གཞི་རིམ་གྱི་འཚོ་བ་དང་དེའི་དད་པའི་རྒྱབ་ལྗོངས།

  ང་སློབ་གྲྭ་ཆེན་མོ་ནས་ཐར་ཕྱིན་ནས་ཟླ་བ་འདི་དག་ལ་ཆེས་སྤྱིར་བཏང་གི་གཞི་རིམ་དུ་ལོགས་པ་ཡིན།གཞི་རིམ་ན་གློག་མེད་ལ་ལམ་ཡང་མེད།གཞི་རིམ་ན་བརྡ་རྟགས་མེད་ལ་བརྙན་འཕྲིན་ཡང་མེད།འདི་ནི་ང་དང་གཞི་རིམ་དམངས་ཚོགས་ཀྱི་འཚོ་བ་ཡིན་ལ་དུས་རབས་ཉེར་གཅིག་པའི་ཁ་སང་དེ་རིང་གི་གཞི་རིམ་ཡིན།ད་དུང་གཞི་རིམ་ན་གསར་འགྱུར་དང་རྒྱངས་བསྒྲགས་མེད་ལ།འདི་ནི་ང་དང་ཁ་བ་བོད་པའི་གཞི་རིམ་གྱི་འཚོ་བ་ཡིན།འདི་ནི་བརྡ་འཕྲིན་དུས་རབས་ཏུ་འབོད་པའི་ཁ་སང་དེ་རིང་གི་གཞི་རིམ་དེ་ང་ཚོའི་གཞི་རིམ་ཡིན།འོན་ཏེ། མེད་མུག་གི་ཐ་སྙད་འགའི་བར་གླགས་ཀྱི་རྒྱུན་དེ་མཚམས་འདིར་སླེབས་དུས། དུས་རབས་ཉེར་གཅིག་པའི་ཀློག་པ་པོ་དག་གི་སེམས་ངོར་ཅི་ཞིག་འཆར་སྲིད། འདི་ནི་ངས་འཚོ་གནས་ཀྱི་བདེན་པ་ལ་གསལ་ཁ་ཕྱེ་སྟངས་ཤིག་ཡིན་ལ། འདི་ནི་བརྡ་འཕྲིན་དུས་རབས་ཏུ་འབོད་པའི་ཁ་སང་དེ་རིང་ལ་འདྲི་རྟགས་ཤིག་བཀོད་པ་ཡིན།  ད་དུང། གཞི་རིམ་ན་ཆེས་དྭངས་གཙང་ལྷད་མེད་ཀྱི་གླུ་སྐད་དང་དཀར་ཞིང་གསལ་བའི་ཁ་བ།
  དྲོད་ཁོལ་འཛོམས་པའི་མེ་འོད།ཆེས་གཙང་བའི་མི་གཤིས།ཀ་འཕྲེང་སུམ་ཅུའི་གཟི་འོད། ཕ་སྐད་དག་མའི་རང་མདངས།འགྱུར་མེད་དག་གཙང་གི་དད་སེམས་སོགས་ཡོད་ལ།  དད་སེམས་འདིའི་ལྟག་རྒྱབ་ན་དམར་ཟས་བཙན་གཅོད་སོགས་ཆོས་ལུགས་པའི་སློབ་གསོ་སྤྱི་ཚོགས་སྟེང་དུ་སྤེལ་དེ།དྭངས་གཙང་ལྷད་མེད་ཀྱི་དད་སེམས་དེ་བེད་སྤྱད་ནས་དགེ་བཅུའི་ཁྲིམས་བཟོས་ཏེ་ཕྱུགས་ཟོག་བཙོང་མི་ཆོག་པ་སོགས།ཁྲིམས་ཀྱི་རིགས་མང་དུ་བཏང་དེ།  