ཆུ་ཕྲན་གྱི་རང་གཤིས།

དབུས་རུ་ཨུ་རྒྱན་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-22

  རྨི་ལམ་གྱི་བདེ་བ་ལ་ཡུད་ཙམ་མྱང་མ་ཐག། ཁོ་བོས་ད་གཟོད་རང་ཉིད་གཉིད་ལས་སད་ པ་ཤེས། འཕང་སེམས་ངང་སླར་ཕྱིར་རྨི་ལམ་གྱི་ཕ་ཡུལ་དུ་ལོག་པར་འདོད་ཀྱང་། ཧ་ལམ་སེམས་ཅོང་ཞིག་ཐོགས་པ་དང་འདྲ་བར། གཉིད་པའི་རེ་བ་ནི་ཧ་ཅང་ཉག་ཕྲ།
  དེ་མར་ཁོ་བོས་ཁེར་རྐྱང་གི་འཚོ་བའི་རང་མལ་ལས་རེ་ཞིག་བྲལ་བར་འདོད་པ་དང་ལྷན་དུ་གྱོན་གོས་སྲབ་མོར་གྱོན་ནས་ཕྱི་རོལ་དུ་འཁྱམས་པ་ཡིན། དེའི་དུས་ནམ་སྐྱ་ཅུང་ཟད་གསལ་ ཡང་དེ་ནི་གཞན་གང་ཡང་མ་ཡིན་པར་གཉིད་དུ་ཡུར་བའི་ནོར་འཛིན་བུ་མོ་ལ་ཆགས་འདོད་ ཀྱིས་བརྩེ་དགའ་བྱེད་པའི་ཐོ་རེངས་སྐར་ཆེན་གྱིས་རང་གི་ལག་སྒྲོན་དག་ཁོ་མོའི་མཛེས་ཞལ་ལ་གཏད་ཀྱང་།  ཅུང་ཟད་ཐག་རིང་བའི་དབང་གིས་རབ་རིབ་ཙམ་ལས་མི་གསལ་བ་རེད་འདུག། སྐབས་དེར།  ངའི་དྲན་པའི་མཚོ་ངོགས་ན་ལང་ལོང་ཉ་ཆུང་གི་འཁྱུག་འགྲོས་མེད་ལ། ཟང་ཟིང་ལྕང་ལོ་ཡི་འཕྱོ་གཡེང་མེད།  དེ་བས་འུར་འུར་བསིལ་བུའི་རླབས་གཉེར་དང་བྲལ་བར་བརྟེན། འཇམ་ཐིང་ངེར།  ཁོད་སྙོམས་ལ།   དྲག་སྒུལ་ཅི་ཡང་མེད་པར་ལྷིང་འཇགས་ངང་གནས་སོང་། ངས་ཀྱང་ཁོ་གཉིས་ཀྱིས་དགའ་གཏམ་བརྗོད་པ་ལ་ལྐོག་ཏུ་ཉན་པའི་མོད་ལ།  འཇིག་རྟེན་འདི་ངེད་གསུམ་ལ་དབང་བའམ་ད་ཆ་གནས་འདིར་སྐར་ཆེན་དང་ནོར་འཛིན།   ཁོ་བོ་བཅས་གསུམ་ལས་མེད་པར་སྙམ་མོ།                                           
དེ་ཡང་རྒྱུ་མཚན་ནི།  ཞི་འཇམ་གྱི་ཁོར་ཡུག་འདིར།  ངེད་གསུམ་ཀ་ཁུ་སིམ་གྱི་བདེ་བ་ལ་ རོལ་བཞིན་ཡོད་པས་ཡིན་ལ།  རྒྱུ་མཚན་ནི།  ལྷིང་འཇགས་ཀྱི་དུས་སྐབས་འདིར།  ཁོ་གཉིས་ཀྱི་ ཕན་ཚུན་འདོད་པའི་སྙིང་གཏམ་ཅི་དགར་སྨྲ་བས་ཡིན།  ཡང་རྒྱུ་མཚན་གཞན་ཞིག་ནི།  འཇམ་ ཐིང་ངེའི་ཁོར་ཡུག་འདི་ཡོད་པ་ལས།   ངས་ཁོ་གཉིས་ཀྱི་གསང་ཚིག་ཤེས་ཐུབ་པས་ཡིན།
