དེང་སང་སྤྲུལ་སྐུ་ཤ་མོ་བརྡོལ་བརྡོལ་རེད།

  ད་ལོའི་དབྱར་གནང་སྐབས་ང་རང་ཕ་ཡུལ་དུ་སྡོད་སྐབས། གྲོགས་པོ་ཞིག་གིས་ང་ལ་དོན་དངོས་ཀྱི་གནས་ཚུལ་ཞིག་བཤད་བྱུང་། གནས་ཚུལ་དེ་ནི་བོད་ཡུལ་གྱི་ས་གནས་སྤྱི་ལ་ཁྱབ་གྱིན་པའི་གནས་ཚུལ་ཞིག་ཡིན་ལ། བོད་པའི་འཚོ་གནས་ཀྱི་ཚེ་སྲོག་འཇིགས་ཉེན་དུ་བཞུད་བྱེད་ཀྱི་གནས་ཚུལ་ཞིག་རེད་ཟེར་ཡང་ཆོག་སྟེ། དབྱར་གནང་དེར་གྲོགས་པོ་ཁོང་ཕ་ཡུལ་འབར་ཁམས་ཕྱོགས་ཀྱི་གྲྭ་བ་ཞིག་དང་མཉམ་དུ་གྲོང་ཁྱེར་ཆུ་འདུ་རུ་ཉིན་ཤས་བསྡད་པ་རེད། ཉིན་ཞིག་གྲོགས་པོ་ཁོང་གྲ་བ་དེ་དང་མཉམ་དུ་རྒྱ་མི་ཚོང་བ་འགའི་གསོན་སྟོན་ལ་རོལ་དུ་སོང་།ཏག་ཏག་གསོལ་སྟོན་དེ་ནི་ཚོང་བ་དེ་ཚོས་ཆེད་དུ་གྲ་བ་དེར་བཤམས་པའི་མགྲོན་བསུ་བྱེད་ཐབས་ཤིག་རེད། གསོལ་སྟོན་དེ་རུ་ཚོང་བ་མི་དྲུག་ལྷག་ཡོད་ལ་ཁོ་ཚོ་རེ་རེ་ནས་ཞལ་འཛུམ་འཛུམ་གྱིས་འཚམས་འདྲི་རེ་ཞུས་རྗེས་ཐུགས་ལྷོད་གཡེང་ངང་གསོལ་སྟོན་ལ་རོལ།  མཚམས་ཤིག་ལ་ཁོ་ཚོའི་ཁྲོད་ནས་ཚོང་བ་ཞིག་ཡར་ལངས་ཏེ་འདི་སྐད་བཤད་བྱུང་། 我给大家说个事情,我们中间 最不好赚钱的就是和尚,干脆我们多捐点钱帮他办个活佛,简单的说帮他办个活佛证   གྲོགས་པོས་བཤད་ནས་མཚམས་འདིེར་སླེབས་དུས་ང་རང་དངངས་འཚབ་ཅིག་གིས་གཏུམས་བྱུང་ལ།དེ་བསྟུན་རྒྱ་མི་ཚོང་བ་དེའི་སྐད་ཆའི་སྣེ་ནས་མར་ཆུར་དང་རྟ་ནོར་ལུག་གསུམ་གྱི་སྣེ་ནས་གྲོང་ཁྱེར་གྱི་རྒྱ་བླར་འཁྱམས་གྱིན་པའི་གྲོང་ཉུལ་བ་དག་དང་དཀར་མཛེས་དང་འབར་ཁམས་ལྟ་བུའི་ས་ཆ་དག་ན་གྲ་བ་མང་ཤོས་སྤྲུལ་སྐུ་བྱེད་ཅིང་སྤྲུལ་སྐུ་མང་ཤོས་ཆབ་སྲིད་ཀྱི་ལག་ཆར་འགྱུར་གྱིན་པའི་སྣང་ཚུལ་དང་དེ་དག་གི་ལྟག་རྒྱབ་ནས་ན་ནིང་ད་ལོར་ཟི་ལིང་དང་ཆུ་འདུ་ན་བསླབ་པ་སློབ་གཉེར་གྱི་རྨང་གདན་ཙམ་མེད་ཡང་རབ་བཏགས་དང་སྒྲོ་འདྲོགས་ཀྱིས་འཛད་པ་གང་ཞིག་གླུ་རུ་གྱེར་གྱིན་པའི་བློ་