གཞི་རིམ་དམངས་ཚོགས་ཀྱི་འཚོ་བ་དང་མི་བུ་སྒེར་སོ་སོའི་འདོད་མོས་ལ་མི་སེམས་པར་བཙན་དང་ཤུགས་ཀྱིས་སྒེར་གཅོད་ནི་འཇིགས་སུ་རུང་བ་ལའོ།འདི་ནི་ནང་གི་སྒེར་གཅོད་ཡིན་ལ། སྒེར་གཅོད་འདི་དག་གི་རིགས་ནི་རྗེས་སུ་འབྲི་འདོད་ཡོད་པས་མང་བོ་མི་གླེང་བར་བྱའོ། གང་ན་སྒེར་གཅོད་ཡོད་ན་དེ་ན་གནས་ལུགས་དང་བདེན་པའི་དྲི་ཙམ་ཡང་མེད་པའི་དཔེ་ལྟར་ཏུ།འཚོ་གནས་ཀྱི་བདེན་པ་དང་མི་བུ་སྒེར་གྱི་འདོད་མོས་ནི་གང་ན་མཆིས།  འདི་ནི་གཞི་རིམ་དམངས་ཚོགས་དང་ངའི་ཟླ་ངོགས་འགའི་འཚོ་བ་ཡིན་ལ།
  འདི་ནི་གཞི་རིམ་དམངས་ཚོགས་ཀྱི་མི་བུ་སྒེར་སོ་སོའི་མི་ཚེ་ཞིག་གི་འཚོ་བ་ཡིན།
  འདི་ནི་བདེན་པའི་ངོ་བོ་ལ་རྡོག་བརྫིས་གཏོང་གིན་པའི་ཕྱི་ནང་གཉིས་ཀྱི་སྒེར་གཅོད་ཡིན།
  འདི་ནས་ཁ་ཕྱིར་འཁོར་དེ་འདང་ཞིག་བརྒྱབ་ན་ང་ཚོའི་ཤེས་ཡོན་པ་རེ་རེ་ནི་གཞི་རིམ་དུ་ལོགས་ཏེ།མི་ཞིག་གི་ཆེས་མ་མཐའི་རང་དབང་དང་ཁྲིམས་ཀྱི་ཁེ་དབང་སོགས་ངོ་སྤྲད་རྒྱུ་ནི་ཤེས་ཡོན་པ་རེ་རེའི་འགན་འཁྲི་ཡིན་ལ།ང་ཚོའི་འགན་འཁྲིའི་འདུ་ཤེས་བཤད་བཤད་མཐར་འདི་ཙམ་ཡང་སྒྲུབ་མ་ཐུབ་ན།ང་ཚོའི་བཤད་བཤད་པའི་འགན་འཁྲི་ནི་ཁ་གཡང་ཙམ་དུ་མི་འགྱུར་གྲང་།    དེ་བས་ང་ཚོས་ད་ལྟ་ད་དུང་བློ་འབྱེད་བྱེད་དགོས་ལ།རང་དབང་གླེང་དགོས། ད་དུང་མི་བུ་ཞིག་གི་ཆེས་མ་མཐའི་ཁྲིམས་ཀྱི་ཁེ་དབང་ལ་བདེན་པ་ར་སྤྲད་དགོས་ལ། ང་ཚོའི་གཞི་རིམ་ན་ཁྲིམས་མིན་ལུགས་མིན་གྱི་ཁྲིམས་ལུགས་མང་ལ། ཆོས་མིན་སྲིད་མིན་གྱི་ཆོས་ཁྲིམས་མང་།ཞི་བདེ་བ་དང་དགེ་བཅུ་བ།རང་སྐྱོང་ཁུལ་དང་རང་སྐྱོང་སྲོལ་ཡིགའཆམས་མཐུན་སྤྱི་ཚོགས་དང་བརྡ་འཕྲིན་དུས་རབས་སོགས། བལྟས་ན་བདེན་བདེན་དང་ཉན་ན་སྙན་སྙན་འདྲ་བའི་ཐ་སྙད་དེ་དག་ཁ་ཕྱིར་ལྟས་སུ་འགྲེལ་དེ་སྒེར་གཅོད་ཆེན་པོའི་འཇིགས་རྔམ་དེ་བསམ་ན། ངའི་སེམས་བསམ་པའི་གཏིང་སར་ན་ཟུག་དང་འོ་དོད་ཀྱིས་ཁེངས་སོང་།  