བོད་མོ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་བྲིས་པ།

  ཁ་སང་དེ་རིང་ལ།རྒྱལ་ནང་དང་རྒྱལ་སྤྱིའི་གསར་འགྱུར་ཆེས་གལ་ཆེན་ཞིག་སྒྲོག་བཞིན་པ་ནི་བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་2012ལོའི་ལོན་ཏུང་ཨོ་རྩལ་འགྲན་ཚོགས་སྟེང་འདུར་རྒྱུགས་ཀྱི་ཟངས་ཀྱི་རྟགས་མའི་བྱ་དགའ་བླངས་པ་དེ་རེད།ང་རང་ཉིད་ལ་མཚོན་ན་ཡང་།2012ལོའི་ཟླ་8པའི་12ཉིན་གྱི་ཆུ་ཚོད་ཐིག་གི་སྟེང་གི་ཨོ་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུགས་ལ་རེ་སྒུག་ཆེན་པོ་བྱས་ཡོད་ལ།དེ་ལྟར་རེ་སྒུག་བྱེད་དོན་ནི།བོད་མོ་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལ་རེ་བ་ཆེན་པོ་བཅངས་བཞིན་ཡོད་དེ།ཁོ་མོའི་ཐག་ཐག་གི་གོམ་སྒྲ་རེ་རེ་ཡིས་མི་རིགས་ཤིག་གི་ལ་རྒྱ་དང་སྤོབས་པ་བཏེགས་ནས་ལུན་ཏུང་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུགས་ལམ་སྟེང་ན་བགྲོད་ཀྱིན་པ་དེ་རེད།
     ལུན་ཏུང་ཨོ་རྩལ་འགྲན་ཚོགས་སྟེང་ནས་བོད་མོ་ལུས་རྩལ་པ་འདིས་འདུར་རྒྱུགས་ཀྱི་འགྲན་བསྡུར་ཁྲོད་ནས་བདེ་ལེགས་ངང་ནས་ཟངས་ཀྱི་རྟགས་མའི་བྱ་དགའ་བླངས་སོང་།སྐབས་འདིར།སྒང་བ་བོད་པ་གཙོ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་བལྟ་མཁན་མང་པོ་ཞིག་གི་སེམས་ཁོངས་དྲོད་ལམ་མེར་བཏང་ལ།སྒང་བ་བོད་པ་ཚོའི་གདོང་ལ་ཡང་སྔར་མེད་ཀྱི་བཀྲག་མདངས་གསར་བ་ཞིག་བསྣན་སོང་བས་ང་ཚོ་དེ་ལ་མི་དགའ་ན་གང་ལ་དགའ།
    ད་དུང་།དེ་ལས་ལྷག་པའི་གཏམ་རྒྱུད་ཞིག་ནི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་སུ།བོད་མོ་ལུས་པ་རྩལ་པ་འདིས་བཏབ་པའི་སྐབས་ཐོག་གི་དྲིས་ལན་ལྷད་མེད་པ་རེ་རེ་ཡིས་ཉན་མཁན་གང་མང་ཞིག་གི་ལུས་ཀྱི་རྩ་ལམ་ན་ལྡང་བའི་ཟུངས་ཁྲག་དེ་ཡང་ལྷོག་ལྷོག་ཏུ་གདུ་རུ་བཅུག་སོང་།
