བོད་ཀྱི་ཤེས་ཡོན་པ་མང་པོ་ཞིག་རྨོངས་འདུག

  དེང་སང་གི་ཤེས་ཡོན་པར་རློམ་པ་དག་དང་སྨྱུག་ཐོགས་པ་མང་དག་ཞིག་གིས་རང་ཉིད་ཀྱི་ལྟོ་རྒྱབ་ཁོ་ན་ལ་འབད་གྱིས་པ་ལས་རང་ཉིད་ཀྱི་མི་གཤིས་རྦད་ཀྱིས་དོར་ཡོད་འདུག   ཆུང་བྱིས་པ་རང་ལོ་དྲུག་བདུན་ནས་རིག་གནས་མྱོང་སའི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་བརྒྱུད་དེ་འཇིག་རྟེན་འདིའི་མངོན་ལྐོག་གཉིས་ཀྱི་ཤེས་བྱ་ཕྲན་ཙམ་བསླབས་ནས་སྤྱི་ཚོགས་སུ་ཞུགས་པ་ཡིན་ལ། སྤྱི་ཚོགས་ཤིག་གི་ཕྱི་ནང་གསང་གསུམ་ལ་བདག་པོ་རྒྱག་མཁན་དང་མེལ་ཚེ་མཁན། བདེན་པ་མཐོང་མཁན་དེ་ཡིན་གྱི།དེ་ལས་ལྡོག་པའི་རྒྱུ་འབྲས་མ་ཡིན་པའི་སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་ཐེར་འདོན་དང་ལེགས་བཅོས་གཏོང་མཁན་ནི་དེ་བས་ཀྱང་གྱུར་མེད་པར་སྒེར་སྡོམ་པ་གང་རུང་བ་ཞིག་གི་ལག་ཆ་དངོས་དེ་གྱུར་འདུག་པ་ནི་ཅི་འདྲའི་སྐྱོ་བ་ལ་ཨང་།ཕལ་མོ་ཆེས་རང་གི་ཁེ་ཕན་ཉི་ཚེ་བ་ཙམ་དང་རང་གི་ཐོབ་གོ་ས་ཙམ་གྱིས་ཆོག་པར་སྒོམ་ནས་ངོ་འཛུམ་འཛུམ་དང་མགོ་ཞུམ་ཞུམ་གྱིས་སྒེར་གཅོད་པའི་འདོམ་ལྡག་པ་ལས་གང་ཡང་མི་འཁྱོངས་པ་ཁྱེད་ནི་ཅི་ལའང་མི་ཤེས་གང་ཡང་མ་མཐོང་བའི་ལྐུགས་པ་མིན་པའི་ལྐུགས་པ་དེ་མ་ཡིན་ནམ།  
   དེང་སང་ནི་མི་ཚང་མའི་སེམས་སུ་འདི་འདྲ་སྣང་ཡོད་དེ།སློབ་གྲྭར་འགྲིམ་སྐབས་སུ་སློབ་མཐར་ཕྱིན་པར་རེ་བ་འཆིང་ནས་འབད་འབངས་ཧུར་གྱིས་བརྩོན་པས་སྐྱོད་པ་རེད། སློབ་མཐར་ཕྱིན་རྗེས་གཞུང་ཕྱོགས་ཀྱི་ལས་ཀ་གང་རུང་བགོས་པར་སེམས་འཚབ་དང་རེ་འདོད་ཀྱིས་སྒུག་ཞིང་གདའ། གཞུང་གི་ལས་ཀ་ཙམ་རེག་རྗེས་ཡིད་ཀྱི་འདོད་པ་ཁེངས་ཤིང་དུས་རྒྱུན་ལྟོ་བ་གསོ་ཚུལ་དང་རྒྱབ་གོས་བཟང་ངན་ལབ་ནས་དུས་ཚོད་གཡོལ།དེ་ནས་བཟའ་ཚང་འཁོར་བ་ནས་བུ་ཕྲུག་གསོས་རྗེས་སུ་གཞན་ཕན་གྱི་དོན་གང་ཡང་འཁྱོངས་ཀྱི་མེད་ལ།རང་ཉིད་དུས་རྒྱུན་འགྲོ་འོང་བྱེད་གནས་རང་ཤག་དང་གཞུང་ཤག་གཉིས་ལས་ས་རྒྱང་དང་ས་ངོ་ཆོད་ཀྱི་མི་འདུག   ཐ་ན་མི་རིགས་ཞེས་པའི་མིང་དེའང་གཞི་ནས་དོར་འདུག་པར་སྣང་།   