ངའི་ཞེ་ཡིད་ཀྱི་དིང་གར་མིག་ཆུ་དང་སྐྱོ་བས་ནར་སོང་།  མི་བུ་ཞིག་ལ་མཚོན་ན་ཆེས་མ་མཐའི་རང་དབང་དང་འདྲ་མཉམ་དེ་གཞན་གྱིས་བཙན་དང་ཤུགས་ཀྱིས་འཕྲོག་སོང་བའི་སྡུག་བསྔལ་ནི་ཅི་འདྲའི་བཟོད་ཐབས་བྲལ་བ་ལའོ།།
  ཕྱི་གླིང་བ་ཚོར་འདི་འདྲའི་གཏམ་དཔེ་ཞིག་ཡོད་ལ་་་རང་དབང་དང་བྲལ་བ་ལས་ཤི་ན་དགའ་་་ཞེས་པའི་གཏམ་དཔེ་དེ་ནི་གནད་དུ་སྨིན་པའི་དཔེ་ལུགས་ཤིག་དང་དོན་དུ་སྨིན་པའི་གནས་ལུགས་ཤིག་རེད་ཨང་།ཡིད་སྐྱོ་བ་ཞིག་ལ་ང་ཚོའི་དམངས་ཚོགས་ནི་ད་ལྟ་ད་དུང་ནར་མ་སོན་པའི་བྱིས་པ་ཇི་བཞིན་གཉིད་དུ་ཡུར་འདུགགཞན་གྱི་སྒེར་གཅོད་འོག་ནས།  དེ་བས་ང་ཚོའི་ཤེས་ཡོན་པ་རེ་རེས་འགན་འཁྲིའི་འདུ་ཤེས་ལ་བདག་པོ་བརྒྱབ་ནས། མི་བུ་ཞིག་གི་འཚོ་གནས་ཀྱི་བདག་དབང་དང་སྒེར་གྱི་འདོད་མོས། ཁྲིམས་ལུགས་ཀྱི་ཁེ་དབང་སོགས་ལ་བདེན་པ་ར་སྤྲད་དགོས། འདི་དག་ནི་ཤེས་ཡོན་པ་རེ་རེར་དུས་རབས་ཀྱིས་བྱིན་པའི་ཡོལ་དུ་མེད་པའི་འགན་འཁྲིར་མཆིས་སོ།གཞི་རིམ་གྱི་དམངས་ཚོགས་རེ་རེའི་མི་ཚེ་ལ།  བདེན་པ་དང་དཔྱོད་ཤེས་ཀྱི་མིག་ཟུང་གིས་ལྟ་རུ་བཅུག་དགོས།  བར་མཚམས་འདི་ནས་སོ་མཚམས་འདི་ནས་སྦྱོར་བ་འདི་མཚམས་མ་བཅད་ན། འདིའི་ལྟག་རྒྱབ་ཀྱི་འཇུག་འབྲས་ནི་ཅི་འདྲའི་འཇིགས་སུ་རུང་བ་ལའོ།    མཆན།  རྩོམ་ཐུང་འདི་ནི་ཁམས་རྟའུ་རྫོང་གི་གཞི་རིམ་ཞིག་ནས་ཟླ་ངོགས་འགའི་མཐོང་ཐོས་དག་སེམས་ཀྱིས་མ་བཟོདཔར་ཚོར་བའི་ཀློང་ནས་ ༢༠༡༢   ༡༢   ༩ ཉིན་བྲིས་པ་ཡིན་པས་དགེའོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞི་རིམ་གྱི་འཚོ་བ་དང་དེའི་དད་པའི་རྒྱབ་ལྗོངས།

2013-06-28 བགེགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།