས་པར་བཏང་སྟེ་བརྩེ་བ་དེ་དྲོད་དུ་འཇུག་བཞིན་ཡོད། བགྲོད་འདོད་པའི་ལམ་ཞིག་ལ་ཐོན་ཟིན་དུས་ང་དང་ཁྱེད་ལ་ཕྱིར་བཤོལ་གྱི་བསམ་པ་ནམ་ཡང་ཡོད་མི་སྲིད། ཡོད་མི་ཉན། འདི་ནི་བདག་གི་བརྩེ་བ་ཡིན་ལ། འདི་ནི་ཁྱེད་ཀྱི་རེ་སྒུག་ཡིན་ན་སྙམ།
ཆུང་འདྲིས་བ་ལུའི་མེ་ཏོག ། ཕ་རིའི་སྤང་ལ་མ་བཞད། །
བདག་གི་སྙིང་ཁའི་དབུས་ན། ། ཁྱེད་ཀྱི་ལྡུམ་ར་བཞེངས་ཡོད། །
             【༢༡】
  ལུས་པོ་འདི་བྱང་ནས་བྱང་དུ་འགྲོ་དུས། སེམས་པ་འདི་སྔར་ནས་ལོག་འདོད་པའི་གཞི་ཁྱིམ་འདིར་སླེབས་པ་སུ་ཡིས་ཤེས། འགྲོ་འདོད་པ་ང་ཡིན་ལ། འགྲོ་བཞིན་པའང་ང་ཡིན། འོན་ཀྱང་། སླེབས་འདོད་པའི་གྲུ་ཟུར་དེར་རེ་སྒུག་གི་མིག་ཟུང་རྒྱང་རིང་ཕྱོགས་སུ་བལྟ་བཞིན་པ་འདི་ཁྱེད་ཡིན་ནམ། རེ་སྒུག་གི་ཞིང་སར་ལོ་འབྲས་ཀྱི་སྟོན་མོ་བཤམས་དུས་གློ་བུར་གྱི་སད་སེར་དེ་རྒྱང་རིང་དུ་འཁྲིད་རོགས། བདག་གི་བརྩེ་བའི་ལྷ་མོ།
            【༢༢】
  དེ་རིང་མཁའ་དབྱིངས་སུ་སྤྲིན་བྱེའུ་མགོ་ཙམ་མེད་ཀྱང་མེ་ཏོག་གི་ཆར་པ་རྒྱུན་མི་ཆད་པ་བབས། སེམས་པ་འདི་སྐྱོ་ལྷང་ལྷང་། སྣང་བ་འདི་དགའ་སྤྲོ་སྤྲོ། སླར་ཡང་ངའི་ཡབ་མེས་ཤིག་འཛམ་གླིང་མཛེས་པའི་རྒྱན་དུ་གྱུར་སོང་བ་མིན་ནམ། ངའི་བླ་ན་མ་འཆིས་པའི་མེས་པོ་ཚོའི་གདུང་རྟེན་ལ་བྱི་དོར་བྱེད་བཞིན། ངའི་བདེན་དོན་གྱི་དཔའ་བོ་ཚོའི་དེད་དཔོན་དུ་ལངས་ནས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་འདོམ་པས་འཇལ་བཞིན་ཡོད་པ་ཁྱེད་ཀྱིས་ཤེས་སམ། མེས་པོ་ལགས་མཁྱེན། བྱས་པའི་ལས་ལ་བསྒྲུབ་པའི་མཐའ་ཞིག་ཡོད་པ་ཞུ།
           【༢༣】
  རྒྱ་མཚོའི་གཏིང་རིམ་ན་ཡོད་པ་དེ་ཀླུ་བདུད་རྡོ་རྗེ་ཟིལ་པའི་གཞལ་ཡས་ཁང་ཡིན་ན། ནོར་འཛིན་སྒེག་མོའི་ལྟེ་བར་འཁྱིལ་སོང་བ་དེ་ངག་རྒྱུན་ལས་འདས་པའི་ངག་རྒྱུན་གྱི་ཕོ་བྲང་ཞིག་ཡིན་ངེས། གནམ་བསྐོས་གོང་མའི་རྨི་ལམ་དང་སྐྱིད་པོའི་མཁར་རྫོང་གྱང་གོག་ཏུ་སློག་མཁན་གྱི་ངའི་ཕ་མེས་ཡང་མེས་ཞིག་གི་གདན་ས་ཞིག་རེད་ཨང་། ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ་ཞིང་རྩ་སུམ་ལྷ་ཡི་ལོངས་སྤྱོད་ལ་འགྲན་མྱོང་བའི་ཁྱེད་ཚོའི་སྐུ་གཟུགས་ལྡེབས་རིས་དང་ཞལ་ཐང་དུ་བཀོད་ཡོད་ཀྱང་ཁྱེད་ཚོའི་རྣམ་ཤེས་གང་དུ་གྱར་སོང་བ་ཡིན། རྩིག་ངོས་དང་ཐང་ཁ་དེ་ཚོའི་རྒྱབ་རོལ་ན་ཡོད་དམ། ཡོད་ན་འཆི་མས་མཐོང་ལམ་བསྒྲིབས་པའི་མི་ཆེན་ཞིག་ཡང་ན་སྒམ་དཀྱེལ་ཅན་གྱི་མི་ཕོ་ལ་ཐོད་ཅན་ཞིག
མཐོང་ལམ་འཆི་མས་བསྒྲིབས་ཀྱང་། །ཡིད་ལ་ཤར་བ་ཁྱེད་ཡིན། །
ཉི་མ་སྤྲིན་པས་བསྒྲིབས་ཀྱང་། །དྭངས་བའི་བསྐལ་བ་ལོས་ཡོད། །
           【༢༤】
  བཟོ་གཏེར་དང་དུག་རླངས་གིས་ཉོས་སོང་བའི་རྩྭ་ཐང་དང་ནོར་ལུག ཨར་དམ་གྱི་ནགས་ཚལ་དང་ལང་ལོང་གི་དུག་ཆུ་འཁོལ་མས་ཁྱེད་ཚོ་འཇིག་རྟེན་གྱི་གྲུ་ཟུར་ཞིག་ཏུ་དེད་སོང་དུས། མ་གཞི་གནས་འདི་ཁྱེད་ཀྱི་ཕ་གཞིས་དང་ང་ཚོའི་བླ་སྲོག་ཡིན་པ་མ་བརྗེད་རོགས། གནམ་སའི་མཚམས་ནས་རྒྱུགས་འགྲོ་བའི་ནོར་གནག་གི་རྣམ་ཤེས་ལགས།
            【༢༥】
  སླར་ཡང་སྨག་རུམ་དང་མུན་པས་བསྒྲིབས་པའི་མཚན་མོ་ཞིག འཁྱོལ་དཀའ་བའི་ཟང་ཟིང་གི་མཚན་མོ་ཞིག་སླེབས་སོང་། ཕྱི་རོལ་དུ་འཇམ་ཐིང་ཐིང་ཡིན་ཡང་སེམས་པ་འདི་ཟང་ཟིང་གི་སྨུག་པས་བསྒྲིབས་འདུག བྲེད་ཤ་དང་དཀའ་ཚེགས་ལས་མེད་པའི་མཚན་གུང་གི་རྨི་ལམ་དེ་དག་གཅིག་འཇུག་གཉིས་མཐུད་ཀྱིས་བཅར་ཡོང་དུས་སུ་ཞིག་ལ་སྐྱབས་སུ་བྱེད། སུ་ཞིག་ལ་འོ་འདོད་འབོད།
ལས་དབང་རླུང་ལ་བསྐུར་ཡང་། །དམ་ཚིག་ཆུ་ལ་བཤམས་ཡང་། །
དྲན་པའི་ཀློང་རིམ་འདི་ནས། །ཡལ་བའི་གོ་སྐབས་མིན་འདུག །
             【༢༦】
  ཉིན་ཞག་རེ་དང་མཚན་ཞག་རེ་སུ་ཞིག་གི་རྐང་རྗེས་འདེད་བཞིན་སུ་ཞིག་མཛེས་སྡུག་མེ་ཏོག་མཐུ་འདོད་ཡོད། སླེབས་རྒྱུ་མེད་པའི་རྒྱང་རིང་གི་ལམ་བུ་ལ་རེ་དོགས་གི་མིག་ཟུང་ཅེ་རེར་བལྟ་བཞིན་ལྗིད་ཏིག་ཏིག་གི་འཁུར་པོ་ཡོད་ཚད་གཏོ་བཞིན་རྒྱང་རིང་དུ་འཕེན་བསམ་ཡང་སླེབས་རྒྱུ་མེད་པའི་ལམ་ཞིག་དང་ཕྱིར་མིག་མེད་པའི་གཡང་ས་ཞིག་ང་རང་གིས་གདམས་པར་ལྡོག་རྒྱུ་མི་འདུག མདུན་ནས་མདུན་དུ་བསྐྱོད་དང་མུན་པ་ཡིན་ན་ཁྲོ་གཉེར་གྱིས་བསུས་དང་། འོད་ཟེར་ཡིན་ན་འཛུམ་གིས་བསུས་ཤོག