ངས་འདི་ནས་ཆེ་ས་ནས་རང་གི་མེས་རྒྱལ་དང་མི་རིགས་མི་གླེང་།ཤ་འཁོན་དང་སྙིང་ནད་མི་རྩོད།དུས་རྒྱུན་རང་གིས་དམ་བཅའ་ཐུབ་ལ་དོན་འགྲུབ་ཐུབ་པའི་བྱ་བཞག་ཙ་ཙག་ཐད་ནས་ཞུ་ན། གཅིག་ནས་ཕ་སྐད་གཙང་མ་གླེང་ནས་སྦྲགས་སྐད་སྙིགས་རོ་དོར་བཞིན་ཨེ་ཡོད།ཕ་སྐད་གཙང་མ་དེ་ཁྱོད་ཚོས་ཚད་གང་འདྲ་ཞིག་ལ་བཞག་ཡོད། སྐད་དང་ཡི་གེ་མ་ཉམས་དམ་པོར་འཆིང་བ་ནི་བཙོན་ན་གནས་པའི་བཙོན་པ་གྲོལ་པར་ཐུབ་བྱེད་པའི་ལྡེ་མིག་རང་གི་ལག་ན་ཐོགས་པ་དང་འདྲ་ཞེས་ཟེར་ལ།སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་ཟེར་བ་རྣ་བས་ཐོས་མ་སོང་ངམ།དེ་ལ་ཞིབ་མོའི་བློ་ཡིས་བསམ་གཞིག་གཏོང་རྒྱུ་གལ།  གཉིས་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ལྭ་དེ་གྱོན་གྱི་ཨེ་ཡོད།མི་རིགས་གཞན་པ་ལས་འབུར་དུ་ཐོན་ཞིང་མིག་ལ་མཛེས་པ། སྟབས་བདེ་ལ་དྲོད་འཁོལ་ལྡན་པའི་རང་གི་གོན་པ་དེ་དོར་དགོས་དོན་ཅི།གཞན་པའི་མི་རིགས་མང་པོས་རང་མི་རིགས་ཀྱི་གྱོན་པ་ལ་ཡི་རང་དང་འགྲམ་ཆུ་ལྡང་འདུག་པ་དེ་ནི་ང་ཚོ་ལ་མི་རིགས་རང་བཞིན་དང་རང་ཚུགས་རང་བཞིན།རང་སྟོབས་རང་བཞིན་མངའ་བས་ཡིན་ཏེ།ཁྱོད་ཀྱིས་དེ་དོར་བ་ནི་རང་གི་མི་རིགས་རང་བཞིན་གྱི་ཁྱད་ཆོས་ལ་རྡོག་རྫིས་གཏོང་པ་མ་ཡིན་ནམ།
  གསུམ་ནས་རང་ཉིད་ཀྱི་ལག་ཏུ་ཐོགས་པའི་དབྱུག་གུ་འདྲ་བའི་སྨྱུ་གུ་དེ་རང་ཉིད་གཅིག་པོར་སྐྱོབས་བྱེད་ཀྱི་ལག་ཆ་ཁོ་ན་མ་ཡིན་པར་ཕྱི་ནང་གཉིས་ལ་རྣ་ཅོར་ཅོར་དང་མིག་རིག་རིག་གིས་མཐོང་ཐོས་ལ་ཞིབ་འདང་རེ་རྒྱོབས་དང། རང་ཉིད་གཅིག་པོའི་ཁེ་དབང་དང་མཚན་སྙན་གྱི་ཆེད་དུ་སྨྱུ་གུ་འདི་བེད་སྤྱད་ན་སྨྱུ་གུའི་རིན་ཐང་ཆུང་དྲགས་འདུག་སྙམ།ཁྱོད་ཚོས་ད་བར་ལག་ཏུ་སྨྱུ་གུ་ཐོགས་ཏེ་ཤེས་རིག་སློབ་པ་ནི་རང་གི་ཁ་རྒྱབ་ཙམ་ལས་ཕན་པ་མེད་སོང་ན་དེ་ལ་རིན་ཐང་གང་ཡོད།དེ་བས་ཤེས་ལྡན་སྨྱུག་ཐོགས་པ་རྣམས་ཀྱིས་མིག་རྒྱང་ཡངས་པར་འབྱེད་ནས་ཤ་ཁྲག་རུས་གསུམ་གཅིག་ལས་མཆེད་པའི་མི་རིགས་འདིའི་ཉག་ཕྲ་བའི་ཚེ་སྲོག་དེ་ལ་གཟིགས་དང་།ངེད་ཅག་ནི་མི་རིགས་འདིའི་མགྲིན་ཚབ་ཀྱི་སྨྱུག་ཐོགས་པ་ཞིག་བྱེད་ན་ཅིས་མི་ཆོག ང་ཚོའི་མཐའ་བསྐོར་ན་བསམ་བློ་ཡི་ཁ་ཕྱོགས་མེད་པའི་མི་མང་པོ་ཞིག་གིས་བལྟས་ཤིང་ཡིད་ཆེས་ཀྱིས་འགྲེང་ཡོད་པ་མི་མཐོང་ངམ།  མི་རིགས་ཤིག་གི་བདེ་སྡུག་ལ་སེམས་ཁུར་དང་ལམ་སྟོན་ཞིག་མ་ཡོང་ཚེ།ང་ཚོས་རིག་གནས་སློབ་པ་ནི་དགེ་བ་གང་ལྡན་ནམ།   རང་གི་བསམ་བློ་ལ་རིག་གནས་ཀྱི་རྒྱབ་བརྟེན་དང་བདེན་ལུགས་ཀྱི་དོན་སྙིང་གཞི་རྩར་བཟུང་ནས་རང་ཉིད་ཀྱི་ཁ་ཕྱོགས་དང་དམིགས་འདུན་འཚོལ་ན་མི་འགྲིག་གམ།ཕམ་ཁ་འབྱུང་རུང་གཏན་ཚིགས་གཅིག་གིས་དོན་སྙིང་ལྡན་པའི་བདེན་ལུགས་ཀྱིས་ཕྱུག་པའི་སྐད་ཆ་གསོན་པོ་དེ་དག་ནམ་ཡང་མི་རིགས་འདིའི་སེམས་སུ་དྲོད་ལྷང་ལྷང་གིས་ལྡང་དུ་བཅུག་ན་ཅིས་མི་ཆོག   