མཁས་པ་ལྷན་ཚོགས་སྟེང་གི་མྱོང་ཚོར་ཕྲན་བུ།

  ཤེས་དཔལ་གྱི་དུས་རབས་འདིར་སླེབས་དུས། ད་དུང་གདོད་མའི་འཚོ་བའི་སྐས་རིམ་ལས་འཕར་མེད་པའི་སྒང་བ་བོད་པ་ཚང་ལ་མཚོན་ན།  ཤེས་རིག བསམ་བློ།  ཚན་རིག ལག་རྩལ།  བཟོ་ལས་སོགས་ཆ་གང་ཐད་ནས་གདོད་མའི་རིག་གནས་ཡན་གྱི་ན་ཚོད་སྨིན་མེད་པའི་ང་ཚོའི་མི་རིགས་འདི། དེ་རིང་གི་འཛམ་གླིང་ཐོག་གི་རྗེས་ལུས་སུ་ཐེབས་པའི་མི་རིགས་ཤིག་གི་གྲལ་བསྡད་ཡོད། རྗེས་ལུས་ལ་རྗེས་ལུས་སུ་མི་སྐྲག་ཅིང་རྗེས་ལུས་རིན་ཐང་དུ་ལྟ་བའི་འུ་ཅག་ལ་མཚོན་ན། ད་དུང་ས་གོ་ལའི་གྲུ་ཟུར་ཞིག་ན་འབྲེལ་མེད་ལོང་གཏམ་གྱི་ཁ་ཤོམ་སྟོབས་ཆེན་རེ་བཤད་དེ། སྐུ་ངལ་སྐྱིད་པོ་རེ་གསོས་ནས། སོས་དལ་བག་ཕེབས་ཀྱི་ལྷིང་འཇགས་ལ་རོལ་ཡོད་པའི་སྣང་ཚུལ་འདི་ང་ཚོའི་མི་རིགས་འདིའི་བསམ་བློའི་སྐྱོ་གདོང་ངམ་སྐྱོ་གར་ཞིག་རེད།  ཅེས་ཀྱང་ང་ཚོས་སྐྱོ་གར་གྱི་ལོ་རྒྱུས་འདི་ནག་སུབ་བྱེད་རྒྱུ་དེ་ཁ་བ་གངས་ཅན་པའི་མི་རབས་གསར་བའི་དཔྱོད་ཤེས་དང་། སྙིང་སྟོབས་ལ་རག་ལས་ཡོད། མི་རབས་ཤིག་གི་དཔྱོད་ཤེས་དང་སྙིང་སྟོབས་ཟེར་བའང་རྒྱུ་མེད་རྐྱེན་མེད་ལས་བྱུང་མི་སྲིད་པས། ་རྒྱུ་རྐྱེན་དེའང་བགྲོ་གླེང་གི་གོ་སྐབས་མང་དུ་སྤེལ་ཏེ། “མང་མའི་ཤེས་རབ་ཀྱི་འོ་མ་མཉམ་དུ་བསྲེས་ཀྱིས་དཔྱད་བསྡུར་གྱི་འོ་རྟས་ཡང་ཡང་དཀྲོགས་ཚེ་བདེན་དོན་གྱི་མར་ལོ་གཞི་ནས་ཐོན་ཐུབ་པ་རང་བྱུང་ཁམས་ཆེན་པོའི་གཉུག་གཤིས་སུ་གྲུབ་ཡོད་ཕྱིར། འུ་ཅག་གིས་ཀྱང་མི་བུ་སོ་སོ་ལ་ལྟ་ཚུལ་ལྷུག་བརྗོད་ཀྱིས་བགྲོ་གླེང་གི་སྡིངས་ཆ་བསྐྲུན་ན། མི་སོ་སོའི་བསམ་བློའི་གོ་རྟོགས་ལ་ཡར་སྐུལ་དང་། ཡིན་མིན་གྱི་གདར་ཤ་ཆོད་པའི་ཐབས་ཀྱི་གཙོ་བོ་ཡིན་པར་མ་ཟད། མི་རིགས་ཤིག་དར་རྒྱས་སུ་འགྲོ་བ་ལའང་མི་སོ་སོའི་བསམ་ཚུལ་བརྗེ་རེས་ཀྱི་བགྲོ་གླེང་བྱེད་རྒྱུ་གལ་ཆེའོ། །  