             【༢༧】
  དོ་ནུབ་འཇིག་རྟེན་ཐམས་ཅད་ང་དང་གྱེས་སོང་བ་ཡིན་ནའང་ཟླ་བ་ལྷ་མོ་གཅིག་པུས་ངའི་རྨི་ལམ་བློས་མ་མཐོང་བར་ལུས་འདུག ས་ཟླའི་ཚེས་བཅོ་ལྔའི་དུང་ཟླ་ནི་ནམ་ཡང་ནུབ་ཏུ་མེད་པའི་ཐུགས་རྗེ་ཆེན་པོ་ཞིག་གི་འཛུམ་ཞལ་དང་མཉམ་དུ་ཤར་རིའི་རྩེ་ནས་དལ་གྱིས་འཕགས་བྱུང་ལ་བྱང་ཆུབ་སེམས་པ་ཞིག་གི་བརྩེ་བ་དང་འགྲོགས་ནས་ངའི་སེམས་སྙིང་ཁོང་ལས་རིམ་གྱིས་ཤར་བྱུང་།
ན་ཆུང་བུ་མོའི་ལང་ཚོ། །མེ་ཏོག་ལས་ཀྱང་མཚར་ཡང་། །
ནམ་ཟླའི་བར་བསྐལ་འདི་ནས། །མཉམ་དུ་གཤིབ་ཐབས་བྲལ་སོང་། །
              【༢༨】
  ཕྱིན་སོང་བ་ནི་ལོ་ཟླ་ཡིན་ཡང་ལུས་འདས་པ་ནི་ཁྱེད་དང་ང་། ད་དུང་ཁོང་ཚོའི་དབར་གྱི་བརྗོད་མི་ཚར་བའི་གཏམ་རྒྱུད་དག་ཡིན། གཏམ་རྒྱུད་དེ་དག་དབྱར་གཞུང་གི་སྤང་ལྗོངས་ཇི་བཞིན། དགུན་གཞུང་གི་རི་རྩེ་ཇི་བཞིན་ངུ་མ་དགོད་ཀྱི་སྣང་བ་ཞིག་བྱིན་ཞོར་ངའི་ལུས་ཀྱི་གཡས་གཡོན་དུ་བྱོལ་བཞིན་གང་ཞིག་བློས་མ་ཐོངས་བར་ནམ་ཡང་འཁོར་བ་རུ་འཁྱམ་སོང་བ་ཡིན་ནམ།
                        མེ་ཏོག་ནམ་ཟླ་ཡོལ་སོང་། །རྩི་སྦྲང་སེམས་པ་མ་སྐྱོ། །
བྱམས་པའི་ལས་འགྲོ་ཟད་པར། །ང་ནི་སྐྱོ་རྒྱུ་མིན་འདུག །༡           ༼  ཚངས་མགུར་ལས།  ༽
              【༢༩】
   གྱེས་བྲལ་གྱི་ཆོས་ཉིད་འདི་འཇིག་རྟེན་མི་ལ་དར་བ་ཞིག་ཡིན་ན། ངས་ཀྱང་བློ་ཐག་སེམས་བཅད་ཀྱིས་རང་ཉིད་དང་ལེན་བྱེད་དགོས་པ་ལས་ཅི། ཨུ་ཚུགས་དང་འཁང་ར་དེ་གཉིས་སྔ་མོ་ནས་ངའི་ལུས་དང་གྲིབ་མ་བཞིན་གནས་ཡོད་ན། དེ་རིང་གི་མིག་ཆུ་དེ་ཁ་སང་གི་ས་བོན་ལ་འབྲས་བུ་སྨིན་པ་ཡིན་ངེས། བློ་ཕམ་ནི་རང་ཉིད་ཀྱི་འདས་སོང་ལ་འཁང་ར་དང་སྨྲེ་ངག་མ་ཡིན་ནམ།