ང་ཚོའི་མིག་མདུན་ན་མི་རིགས་ལ་བདེན་དོན་མེད་ན།ཤེས་ལྡན་པའི་མི་ཚེ་ནི་ཆ་ཤས་ཤིག་དང་ཡང་ན་འཇིག་རྟེན་དང་བྲལ་ཟིན་ལ།མི་རིགས་ཀྱི་ལོ་རྒྱུས་ཁྲོད་ན་སྲོག་གི་རྣམ་ཤེས་མ་ཞུགས་པའི་བེམ་ཤ་གསར་བ་ཞིག་ལས་མ་འདས་སོ།
   ངས་འདི་ལྟར་དྲི་བ་མོད་པོ་ཞིག་འདྲི་དགོས་བྱུང་ལ།འདི་ལྟར་འདྲི་གཞི་མང་པོ་ཞིག་གི་ཁྲོད་ནས་བསམ་གཞིག་བྱེད་དགོས་བྱུང་། དོན་ངོ་མས་ང་རང་ཚོས་སྨྱུ་གུ་འཛིན་ཤེས་པ་ཙམ་གྱིས་ཤེས་ལྡན་པ་དང་སྨྱུགས་ཐོགས་པའི་མིང་འཛིན་མི་རུང་ལ་སྙན་ངག་ཐན་ཐུན་འབྲི་ཤེས་པ་ཙམ་གྱིས་སྙན་ངག་པར་རྩིས་མི་རུང་སྟེ།མི་རིགས་ཤིག་གི་ལས་དབང་ལ་བསམ་གཞིག་དོ་ཁུར་བྱེད་འོས་མིན་ལ་རེག་དགོས་སམ།དོན་ངོ་མའི་ཤེས་ལྡན་སྨྱུག་ཐོགས་པ་ཞིག་ཡིན་ཚེ།རང་ཉིད་ཀྱི་ལྷག་བསམ་དྲང་བདེན་ལ་ཕྱོགས་ཏེ་ཉམ་ཐག་པའི་སེམས་ཅན་སྐྱོབས་རྒྱུ་ནི་འགན་འཁྲི་ཞིག་ཏུ་སྣང་།“ཆེ་ས་ནས་ཚེ་སྲོག་དཔང་པོར་བཞག་ནས་དྲང་བདེན་སྐྱོང་རྒྱུ་བསམ་དགོས་ལ། ཆུང་ས་ནས་སྨྱུ་གུ་རང་ཉིད་ཀྱི་མཚན་སྙན་དང་ཁེ་ཕན་ཁོ་ནའི་སྟེང་མི་བསྐྱོད་པའི་དམ་བཅའ་བརྟན་པོ་ཞིག་དགོས་ཀྱི་ཡོད།”ཞེས་ཤིང་བཟའ་རིན་པོ་ཆེའི་༼སྒེར་གཅོད༽ལས་དྲངས། ང་ཚོས་ཀྱང་བསམ་བློ་རྣལ་མ་དང་བློ་བརྟན་འགྱུར་མེད་ཀྱིས་བསམ་བློའི་གྲ་སྒྲིག་གང་ལེགས་ཤིག་དགོས་གལ་ཆེ།དེ་ཡང་།བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།།རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།།དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།སྲོག་ལ་བབ་ཀྱང་འབད་པས་སྲུང་བར་རིགས།།ཞེས་དགེ་ཆོས་ཀྱིས་གསུང་བ་བཞིན་དུ་བོད་པའི་ཤེས་ལྡན་སྨྱུག་ཐོགས་པ་སུ་དང་གང་ཞིག་ཡིན་རུང་ཚང་མས་བློ་ཁ་ནང་ལ་འཁོར་ནས་མི་རིགས་ཤིག་གིས་ཕྱི་ནང་གསང་གསུམ་ཐད་ལ་གཞིགས་ཏེ་མི་རིགས་འདིའི་བུ་རབས་ཚ་རྒྱུད་ལ་བསམ་བློ་གཏོང་དགོས་པའི་དམ་བཅའ་ཞིག་ནམ་ཡང་ཡིད་ནས་བརྟན་པོར་ཆགས་དགོས་སྙམ་མོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་ཤེས་ཡོན་པ་མང་པོ་ཞིག་རྨོངས་འདུག

2013-03-27 འབོར་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།