དེ་ནི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་སུ་ཁོ་མོས་བཤད་རྒྱུར།༼མི་ཞིག་གིས་བོད་སྐད་ཀྱི་ལམ་ནས་ང་ལ་ངར་ཤུགས་བརྒྱག་རོགས་བྱེད་པ་ཐོས་བྱུང་། དེ་མ་ ཐག་ཁ་ཕྱིར་འཁོར་ནས་བལྟ་ཙམ་བྱས་ན་ཡང་རྙེད་མ་བྱུང་། སེམས་ནས་དེ་ངའི་ཨ་ཁུ་ཨེ་ཡིན་ནམ་བསམ་བྱུང་། ཨོ་རྩལ་འགྲན་ཚོགས་ཀྱི་ཁོར་ཡུག་དེ་ངའི་དྲན་ཚུལ་དང་གཏན་ནས་འདྲ་བ་མི་འདུག འདི་རུ་སྤྲོ་བསུ་ཆེན་པོ་ཡོད་འདུག གང་དུ་ཐོན་ན་ཡང་ཁྱེད་ལ་ངར་ཤུགས་སྟེར་མཁན་ཡོད་པ་རེད། རང་གིས་བཏང་ལྷོད་གཏོང་འདོད་ཀྱང་ལྷོད་མི་ཐུབ་པ་འདྲ་འདུག ང་རང་ནི་ལྟད་མོ་བའི་ཀི་སྒྲ་ལ་བརྟེན་ནས་ཤུགས་བསྐྱེད་ཐུབ་པ་བྱུང་བ་རེད༽ཅེས་པ་དེ་རེད། ཡུན་རིང་བོ་ཡུལ་དུ་ལོག་མ་ཐུབ་ལ། ཡུན་རིང་བོར་ཕ་སྐད་གོ་མ་མྱོང་བའི་འབྲོག་མོ་ཞིག་རྒྱལ་ནང་གི་གྲོང་ཁྱེར་གང་མང་དང་རྒྱལ་སྤྱིའི་རིམ་པ་བརྒྱུད་ནས་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུགས་ར་སྟེང་བསླེབས་པ་ན། ཁོ་མོ་ལ་ཆེས་ཁེར་རྐྱང་གི་ཚོར་བ་ལྗིད་མོ་ཞིག་ཅིས་ཀྱང་ཡོད་སྲིད་ལ། ཕ་ཡུལ་དང་བྲལ་ཞིང་ཕ་སྐད་དང་བྲལ་བའི་གདུང་བ་དེ་ཡིས་ཁོ་མོའི་ལུས་ཀྱི་ཟུངས་ཟད་ཅིང་ཡིད་ཀྱི་ཐང་མི་ཆད་པ་ག་ལ་སྲིད། སྐོམ་གདུང་གི་དུས་སུ། ཆུ་འཁྱག་ཕོར་གང་ལས་ལྷག་པའི་ཕ་སྐད་དེས། ལག་རྡང་ཁྲི་སྟོང་ལས་ལྷག་པའི་ཕ་སྐད་དེས། ལོ་དང་ཟླ་བ། ཉིན་དང་མཚན་ལ་དཀའ་བ་བརྒྱ་སྟོང་སྤྱད་ནས་སྦྱོང་བརྡར་བྱས་པ་ལས་ལྷག་པའི་ཕ་སྐད་དེས། ཁོ་མོའི་ལུས་ལ་དཔའ་བསྐྱེད་ཅིང་། སེམས་ལ་དྲོད་བསྣན་པར་མ་ཟད།གོམ་པར་ངར་བྱིན་ནས་བསྐོར་བ་མཐའ་མ་གཉིས་ནི་ཆོས་དབྱིངས་སྐྱིད་ལགས་དགའ་འཛུམ་གྱིས་ཁེངས་ནས་འགྲུབ་ཅིང་། འདི་ནི་ཁོ་མོར་རྒྱབ་སྐྱོར་གནང་མཁན་ལ་ཕུལ་བའི་དྲིན་ལན་ཆེས་བཟང་བ་ཡིན་ཟེར། དེ་བས་ན། བོད་མོ་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱི་རྩ་ལམ་ན་རྒྱུ་བའི་ལ་རྒྱའི་ཟུངས་ཁྲག་དེ་ནི་ཇ་ཁ་ཆང་ཁ་ནས་བཤད་པའི་སྐྱ་སྟོང་འགའི་ཝུ་བའི་ལ་རྒྱ་ཙམ་མ་ཡིན་པར། ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུགས་ར་ན་དགའ་སྐྱོ་འདྲེས་མའི་མིག་ཆུ་དང་ལྷན་དུ་བལྟ་མཁན་ཁྲི་ཁྲི་འབུམ་འབུམ་གྱི་མིག་ནང་ལ་ཐོགས་ཤིང་སེམས་ནང་དུ་ལྷུང་བཞིན་པ་དེའོ།།