ཁ་སང་ས་ཐག་རྒྱང་ནས། ། བྱམས་པ་འཚོལ་བར་ཕྱིན་སོང་། །
ས་འགྲོ་མེད་པའི་བྱམས་པ། ངའི་ཡི་པང་དུ་སླེབས་འདུག །
               【༣༠】
  བརྩེ་ཆེན་སྙིང་གི་བླ་མ། ངའི་བགྲང་བགྲང་ནས་ཟད་པའི་ཕྲེང་གོག་འདི་ལ་གཟིགས་དང་། ངའི་འདོན་འདོན་ནས་ཧྲལ་བའི་དཔེ་ཆ་འདི་ལ་གཟིགས་བཞིན། ད་གཟོད་བྱམས་བརྩེ་ཡོད་ན་ཅིས་ནས་བརྩལ་རོགས། མགོན་སྐྱབས་ཡོད་ན་ཅིས་ནས་ཀྱང་ཕེབས་རོགས། ནུབ་ཀྱི་ཉི་མ་མ་བཞུད་གོང་། ཤར་གྱི་ཟླ་བ་མ་ཤར་གོང་། འདི་རུ་ངའི་རེ་སྒུག་བསྣལ་མ་དེ་ཡོད། འདི་ན་ངའི་བླ་མ་རྒྱང་འབོད་ཀྱི་གདངས་དབྱངས་སྐྱུར་མོ་དེ་ལུས་ཡོད།
སེམས་པ་སྐྱོ་བའི་སྟེང་ལ། ། ལུས་པོ་ནད་ཀྱིས་མནར་བྱུང་། །
ཡུལ་ལྷ་གཞི་བདག་ཚོགས་ལ། ། གཏོར་མ་ནག་པོ་དགོས་སམ། །
               【༣༡】
  སྒེའུ་ཁུང་གི་ཕྱི་རོལ་དུ་བབས་བཞིན་པ་ནི་སོ་ནམས་པ་ཚོས་ཡུན་རིང་རེ་སྒུག་བྱེད་བཞིན་པའི་ཆར་པ་ཐེངས་ཅིག་ཡིན་ན། སེམས་ནང་དུ་བབས་བཞིན་པ་ནི་སུ་ཞིག་གིས་དུས་ནམ་ཡང་རེ་སྒུག་བྱེད་མ་མྱོང་བའི་གློ་བུར་བའི་ཁ་བ་ཞིག་ཨེ་ཡིན། ཚོར་བ་ཉམས་ཞན་དུ་འགྲོ་བཞིན་པའི་དེ་རིང་སླར་ཡང་རི་ཟུར་གི་སྤྱང་ཁྱུ་ཞིག་དང་འདྲ་བར་སྨྲེ་ངག་གི་སྡུག་ཡུས་རི་ཀླུང་ཀུན་ལ་ཁྱབ་པར་བྱས། རྒྱུ་རྐྱེན་འདི་དང་འདི་ཡིན་ཟེར་བཤད་རྒྱུ་མེད་པའི་སྐྱོ་གདུང་། མིག་ལ་གཟན་པའི་མཆི་མ་རྡོག་པོ་འདི་དག་ཤེལ་ཡོལ་གྱི་རྒྱབ་ངོས་སུ་བབས་བཞིན་པའི་ཆར་ཐིགས་རེ་རེ་དང་ཅི་འདྲའི་རྒྱང་ཐག་ཡོད་པ་གཞི་ནས་ཚོར་བྱུང་། འདི་དག་ནི་ཚོར་བའི་ཞིང་ཁམས་དུ་འཆི་ལ་ཁད་པའི་ངའི་ཁ་སང་གི་གཏམ་རྒྱུད་མཚར་པོ་དག་ཡིན།
ཁྱེད་རང་མཛེས་ལྡན་རྨ་བྱ། ། ཕེབས་ཡུལ་རྒྱ་གར་ཤར་རེད། །
ང་ནི་ཁང་བྱེའུ་རྐྱ་མོ། །   ཚ་བ་ཐེག་པ་མི་འདུག །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྲེང་སེམས་དང་ཁེར་ལབ།

2012-08-30 མྱང་ཉི་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།