  ཕྲན་གྱི་དེ་ལྟར་བསམ་བཞིན་ཟབ་ནན་བསྒོས་ཞིབ་ཏུ་ཉན་པའི་ཚེ།  ཁོ་བོའི་ཐོས་འཛིན་བུ་གར་འབྱོར་བ་ནི་གསལ་ལ་མི་གསལ་གྱི་ཆུ་སྒྲ་ཞིག་ཡིན་འདུག།  ཐོག་མར་ཁོ་བོ་དེ་ལ་ཚིག་པ་ ཟ་ཞིང་ཉན་འདོད་ཡེ་ནས་མ་བྱུང་།  དེ་ཡང་ཆུ་སྒྲ་དེ་གྲགས་པ་ལས་ནོར་འཛིན་དང་སྐར་ཆེན་ གཉིས་ཀྱི་བརྩེ་དུང་གླེང་བ་ལ་བར་ཆད་བཏང་ཞིང་། དེ་བས་བདག་གི་ཁོ་གཉིས་ཀྱི་བརྩེ་གཏམ་ མ་གོ་བས་ཡིན།  དེ་ལས་ཀྱང་ཆེས་འཕང་བ་ནི་ཁོ་གཉིས་རིམ་བཞིན་རང་གནས་སུ་ལོག་པ་དེ་ རེད་ལ་དེ་ནས་བཟུང་ཕྲན་གྱི་སྐར་ཆེན་ལ་ལྟ་འདོད་ཀྱང་ཁོ་པ་བདག་གི་འདྲེན་བྱེད་ཀྱི་སྤྱོད་ཡུལ་དུ་མ་འཆར་བ་དེ་རེད།
  དེ་ལྟར་ཁོ་བོས་ཆུ་སྒྲ་ལ་མི་འདོད་པའི་འཁོན་འཛིན་དང་བཅས་ཆུ་ཕྲན་འཚོལ་དུ་སོང་། མདུན་དུ་བསྐྱོད་བསྐྱོད་པས་བདག་ནི་ཆུ་སྒྲ་དང་ཐག་ཇེ་ཉེར་འགྲོ་བའི་ངེས་པ་རྙེད་ལ་མིག་ མདུན་དུ་ས་ཕུང་སྤུངས་པ་ལྟར་གྱི་སྤང་རི་ཆུང་ཆུང་ཞིག་ཐོན། དེ་ནས་སྤང་རིའི་སྤོ་རུ་འབྱོར་མ་ཐག།  ཁོ་བོར་དགའ་སྐྱོ་འདྲེས་མའི་འཚོར་བ་ཞིག་ངང་གིས་སྐྱེས། དགའ་དགོས་དོན་ནི།  འཆར་ཀའི་ཉིན་བྱེད་འཆར་བ་དང་ལྷན་དུ།  མིག་མདུན་དུ་ཁོད་ཡངས་ཤིང་ལྗང་ནེམ་དུ་ལྷུན་པར་ཆགས་པའི་རྩྭ་ཐང་གི་ཕང་བ་ན་ཕྲ་ཚོམ་གྱི་མེ་ཏོག་སྣ་བརྒྱའི་འདབ་སྟོང་ལྷུག་པར་གྲོལ་ཞིང་།  ཉམས་དགའ་བའི་གུར་དཀར་པོ་ཆེ་འབྲིང་ཆུང་གསུམ་གྱི་གནམ་སྒོ་ལས་དེང་གི་ཨར་འདམ་བཟོ་གྲྭའི་བཙོག་རླངས་རྫོགས་མེད་མཁའ་ལ་བོར་བ་བཞིན་དུ་བ་སྔོ་སྐྱ་འཕྱུར་རེ་བ་ཞིག་བར་མེད་པར་དགུང་དུ་གྱ་མ་གྱུའི་རྣམ་པས་འཕྱོ་ཞིང་།  