འདི་ནས་རང་ཉིད་གངས་ཅན་མཁས་པའི་ལྷན་ཚོགས་སྟེང་དུ་ཞུགས་ནས། མྱོང་རྟོགས་ཀྱི་ཚོར་བ་ཁ་ཤས་ཤིག་ཁྱེད་ཅག་ལ་ལབ་ན། མཁས་པའི་ལྷན་ཚོགས་ཀྱི་བགྲོ་གླེང་ནི་བོད་ཀྱི་སྤྱི་ཚོགས་ལ་ལྟ་སའི་སྒེའུ་ཁུང་ཆུང་ཆུང་ཞིག་རེད། སྒེའུ་ཁུང་དེའི་ནང་ནས་ངས་ཐེངས་གཅིག་བལྟས་དུས་བོད་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་འདིར། དུས་རབས་ཉེར་གཅིག་པའི་བོད་ཀྱི་རླབས་ཆེ་བའི་རྩོམ་པ་བོ་ཞོགས་དུང་གི་རྩོམ་རིག་དང་། བསམ་བློའི་ཤུགས་རྐྱེན་འདི་ཧ་ཅང་ཐེབས་ཀྱིན་ཡོད་པ་ཤེས་ཐུབ་སྟེ། བགྲོ་ཚོགས་ནང་གྲྭ་གྲོང་གང་མང་ཞིག་གིས་ཞོག་དུང་གི་མིང་བཟུང་སྐད་འབོད་ཀྱིས་བསྟོད་བསྔགས་བྱེད་ཚེ་ཚོགས་པ་བྱིངས་ཀྱི་དགའ་བའི་ཐལ་སྒྲ་དང་། གདོང་གི་རྣམ་འགྱུར་ཁོ་ནས་ཞོག་དུང་གི་སྒེར་ཚུགས་དང་། དཔྱོད་ཤེས་ལ་རིན་ཐང་རླབས་པོ་ཆེ་ཞིག་གི་ངོས་འཛིན་བྱེད་ཀྱི་ཡོད་འདུག་སྙམ་པའི་བསམ་ཚུལ་ཆུང་ཆུང་དེ་ཚོགས་འདུ་དེ་ལ་ཞུགས་པའི་མྱོང་ཚོར་དང་བོ་ཡིན།
  ཡང་ཚོགས་འདུའི་བརྒྱུད་རིམ་ཁྲོད་སྐྱ་བོ་ན་གཞོན་འགས་ཐུབ་བསྟན་ཆོས་ལུགས་ལ་དགག་སྒྲུབ་དང་། དོགས་སློང་། ཟུར་ཟ། དངོས་པོ་དཔལ་ཡོན་ཡར་རྒྱས་སུ་འགྲོ་བའི་བཀག་རྡོ་ནི་ཆོས་ལུགས་ཡིན་པར་ལྟ་ཚུལ་འདོན་སྐབས། གྲྭ་གྲོང་གི་ཁྱད་མེད་པར་རང་དབང་དམངས་གཙོ་གླེང་མཁན་གྱི་ན་གཞོན་མཐའ་དག་གིས་དགའ་བའི་ཐལ་མོའི་ཀློང་ན་ཅི་ཞིག་ཡོད་ཀི་ཟེར་ན། ན་གཞོན་དེ་ཚོ་ཆོས་ལུགས་ལ་མི་དགའ་མཁན་ཞིག་གཏན་ནས་མཚོན་མི་ཐུབ་ཀྱང་། 
འུ་ཅག་མི་རིགས་འདི་ཆོས་ལུགས་ཀྱི་བསམ་བློའི་ཁྱབ་ཁོངས་ལས་བརྒལ་མི་ཆོག་པའི་བསམ་བློས་བཙིར་གནོན་ཤུགས་ཆེན་དར་ཡོད་པ་མཚོན་འདུག་ཅིང་།  གནོན་ཤུགས་དེ་ལ་གཞན་གྱིས་ལྡོག་རྫིས་བྱས་དུས་དགའ་བའི་ན་ཟུག་གིས་ཐལ་སྒྲས་ཚོགས་ར་བསྒུལ་གྱིན་ཡོད་པའི་སྣང་ཚུལ་ནི་བགྲོ་ཚོགས་དེ་ལ་ཞུག་པའི་བདག་གི་མྱོང་ཚོར་གཉིས་པ་ཡིན།
   ཉིན་ལྔའི་རང་གི་བགྲོ་གླེང་སྐབས་སུ་ཚོགས་པ་སྤྱིའི་ཐུན་མོང་གི་ལྟ་བྱ་ནི་མཐུན་སྒྲིལ་དང་། གུ་ཡངས་ཟེར་བའི་ཡིག་འབྲི་བཞི་པོ་འདི་ཁ་སྐམ་འགྲོ་རྒྱུ་ཞིག་གླེང་ཐལ།  