བཟང་དང་བློ་བཟང་ཉེ་འགྲམ་གྱི་སྤྲུལ་སྐུ་གྲགས་སྐམ་ཚོ་དྲན་བྱུང་ལ།གྲུབ་མཐའ་འཐེན་འཁྱེར་གྱི་སྣེ་ཁ་དང་བླ་མ་བཟང་ངན་གྱི་ཁ་རྩོད་ལས་ད་སྐབས་དད་ལྡན་འཕྲོག་རྩོད་ཀྱི་བང་ནས་དགེ་བཅུ་དང་དགེ་བཅུའི་ཁྲིམས་མ་ཡིན་པའི་སྒེར་གཅོད་དང་སྒེར་གཅོད་བཙན་བསྟུན་གྱི་ཁྲིམས་སྤེལ་ལ་བྲེལ་གྱིན་པའི་ཕ་ཡུལ་གྱི་སྤྲུལ་སྐུ་ཚོ་དང་༼སུ་ཞིག་བདག་གི་ཁྲིམས་དང་མ་བསྟུན་ན་ཆོས་འབྲེལ་བཅད་དེ་དམྱལ་ཁམས་བཅོ་བརྒྱད་དུ་འཕེན་འཇོག༽ཅེས་པའི་གསུངས་ཚིག་འོག་ན་འཇིགས་ཉེན་བསྡམས་པའི་དད་ལྡན་དམངས་ཚོགས་ཚོ་ཡང་དྲན་བྱུང་།
  སྤྱིར་སྤྲུལ་སྐུ་ནི་ནང་ཆོས་ལ་ལྟ་ཐོས་ཅུང་ཟབ་ལ་ནང་ཆོས་སུ་གོ་ས་ཡང་ཅུང་མཐོ་སའི་སོ་སྐྱེས་ལས་བརྒལ་བའི་སྐྱེས་ཆེན་སུ་འཇོག་གིན་ཡོད་མོད། དེང་སྐབས་ནང་བསྟན་ཤེས་བྱའི་རྒྱུན་ཤེས་ཙམ་ཡང་མི་ཤེས་བའི་མི་མང་པོ་ཞིག་སྤྲུལ་སྐུར་འགྱུར་གྱིན་པའི་སྣང་ཚུལ་ལས་གུས་པོས་ནི་འདས་པའི་ལོ་རྒྱུས་དག་དཔང་དུ་བཞག་ནས་དངོས་ཡོད་དག་དྲང་བརྗོད་དུ་མ་བྱས་ན་ད་དུང་ཡང་ང་ཚོ་སྔར་ལྟར་ཆོས་མེད་སྲིད་མེད་ཀྱི་མུན་དོང་དུ་ལྷུང་ངེས་སྙམ་པས། ད་ནི་ཅིས་ནས་ཀྱང་སྤྲུལ་སྐུ་དང་སྤྲུལ་སྐུ་མ་ཡིན་པའི་ཚུལ་འཆོས་དག་དམར་རྗེན་དུ་ཕུད་ནས་རང་ཉིད་དད་རྟེན་དུ་འཇོག་པའི་མི་ཇུས་བསམ་བློ་ཞིག་འཚོ་གནས་ཀྱི་སྲོག་དབང་དུ་བསྐྲུན་ན་མི་འགྲིག་གམ།  དེ་ལྟར་མ་ཡིན་པར་དབྱར་གྱི་ཤ་མོག་བརྡོལ་བརྡོལ་གྱི་སྤྲུལ་སྐུ་འདྲ་བ་དག་ཀྱང་སྣང་མེད་རྒྱུན་ལྡན་དུ་བཞག་ཚེ་ནམ་ཞིག་འཇིགས་ཉེར་བའི་ལོ་རྒྱུས་ཤིག་ང་ཚོའི་མགོ་ཐོག་ཏུ་ཡོང་ག་ལ་མི་སྲིད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེང་སང་སྤྲུལ་སྐུ་ཤ་མོ་བརྡོལ་བརྡོལ་རེད།

2013-04-19 རྣོ་ངར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།