གྲྭ་བ་ཆུང་མ་བླངས་པའི་སྡེ་ནས་འཕྲོས་བཤད།

  སྤྱིར་གྲྭ་བ་ཟེར་བ་འདི་ཐམས་ཅད་མཁྱེན་པ་ཟས་གཙང་གི་སྲས་པོ་སྟོན་པ་ཤཀྱཱ་ཐུབ་པ་དེ་ཉིད་ཀྱི་རྗེས་འཇུག་ཞིག་ཏུ་ཆགས་དགོས་པ་མ་ཟད་ནང་བའི་ཆོས་ལུགས་ལ་གཅེས་སྐྱོང་དང་རྗེས་འཛིན་ངོ་མ་ཞིག་བྱེད་དགོས་རྒྱུ་འདི་གྲྭ་བའི་འོས་འགན་ཡིན་སྟེ།༼མདོ་མཛངས་བླུན་ལས༽ཚེ་དང་ལྡན་བདག་ལ་ཉོན་ཅིག སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་རྣམས་ཀྱིས་གཅེས་སྐྱོང་དང་ཉམས་སུ་བླངས་ན་བསོད་ནམས་ནི་བསམ་གྱི་མི་ཁྱབ་པོ་ཞེས་གསུངས་སོ།  གྲྭ་བ་ཡིན་པ་ལ་སྡོམ་དམ་ཚིག་ཡོད་མེད་ལ་བལྟ་རྒྱུ་ལས་ཕྱིའི་རྣམ་འགྱུར་ལ་བལྟས་ནས་ཧ་གོ་བ་མེད།དོན་ངོ་མ་གྲྭ་བ་ཡིན་དུས་སྡོམ་པ་རྒྱུད་ལྡན་གྱི་སེར་མོ་བ་ཞིག་ཡིན་དགོས།རབ་བྱུང་བ་ཟེར་བ་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་སྟེ་དགེ་ཚུལ་སློང་གི་སྡོམ་བླངས་བའི་གྲྭ་བཙུན་ལ་གོ་དགོས།༼གངས་ཅན་གྱི་ཞི་བ་ལྷ་ཆེན་པོ་དཔལ་སྤྲུལ་ཨོཾ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་ནས༽དེང་སང་དུས་ངན་སྙིགས་མ་ལྔ་བདོ་ལ།།སྐྱེ་བོ་ཕལ་ཆེར་བདུད་ཀྱི་ལྕགས་ཀྱུས་ཟིན།།དགེ་བའི་བཤེས་གཉེན་ཀུན་ལ་དགྲ་བཞིན་སྡང་།།ཆོས་བཞིན་སྤྱོད་པ་རྣམས་ལ་ལྷག་པར་གཤེ།།ལེགས་བཤད་དམ་པའི་གཏམ་ལ་ཞེན་པ་ལོག།དམ་ཆོས་འདུལ་བ་ཐོས་ཚེ་སེམས་ཁོང་འཁྲུགས།།རབ་ཏུ་བྱུང་བའི་རྟགས་ལ་ཐན་དུ་ལྟ།།སྡེ་སྣོད་གསུམ་གྱིས་བསྟན་ལ་གནོད་ཅེས་གླེང་།།ཞེས་གསུངས་བ་གནང་བཞིན།ཁ་སང་དེ་རིང་ཁམས་དང་ཨ་མདོ་སོགས་ནས་གྲྭ་བ་ལ་ཆེ་མཐོང་མེད་པར་མ་ཟད་ནང་བསྟན་རིག་གཞུང་འཛིན་མཁན་ཏུ་ངོས་འཛིན་པར་ཕར་ཞོག ཐ་སྙད་སྣ་ཚོགས་བེད་སྤྱོད་གཏོང་དེ་ངན་བརྗོད་བྱེད་དང་བྱེད་བཞིན་པ་མ་ཟད་གྲྭ་ལྭ་གྱོན་མཁན་གྱི་མི་སྐྱ་ཞིག་གིས་ཆུང་མ་བླངས་ཡོད་པ་ལ་བརྟེན་ནས།དམ་པའི་ཆོས་ལ་དད་ལོག།འཇིག་རྟེན་ཡུལ་ལ་ཞེ་ལོག །ཞེས་པའི་དཔེ་ལྟར།གྲྭ་བའི་ཆུང་མ་བླངས་འདུག་ཅེས་སྐྱག་དྲི་བྲོ་བའི་རྩོམ་ཡིག་དང་ངག་བརྗོད་བྱེད་དེ་གྲྭ་བའི་སྤྱིའི་སྡེ་ལ་ཐན་སྐད་གཏོང་མཁན་གང་མང་ཡོང་དང་ཡོང་བཞིན་པ་རེད།ང་ཚོས་སྐྱ་སེར་སུ་དང་གང་གིས་གྲྭ་བར་ཆུང་མ་མེད་པ་དང་གྲྭ་བས་ཆུང་མ་བླངས་ཚེ་གྲྭ་བ་མ་ཡིན་པ་མ་བཤད་ཀྱང་ཤེས་སླ་བ་ཞིག་རེད།སྐྱག་དྲི་བྲོ་བའི་རྩོམ་ཡིག་གི་ནང་དུ་དགོན་པ་ཡིན་ཟེར་ནས་གྲྭ་བ་དགའ་རོགས་འཚོལ་ཆོག་པ་ཞིག་ཡོད་པ་ཏེ་མཐོང་རྗེས་ང་རང་སྡེ་བ་དེ་དང་དགོན་པ་དེ་གཉིས་ཀའི་གང་ལ་ཡ་མཚན་དགོས་བ་མི་ཤེས་བ་ཞིག་ཏུ་གྱུར།༼ཤཀྱཱའི་རྒྱལ་བོའི་དེ་ཉིད་ཀྱིས་མཛད་པའི་འདུལ་བའི་མདོ་ལས༽རབ་བྱུང་བ་བཟང་ངན་གང་ཡིན་ཀྱང་ཁྱིམ་པའི་རྟགས་བླང་མི་ཆོག་སྟེ།དེ་ནི་རབ་བྱུང་གི་རྟགས་ལེན་པ་དང་ཁྱིམ་པའི་རྟགས་སྤང་བ་མཁན་པོ་གསོལ་བ་བཏབ་པ་གསུམ་ག་ལས་ཉམས་པའོ    ཞེས་དང་།༼ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་ཀྱང༽བུད་མེད་ཀྱི་ལུས་ལ་གོས་ཀྱིས་བར་དུ་བཅད་དེ་རེག་པ་དང་།ཟས་དང་ས་ལ་སོགས་པ་མོའི་དབང་པོར་འཛུད་པ་དང་།ཀུན་སློང་གི་ཡན་ལག་མ་ཚང་འཇམ་ལ་དང་དྲོ་བ་དང་སྙི་བའི་བསམ་པས་རེག་པ་རྣམས་ལྟུང་བ་སྦོམ་པོའོ་ཞེས་གསུངས་བའི་ལུང་དག་ལ་ལྟས་དང་དེ་དག་ནི་གྲྭ་བ་མ་ཡིན་པ་མངོན་སུམ་དུ་གྲུབ་པ་མ་ཡིན་ནམ།གྲྭ་ལྭ་གྱོན་པ་ཙམ་གྱིས་གྲྭ་བ་མི་འགྱུར་བ་དང་སྟོད་ཐུང་གྱོན་པ་ཙམ་གྱིས་སྐྱ་བོར་མི་འགྱུར་བ་མི་ཤེས་ན་ཅོལ་ཆུང་ཁྱེད་རང་ཚོས་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཡིན་པས་ཆ་ནས་རིག་རིག་གོ་གོ་ཚང་མར་བསམ་བློ་རེ་གཏོང་ནས་བཤད་དགོས་ལས་བཤད་ཆོག་ཆོག་ཞིག་མ་ཡིན་སྟེ།༼ཆོས་ཉིད་རྒན་པོའི་བཤད་ནས༽རིག་རིག་གོ་གོ་ཐམས་ཅད་བཤད་ཀྱང་མིན།།གཞན་གྱིས་སྟེར་སྟེར་ཐམས་ཅད་བཟའ་ཀྱང་མིན་ཞེས་གསུངས་བ་ལྟར།ཁྱེད་རང་ཚོས་ནང་བསྟན་པ་ཞིག་ཡིན་ཆ་ནས་སྐྱག་དྲི་བྲོ་བའི་རྩོམ་ཉོག་སོགས་གང་འདོད་དུ་མི་སྤེལ་པར་མཁྱེན་མཁྱེན་ཞུ།།།།
       ༢༠༡༣/༢/༢ཉིན་དགུ་འདུས་པདྨོ་རོང་ནས་གྲྭ་བ་ཆུང་མ་བླངས་འདུག་ཅེས་པའི་རྩོམ་ཡིག་ཞིག་མཐོང་རྗེས་བྲིས།      

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲྭ་བ་ཆུང་མ་བླངས་པའི་སྡེ་ནས་འཕྲོས་བཤད།

2013-04-18 ཤར་གངས་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།