མཛེས་སྡུག་ལྡན་པའི་ང་ཚོའི་ཁོར་ཡུག་གླེང་བ།

ནག་ལྡོང་འཁྱམས་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-28

  གློ་བའི་ནང་གི་གྲོགས་པོ་རྣམས་པ་ལགས། དེ་རིང་ཡང་བསྐྱུར་སྔོན་མ་ནང་བཞིན་ཁོ་བོ་ལམ་ལ་ཞུགས་ཤིང་རང་ཉིད་ཀྱིས་བརྗོད་འདོད་པའི་ཚིག་ཚོགས་འགའ་ཞིག་འབྲི་ཁུལ་བྱས་ཡོད། ང་ཚོའི་མེས་པོ་རིམ་བྱོན་དག་གི་ལོ་རྒྱུས་ཀྱི་བར་གསེང་དང་དེ་མ་ཡིན་པའི་ཁོངས་ལུང་ཅན་གྱི་ཡིག་ཚང་གཞན་དང་གཞན་ལ་ཕྱི་མིག་བལྟ་དུས་ཁ་བའི་རི་ཚོམ་ཚར་དུ་དངར་བའི་ང་ཚོའི་མདོ་དབུས་མཐོ་སྒང་འདི་ནི་ཟླུམ་གཟུགས་གོ་ལའི་ངོགས་ཀྱི་ས་ཆ་གཞན་དག་དང་བསྡུར་ན་ཁྱད་འཕགས་ཀྱི་ངོ་མཚར་མང་པོ་མཆིས་ལ། འདི་རུ་སྐྱེས་ཤིང་འདི་རུ་རྒས་པའི་མི་དག་ལ་མཚོན་ན་མང་ཆེ་ཤས་ཀྱིས་རང་ཉིད་ཀྱི་གཞིས་ཆགས་སའི་མཐོ་སྒང་འདིའི་དགེ་མཚན་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཤེས་བྱར་གོ་རྟོགས་ཧ་ཅང་ཞན་པར་འདོད་དོ། མཛེས་སྡུག་ལྡན་པའི་མཐོ་སྒང་འདི་ནི་ཕྱི་གླིང་བའི་པར་ཆས་ནང་གི་མཛེས་ལྗོངས་ཉག་གཅིག་དང་སྨད་རྒྱ་དེ་ཚོའི་ཆེ་ཤེལ་བསྐོར་ཡུལ་ཁོ་ན་ཞིག་སྟེ། ཕྱི་ཚུལ་གྱི་རི་ཆུ་ནགས་གསུམ་དང་སྲོག་ཆགས་སྣ་ཚོགས་ཀྱིས་མི་རིགས་གཞན་དག་གི་མིག་དབང་ཅིག་ཅར་འཕྲོག་ལ་ནང་རོལ་གྱི་རིན་པོ་ཆེའི་གཏེར་རྫས་སྣ་ཚོགས་ཀྱིས་ཐོབ་འདོད་ཀྱི་བརྣབ་སེམས་དབང་མེད་དུ་འཕགས་པར་བྱེད་བའི་བཟང་དགུ་ཀུན་འཛོམས་ཤིག་དོན་གྱིས་ཡིན་ལ། དཔེར་ན་མཐོ་སྒང་འདིའི་འཁྱགས་རོམ་ལྟ་བུར་མཚོན་ན་ཡང་རྩ་འགང་ཆེན་པོ་ཤ་སྟག་སྟེ་འགྲམ་ཆུ་འཛར་འཛར་བྱེད་པའི་མི་འབོར་ཆེན་དུ་སླེབས་ཡོད་པ་རེད། ལོ་ངོ་བརྒྱ་ཕྲག་དུ་མའི་གོང་རོལ་ནས་མེས་པོ་སྔ་མ་དག་གིས་སྟར་གྲི་སོག་གསུམ་གྱིས་གནོན་འཚེ་མ་བཏང་བའི་ཚང་ཚིང་གི་ནགས