དེའི་དུས།  གུར་དཀར་གྱི་མཐའ་འཁོར་དུ་ནོར་ལུག་གྲངས་མེད་ཀྱིས་ངུར་སྒྲ་དང་འབའ་སྒྲ་ཡང་ཡང་དུ་སྒྲོགས་པ་ནི།  བདག་པོ་ལ།  ཁོ་ཚོའི་འོ་མ་འཇོ་བའི་དུས་ལ་བབས་སོང་ཞེས་དྲན་སྐུལ་དང་སྦྲགས་རྩྭ་ལྗང་གསར་པའི་ལོངས་སྤྱོད་ལ་རང་རང་ཅི་དགར་རོལ་བར་འདོད་པའི་རྣམ་འགྱུར་སྟོན་པ་དང་འདྲ་བས་ཡིན་ལ།  དེ་མར་ཁོ་བོའི་ཡིད་ལ་གལ་ཏེ་དེ་དག་གི་བདག་པོ་ཕྲན་ཡིན་ན། ཁོ་ཚོའི་ལུས་ཐོག་གི་མངར་བཅུད་ལྡན་པའི་འོ་མ་བཟང་པོ་འདི་ནོར་ལུག་རང་རང་གི་བུ་ཕྲུག་དང་བརྒྱུད་སྤེལ་གྱི་ཆེད་དུ་རང་དགར་མཇོག་པ་ལས་ངའི་དབང་ཤེད་ཀྱིས་ཁོ་ཚོའི་འོ་མ་འཇོ་བར་ག་ལ་རུང་།  དེ་བས་ཁོ་ཚོ་ཚང་མ་རང་རང་ཅི་འདོད་ཀྱི་རྩ་ཐང་ཆེན་པོ་འདིའི་སྟེང་དུ་ཕན་ཚུན་འཚེ་མེད་དུ་འཚོ་བའི་བདེ་བ་ལ་སྐུལ་ངེས་སྙམ་ལ་དེ་ལས་ལྡོག་ཏེ་ནོར་ལུག་དང་རྩྭ་ཐང་གི་གཤེད་མ་དང་དགྲ་བོ་དེ་དག་ཚར་གཅོད་བྱ་བར་འདོད།
  སྐྱོ་དགོས་དོན་ནི།  ང་རང་འདི་ལྟ་བུའི་མཛེས་སྡུག་འབུམ་གྱི་ཉམས་ཀྱིས་ཕྱུག་པའི་གནས་འདིར་འཁྲིད་མཁན་ནི་ཆུ་ཕྲན་དེ་ཡིན་པ་དང་ཆུ་ཕྲན་གྱི་སྐད་སྒྲ་དེས་བདག་འདིར་འབོད་ཀྱང་།  ཁོ་བོས་དེ་ལས་ལྡོག་ནས་ཆུ་ཕྲན་ལ་འཁང་ར་བཅངས་པས་ཡིན།  དེ་ལས་ཀྱང་སྐྱོ་དགོས་དོན་ནི།  ཆུ་ཕྲན་འདི་ཉིད་གཡས་ཕྱོགས་ཀྱི་རྫ་རིའི་ཐོག་ནས་བཞུར་ཞིང་ངལ་བ་བརྒྱ་ཕྲག་ལ་བརྟེན་པས་མཐར་རྫ་རིའི་ཕ་བོང་ཀུན་གྱི་འགྲམ་ལྕག་གཟེད་དགོས་བྱུང་ནས་ཕར་བརྡབ་ཚུར་བརྡབ་ངང་འོངས་བ་དེ་རེད།
བདག་གི་དེ་ལྟར་བསམ་བཞིན་ཆུ་ཕྲན་ལ་དགོངས་དག་བཞུ་ཕྱིར་རྫ་རིའི་ཕྱོགས་སུ་རྒྱུགས་ཕྱིན་པ་ཡིན།  ཁོ་བོ་རྫ་རིའི་གཤམ་དུ་འབྱོར་མ་ཐག  ཡུད་ཙམ་ཧོན་ཐོར་དགོས་པ་བྱུང་།  དེ་ཡང་མིག་མདུན་གྱི་ཆུ་ཕྲན་དེ་ནི་ངའི་བསམ་ཚོད་ལས་ཡོངས་སུ་འདས་ལ་དེ་བས་ཆུ་ཕྲན་འདིའི་ཆེས་སྤྱིར་བཏང་མིན་པའི་དགེ་མཚན་མ་ལུས་ཁོ་བོའི་དྲན་པའི་དབུས་དང་རྗེས་དཔག་གི་བློའི་ནང་དུ་རེ་ཞིག་བར་མེད་དུ་འཛུལ་འོངས་བས་ཡིན།  དེ་བས་ཆུ་ཕྲན་དེ་ནི་དྲེགས་ཅན་གྱི་ཆུ་ཕྲན་དེ་འདྲ་མིན་པར་རྫོགས་མེད་ཀྱི་གོར་མ་མང་པོའི་གསེབ་ཏུ་ངལ་བ་ཁྱད་དུ་བསད་ཅིང་།ངོས་རྩུབ་པའི་རྡོ་ཆེན་དང་།   རྩེ་རྣོ་བའི་བྲག་རྡོ།   ཞི་འཇམ་པའི་དཀར་གོང་།  གང་དང་འཕྲད་ཀྱང་དེ་དག་ལ་འོས་འཚམས་གྱི་ཁ་བརྡ་དང་གླེང་མོལ་བརྒྱུད་ནས་མུ་མཐུད་མདུན་དུ་བཞུར་ལ།  ཚི་དམ་པའི་བྱེ་འདམ་ནང་དབུགས་ཀྱི་རྒྱུ་བ་འགག་ལ་ཁད་དུ་གྱུར་ནའང་ཇི་མི་སྙམ་པར་མདུན་ནས་མདུན་དུ་བཞུར་འགྲོ་བ་རེད་ཨང་།
དེ་བས་རྫ་རི་འདིའི་ཐོག་གི་རྫ་རྡོ་ཡོད་ཚད་ཀྱི་ཁོང་གསེང་ཀུན་ཏུ་ཉུལ་ནས་དེ་དག་དབར་གྱི་ཟུངས་ཁྲག་དངོས་དེ་གྲུབ་འདུག་ལ། དེ་ཙམ་མ་ཟད།  ཆུ་ཕྲན་གྱི་རྡོའི་སྟེང་གི་རྡུལ་དང་དྲེག་པ་མ་ལུས་པར་དེད་ནས་འཁྲུད་པའི་ངང་ཚུལ་དེ་ནི་ཆུ་ཕྲན་གྱི་ཆེས་བཟང་བའི་གཤིས་བཟང་དེ་ཡིན་པར་འདོད།  དེ་བས་ཞིབ་ཏུ་བསམ་ཚེ།  ཆུ་ཕྲན་གྱི་བླ་ན་མེད་པའི་གཤིས་བཟང་དེ་ཤེས་རྟོགས་བྱུང་།
ཆུ་ཕྲན་གྱི་རྫ་རིའི་འོག་ཏུ་མུན་པ་ཇི་འདྲའི་གནག་ཅིང་ཤུལ་ལམ་དེ་འདྲའི་ཐག་རིང་ཡང་།   ཆུ་ཕྲན་གྱིས་དེ་དག་ལས་ཡོངས་སུ་རྣམ་པར་རྒྱལ་ཏེ།  ཡངས་པའི་རྩྭ་ཐང་དང་རྫ་རི་གཉིས་ཡུག་གཅིག་ཏུ་དམ་དུ་འདྲེས་པ་མ་ཟད།  རྩྭ་ཐང་འདི་ཉིད་ལ་དུས་དང་འཚམས་པའི་གོས་ལྗང་བཀླུབས་སུ་བཅུག་ནས་དེའི་སྟེང་གི་མི་ཕྱུག་སེམས་ཅན་ཀུན་གྱི་སྐོམ་གདུང་སེལ་ཕྱིར་བཞུར་འོངས་བ་འདི་ནི་ཆེས་རླབས་ཆེ་བའི་སྤྱོད་བཟང་ཞིག་མིན་ནམ། དེ་ཀྱང་མི་ཚད།  