འོན་ཀྱང་། དེ་ནི་སྤྱི་ཚུལ་ཙམ་ལས་ད་དུང་དགེ་བཤེས་དང་མཁན་པོ་སོགས་ཀྱིས་མཐུན་སྒྲིལ་དང་། གུ་ཡངས་བཟོད་སྒོམ་བྱེད་ཐུབ་ཀྱི་མེད་དེ། ཁོ་ཚོའི་ཆོས་ལུགས་ག་གེ་མོ་དང་། བླ་མ་ག་གེ་མོ་སོགས་ལ་དགག་པ་ཚ་ཐག་ཆོད་རེ་བརྒྱབ་བཞག་དུས། གུ་ཡངས་བཟོད་སྒོམ་བཤད་མཁན་གྱི་མི་ཆེན་ཚོའི་ཞལ་ངོ་ནག་ལྷང་ལྷང་དུ་འགྱུར་གྱིན་འདུག་པའི་རྟགས་མཚན་ལས་དཔག་ན། ད་རང་གུ་ཡངས་དང་   མཐུན་སྒྲིལ་ནི་ང་ཚོ་དང་རྒྱང་ཐག་ཤིན་ཏུ་རིང་བོ་ཞིག་ན་ཡོད་པའི་བསམ་བློའི་འཇིག་རྟེན་ཞིག་རེད་ཡ་སྙམ་པའི་སྐྱོ་སྣང་དེ་བགྲོ་གླེང་འདིའི་མྱོང་ཚོར་་གསུམ་པ་ཡིན།
   གཞན་ཡང་། ཡག་ས་ཞིག་ནས་གླེང་ན། མདོ་དབུས་ཁམས་གསུམ་གྱི་དགོན་སྡེའི་སྤྱི་ཚོགས་ཤིག་ནས་དར་བའི་བགྲོ་གླེང་ཞིག་ལ། གངས་ཅན་མཁས་པའི་བགྲོ་གླེང་འདི་ཆེས་ཡག་ཤོས་ཡིན་རེད་སྙམ། རྒྱུ་མཚན་གང་གི་ཕྱིར་ན། ཚོགས་འདུ་དེར་ཞུགས་པའི་སྐྱ་ཟེར་ཕོ་མོ་ཀུན་ལ་རང་གི་སེམས་ཀྱི་ན་ཟུག་གང་ཡོད་ཐད་ཀར་བཤད་སའི་རང་དབང་གི་སྡིངས་ཆ་ཞིག་ལྟོས་བཅས་ཀྱི་ཡོད་པ་དེ།  ཚོགས་པ་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད་འདུག
  སྐབས་དེར་ངའི་སེམས་ལ་བགྲོ་གླེང་གི་མཁའ་དབུགས་འདིས་བོད་ཁམས་ཧྲིལ་བོར་ཁྱབ་ཐུབ་པ་ཞིག་བྱུང་ན་ཅི་མ་རུང་སྙམ་སྟེ། ཚོགས་འདུ་ལ་དགའ་དུང་དུང་གི་སྤྲོ་བ་དེ་ངའི་མྱོང་ཚོར་བཞི་བར་བཤད་ན་ཆོག   
  བགྲོ་གླེང་ཐོག་ནས་ཐག་འདི་བཅད་སོང་ཟེར་རྒྱུ་ཞིག་མེད་མོད། བགྲོ་གླེང་ཚོགས་ཞུགས་ཀྱི་སྐྱ་ཟེར་ཡོངས་ཀྱི་སྐད་ཆ་རྣམས་གླུ་བརྒྱ་མགྲིན་གཅིག་གི་དཔེ་རུ་མ་སོང་བར།  བཤད་མཁན་དང་དྲི་མཁན་སོ་སོའི་དོགས་སློང་དང་། བསམ་བློའི་འཆར་རྟོགས་ཀྱི་ཁྲོད་ནས། མི་ཀུན་གྱི་ཀླད་པ་དཀྲུགས་པར་བྱས་སོང་། དེ་ནི་མི་རིགས་ཤིག་ལ་བློ་འབྱེད་ཀྱི་སྒོ་འཕར་ཡངས་པར་ཕྱེ་བའི་ཐོག་མའི་རྟེན་འབྱུང་གལ་ཆེན་ཞིག་ཆགས་འདུག་བསམ་པ་ནི། ཡང་བགྲོ་གླེང་འདིར་ཞུག་པའི་མྱོང་ཚོར་ལྔ་པ་ཡིན།                   2012   8    7 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁས་པ་ལྷན་ཚོགས་སྟེང་གི་མྱོང་ཚོར་ཕྲན་བུ།

2012-08-11 ཤེས་རབ་ཡེ་ཤེས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།