་ཀླུང་སྟུག་པོ་དང་ལྩགས་འཛེར་གྱིས་ངོ་གདོང་མ་བྲད་པའི་ཁ་བའི་ལྷུན་པོ་འཕྲུལ་ཆས་ཀྱིས་རྨ་ཁ་མ་བཟོས་པའི་སྔོ་ལྗང་གི་རྩྭ་ཐང་དང་རི་ལུང་འགྱིག་གི་སྦུག་ལམ་དང་ཟབ་མོའི་རྐ་རུ་མ་དྲངས་བའི་རང་འབབ་ཀྱི་རྫ་ཆབ་བསིལ་མ་སོགས་རང་བྱུང་གི་ཁོར་ཡུག་ལྟ་ན་སྡུག་ཅིང་ཡིད་དུ་འབབ་པ་ཞིག་ཡིན་ལ། ད་ལྟ་ང་ཚོའི་ཁོར་ཡུག་གི་མཛེས་པའི་རི་ལུང་དང་གངས་རི་སྤང་ལྗོངས་དང་ནགས་ཚལ་སོགས་ལ་མིས་གཏོར་བརླག་ཚབས་ཆེན་ཐེབས་ནས་ཁོར་ཡུག་གི་མཛེས་པ་རྨང་མེད་དུ་འགྲོ་བའི་ཉེན་ཁའི་གནས་སུ་ལྷུང་དང་ལྷུང་བཞིན་ཡོད་པ་རེད། དཔེར་ན་ནགས་ཚལ་གཅིག་གི་ཆ་ནས་བསམ་བློ་བཏང་ན་ཡང་སྔོ་ལྗང་ཅན་གྱི་ནགས་ཚལ་གང་དུ་བཅད་གཏུབ་སོགས་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་རེད། འོན་ཀྱང་མི་འདི་དང་འདི་ཞེས་སུ་ཞིག་གིས་ལག་བསྟར་ནས་གཅོད་བཞིན་ཡོད་པ་དེ་དངོས་བཟུང་བྱེད་མི་ཐུབ་ཀྱང་ང་ཚོའི་མིག་སྔར་ན་སྡོང་རྒན་ཆེ་བ་དག་གཏུབ་པའི་ཤིང་འཁོར་ཆེན་པོ་དང་ཤིང་ལེབ་རིང་པོ་ད་དུང་ལྕགས་རའི་འཛུགས་སྡོང་ལྟ་བུ་རླངས་འཁོར་དང་རླངས་འཁོར་བྱས་ཏེ་མང་པོ་དྲུད་ཀྱིན་པའི་རྗེས་སུ་བརྟགས་ན་ཡང་གོ་ལོས་ཐུབ། ད་དུང་ཨར་འདམ་གྱི་ལས་ཀ་བྱེད་སར་ཡང་ཤིང་ལེབ་མང་པོ་བཀོད་སྤྱོད་བྱེད་བཞིན་ཡོད་པ་རེད་ལ། དེ་དག་ཡང་ཡར་སྐྱེས་མར་སྒུར་གྱི་ལྗོན་ཤིང་དག་བཅད་གཏུབ་ཀྱིས་བཟོས་པ་ཞིག་ལས་འོན་ཀྱང་ཁ་ཅིག་གིས་བཤད་པ་ནང་བཞིན་འཇིག་རྟེན་བྱེད་པ་པོས་ཤིང་ལེབ་དེ་དག་དེ་ལྟར་སྔར་ནས་བྱས་ཡོད་པ་ཞིག་གཞི་ནས་མ་རེད། ཁང་ཚད་ལྔ་དྲུག་ཡས་མས་སུ་སོན་པའི་སྡོང་བོ་ཆེན་པོ་དེ་དག་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་ཡར་སྔོན་ནས་ཁད་ཀྱིས་ནར་སོན་ཞིང་བཙའ་སད་སེར་གསུམ་གྱི་གཡུལ་ངོར་འཐབ་ནས་ཁོ་ལག་རྫོགས་པ་ཞིག་ཡིན་ལ། འོན་ཀྱང་ང་ཚོའི་མེས་པོ་སྔ་མ་ཚོས་དེ་དག་ལ་ཕོག་ཐུག་ཡེ་ནས་བཟོས་མྱོང་མི་འདུག་མོད་ད་ལྟ་ང་ཚོའི་ལག་འོག་ནས་དེ་དག་ཧྲིལ་གྱིས་འཆི་ཉེན་ཆེའོ། ས་ཆ་གང་དང་གང་ཡིན་ན་ས་དེ་གའི་མི་རྣམས་ཀྱིས་ས་དེའི་ནགས་སྲུང་ཚོར་འཛེམ་བག་ཙམ་བྱེད་པ་ལས་ལོ་དང་ཟླ་བ་མང་པོ་ཞིག་བརྒྱུད་ནས་གཟོད་ལང་ཚོ་དར་བའི་སྡོང་བོ་ཚོའི་བྱུང་བ་དང་དེ་དག་གི་ཡོན་ཏན་ལ་དོ་སྣང་སྤུ་ཙམ་ཡང་མི་བྱེད་པར་རྣོ་དབལ་ཅན་གྱི་སྟ་རེ་གཡུག་ཅི་ཐུབ་བྱེད་པ་རེད། འོ་ན་ཡལ་འདབ་གཡོ་བའི་སྡོང་བོ་དག་ལ་ཡོན་ཏན་ག་རེ་འདུག་བསམ་ན་མང་པོ་ཞིག་འདུག་ལ་བཙའ་ཐན་དང་བྱེ་རླུང་ད་དུང་ཆུ་ལོག་སོགས་ཀྱིས་མཚོན་པའི་རང་བྱུང་ཁམས་ཀྱི་གནོན་སྐྱོན་མང་པོ་ཞིག་སྔོན་འགོག་བྱེད་པའི་ནུས་ཤུགས་ལྡན་པ་ཤ་སྟག་རེད། སྨད་ཀྱི་རྒྱ་ཁོག་དག་ཏུ་བཙའ་ཐན་དང་ཆུ་ལོག་བྱེ་རླུང་སོགས་ཀྱིས་མི་ལ་གནོད་སྐྱོན་ཐེབས་ཏེ་དེ་དག་སྔོན་འགོག་བྱེད་ཆེད་ལྗོན་ཤིང་འདེབས་འཛུགས་ལ་བརྩོན་པ་ལྷུར་ལེན་བྱེད་པ་དེ་ང་ཚོས་བརྙན་འཕྲིན་གྱི་སྒེའུ་ཁུང་ལས་ཀྱང་མཐོང་ཐུབ་པ་རེད། སྡོང་བོའི་རྩ་བའི་ཆུ་འཛིན་ལ་དེ་ཡང་ཆུ་མང་པོ་འཛིན་ཐུབ་པའི་རྒྱུ་མཚན་ནི་སློབ་འབྲིང་གི་ཉེར་མཁོའི་ཀློག་དེབ་དག་དུ་བཏོན་མྱོང་ཡོད་པའི་མི་མང་པོ་ཡོད་ལ་ཏག་ཏག་ལ་དེ་ཡི་ནང་བཞིན་དངོས་གནས་རེད་འདུག་སྙམ་མོ། ཅིའི་ཕྱིར་ཞེ་ན་ངའི་སློབ་གྲོགས་འགས་ཟེར་སྒྲོས་ལྟར་ན་ལོ་གཅིག་གི་གོང་རོལ་ཞིག་ནས་ཁམས་མི་ཉག་ས་ཆའི་རོང་སྡེ་ཞིག་གི་ཉེ་འདབས་ཀྱི་ནགས་ཀླུང་དུ་བྱིས་པ་ཚོས་ཤོག་སྦག་བཀད་དེ་ནགས་ཚུལ་མེར་བསྲེགས་བཏང་སོང་ལ། རྗེས་སུ་དབྱར་ཁར་ཆུ་ལོག་ཡང་ཡང་བྱུང་བས་རོང་སྡེ་དེ་ནི་གནས་སྤོར་བྱེད་དགོས་བྱུང་སོང་ཟེར་ལ་དེ་མ་ཡིན་པའི་དུས་དེབ་དང་ཉིན་རེའི་ཚགས་ཤོག་དག་ན་ཡང་འདི་འདྲའི་གནས་ཚུལ་མཐོང་རྒྱུ་ཡོད་འདུག