རྩྭ་ཐང་སྟེང་ཆུ་ཕྲན་རྒྱུགས་ཤུལ་གྱི་ཡུར་བུ་དེ་དེད་ནས་མདུན་དུ་བསྐྱོད་ཚེ།  ཡུར་བུའི་གཡས་གཡོན་བར་མེད་པར་ཤང་ཤང་དྲིལ་བུ།  སྐལ་བཟང་མེ་ཏོག   ཨུག་ཆོས་སྔོན་པོ།   གསེར་ཆེན་མེ་ཏོག།  སོགས་ཕུན་སུམ་ཚོགས་པའི་མེ་ཏོག་དག་རང་མོས་ཀྱི་འདབ་སྡོང་སྟར་དུ་བཞད་པ་ནི་མི་སྣ་འགངས་ཆེན་ལ་བསུ་བ་བཞུ་ཆེད་ལམ་འགྲམ་གཡས་གཡོན་དུ་གྲལ་བསྒྲིགས་པའི་མེ་ཏོག་དང་འདྲ།  དེ་ནི་རྩྭ་ཐང་གིས་ཆུ་ཕྲན་འདི་ཉིད་རྩྭ་ཐང་སྟེང་དུ་བཞུར་བར་དགའ་འབོད་ཀྱི་བསུ་བ་བྱེད་པ་དང་གཉིས་སུ་མ་མཆིས། ཁོ་བོས་དྲི་ཞིམ་འཕྱུར་བའི་ཡུར་བུ་དེད་ནས་མདུན་དུ་མུ་མཐུད་བཞུད་བཞུད་མཐར།  རྩྭ་ཐང་གི་བྱང་ཤར་ཁམས་དེར་སླེབས།  རང་ཉིད་དཀའ་བའི་ཚོར་བ་གང་ཡང་མ་བྱུང་ལ་ལུས་སེམས་གཉིས་ཀ་རྣམ་ཀུན་དང་མི་འདྲ་བའི་བག་ཕེབས་ཀྱི་སྣང་བས་ཁེངས་སོང་།
རྩྭ་ཐང་གི་བྱང་ཤར་ས་མཚམས་དང་འདབས་འབྲེལ་བ་ནི་རྒྱ་ཆེ་བའི་ཞིང་ཁ་རེད་འདུག་ལ་སྙེ་མའི་ལྡོག་པོ་ཆེ་ལ་ཞིང་ཐང་ནི་རྩྭ་ཐང་ལས་ཅུང་སྣུམ་ཤས་ཆེ་བར་སྙམ།  དེ་མན་ཆད་ཞིང་ལས་གཉེར་བའི་སོ་ནམ་པ་ཡིན་པ་ད་གཟོད་ཤེས།  དེ་ན། སྲན་མ།  ནས།   པད་ཞིང་།    སྲན་མ་དང་ནས་འདྲེས་མ།   གྲོ་སོགས་འདྲུ་སྣ་ལྔའི་མཛོད་དུ་གྲུབ་འདུག   དེའི་དུས།  ཁོ་བོས་སླར་ཡང་ཆུ་ཕྲན་གྱི་བཞུར་སྒྲ་དེ་ཐོས་ལ།  འབྲུ་རིགས་ཐམས་ཅད་ཀྱང་ཆུ་ཕྲན་གྱིས་དྲིན་གྱིས་འདི་ལྟར་འཚར་ལོངས་འབྱུང་བ་རེད་ཨང་སྙམ་བཞིན་ཆུ་ཕྲན་དང་སྙིང་ཐག་ཇེ་ཉེར་སོང་ངོ་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུ་ཕྲན་གྱི་རང་གཤིས།

2013-05-22 དབུས་རུ་ཨུ་རྒྱན་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།