   ངས་ལུག་ཤ་དྲན། སྐམ་ཤ་དྲན། ཆང་དཀར་དྲན་འདི་ནི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས་གསར་འགོད་པར་བཤད་པའི་སྐད་ཆ་ཞིག་རེད། སྐད་ཆ་འདི་ལས་ཁོ་མོ་ནི་འབྲོག་ཕྱོགས་རྩྭ་ཐང་ནས་འཚར་ལོངས་འབྱུང་བའི་ཆེས་སྤྱིར་བཏང་གི་འབྲོག་མོ་ཞིག་ཡིན་པ་ཝ་ལེར་ཤེས་ཡོང་ལ། ཡུན་རིང་བོར་ཕ་ཡུལ་གྱི་ཁ་ཟས་དང་བྲལ་བའི་གདུང་བ་དེ་ཅིས་ཀྱང་ཤེས་ཡོང་། ཁོ་མོས་བཤད་པའི་སྐད་ཆ་དེ་ནི་ཆེས་ལྷད་མེད་པ་ཞིག་སྟེ། འབྲོག་པའི་བུ་བུ་མོ་ཚོ་རྒྱལ་ནང་དང་རྒྱལ་སྤྱིའི་གནས་གང་རུང་དུ་ཕྱིན་ཡང་ཆེས་ཐོག་མར་དྲན་པ་ནི་ཁ་ཟས་ཡིན་ཏེ། ཆུང་དུས་སུ། རྒྱུན་ལོབས་སུ་སོང་བའི་ཞོ་དང་འོ་མ། མར་དང་ཆུར་བ། ལུག་ཤ་དང་སྐམ་ཤ་ཡིན་པ་སྨོས་ཅི་དགོས། ཁོ་བོ་ལ་མཚོན་ན་ཡང་།ལོ་འགའི་ཡར་སྔོན་དུ་ལས་གྲོགས་ཚོ་དང་འགྲོགས་ནས་རྒྱལ་ནང་གི་གྲོང་ཁྱེར་ཁ་ཤས་ལ་གནས་སྐོར་དུ་སོང་དུས་སུ། ཆེས་ཐོག་མར་འཕྲད་པའི་དཀའ་ངལ་ནི་ཁ་ཟས་ཡིན་། ཆེས་ཐོག་མར་དྲན་འོངས་པ་ནི་ལུག་ཤ་དང་སྐམ་ཤ་རེད། དེ་བས། ཕྱིར་ལོག་པའི་ལམ་བར་དུ། རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་ནས་ཤ་འབྲས་དཀར་ཡོལ་གང་ཟོས་པ་དེས་རང་ཉིད་རྩྭ་ཐང་དུ་ལོག་པ་འམ། ཕ་ཡུལ་དུ་ལོག་པ་འམ། ཉེ་འབྲེལ་དང་འཕྲད་པ་ལྟ་བུའི་སེམས་ཚོར་ཞིག་བྱིན་མྱོང་ལ། ལུས་སེམས་ཀྱི་ངལ་དུབ་ཡོད་ཚད་ཡང་ཅིག་ཅར་དུ་སེལ་བར་བྱེད། དེ་ལྟ་བུའི་ན། ཕ་ཡུལ་དུ་ཡུན་རིང་ལོག་མ་ཐུབ་ཅིང་། རྒྱལ་ནང་གི་སྦྱོང་བརྡར་ར་བ་ལས་བརྒལ་མི་ཆོག་ལ། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུགས་ལམ་སྟེང་ན་བགྲོད་ཀྱིན་པའི་བོད་མོ་ལུས་རྩལ་བ་འདིས་ལུག་ཤ་དང་སྐམ་ཤ་དྲན་པ་ནི་ཕ་ཡུལ་དང་ཕ་སྐད་དྲན་པའི་ཞར་གྱི་དྲན་གདུང་ལྷག་མ་ཞིག་ཅི་ལ་མིན། ད་དུང་། ངས་ཕྱིན་ཅི་ལོག་པའི་སྐད་ཆ་ཞིག་བཤད་ན། བོད་མོ་ལུས་རྩལ་པ་འདིས་འགྲན་ཞུགས་ཀྱི་སྔ་ནུབ་ཏུ་ལུག་ཤ་དང་སྐམ་ཤ་རེ་བཟོས་ཡོད་རྒྱུ་ན་དེ་ལས་ལྷག་པའི་ངར་ཤུགས་ཤིག་རྒྱས་ཨེ་འགྲོ་སྙམ་པའི་གླེན་འདང་རེ་ཡང་རྒྱག་རྒྱུ་བྱུང་ལ། བོད་མོ་ལུས་རྩལ་པ་འདིའི་ངེས་པ་དོན་གྱི་ལ་རྒྱ་འདིས་སྒང་བ་བོད་པའི་གདོང་ལ་སྔར་མེད་ཀྱི་གཟི་བརྗིད་ཅིག་བསྣན་སོང་ཨང་།
 
རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་མོ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་བྲིས་པ།

2012-08-16 བོང་སྟག་རི་ལུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།