ད་དུང་རྫས་འགྱུར་སྣ་ཚོགས་ཀྱིས་ཟིན་པའི་གད་སྙིགས་དང་ཁ་ཐག་རིང་བའི་རི་ལུང་གཙང་མའི་ནགས་ཚལ་གྱི་མཁའ་དབུགས་དྭངས་མོ་དེ་ནི་མིའི་ལུས་ཕུང་བདེ་ཐང་དང་སེམས་ཁམས་སྐྱིད་པོ་མ་ཡིན་པའི་ར་རི་དྭངས་བར་བྱེད་པའི་སྨན་མཆོག་ཁྱད་པར་བ་ཞིག་རེད་ཅེས་མི་ཚེ་གང་ལ་ཞིབ་འཇུག་བྱེད་མྱོང་ཅན་གྱི་ཆེད་མཁས་བ་དག་གིས་གདམས་ཀྱིན་ཡོད་པ་རེད། འོན་ཀྱང་ང་ཚོར་ཡང་ནི་རྒྱུས་མངའ་ཡོད་པ་ཞིག་སྟེ་དབྱར་ཁར་ཧ་ཅང་ཚ་བ་ཆེ་དུས་སུ་ལྗོན་པའི་གྲིབ་བསིལ་དུ་བསྡད་དེ་སེམས་པ་ལྷོད་ལྷོད་ཀྱིས་ངལ་གསོ་བྱས་ན་གཉིད་རྨུགས་འཐིབ་གསུམ་ཡང་ངང་གིས་དྭངས་འགྲོ་བ་དེ་སུ་ལ་ཡང་མྱོང་བ་ཡོད་ཚོད་རེད། མ་ཟད་ནགས་ཚལ་གྱི་མཛེས་པར་འཁྲིལ་བའི་སྐད་སྙན་ཅན་གྱི་བྱ་བྱེའུ་དང་རི་དྭགས་ཆེ་ཕྲ་ཆུང་གསུམ་ཡང་མིག་གི་དགའ་སྟོན་དང་རྣ་བའི་གསོས་སུ་འགྱུར་རྒྱུ་ཡོད་ལ་རྒྱ་གྲོང་ཆེ་ས་གང་རུང་ཞིག་ན་སྐྱིད་པའི་དགའ་ཚུལ་དང་བསིལ་བའི་རེག་བྱ་མྱོང་རྒྱུ་ཡོད་ཅེས་མི་ཚོས་ལབ་མོད་ང་ཚོའི་ཁོར་ཡུག་གི་དགའ་ཚུལ་དུ་བསྡུར་ཐབས་གཏན་ནས་མེད་ལ་དེ་དག་ནི་བཅོས་མའི་སྐྱེད་ཚད་དང་བཅོས་མའི་རྦབ་ཆུ་བཅོས་མའི་གྲིབ་བསིལ་ཞིག་ཡིན་པས་རེད། དཔེར་ན་ང་ཚོའི་མཐོ་སྒང་གི་དབྱར་ཁར་ནེའུ་གསིང་གི་སྟེང་དུ་འདུག་དུས་མེ་ཏོག་སྣ་བརྒྱའི་དྲི་བསུང་དེ་ཕྱོགས་སུ་འཐིལ་ཡོང་བ་རེད་རྒྱ་གྲོང་གི་བཅོས་མའི་སྐྱེད་ཚད་དག་དུ་སྡོད་དང་མཛེས་མཛེས་ལྟར་དུ་སྣང་མོད་ཀྱང་། མཁའ་དབུགས་གཙང་མར་བསྡོངས་བའི་བསུང་ཞིམ་ཞིག་ག་ལ་ཚོར་ཐུབ། ང་ཚོར་འདི་འདྲའི་རང་བྱུང་གི་ཁོར་ཡུག་ཁྱད་པར་བ་ཞིག་སྟེ་ས་གོ་ལའི་གཙུག་ཕུད་ཞིག་མཆིས་མོད་ཀྱང་བསམ་བློ་གཏོང་བར་སུན་སྣང་འཕྱོ་བའི་སྒེར་སེམས་ཅན་གྱི་མི་བུ་དག་གིས་ལོ་ཟླ་དུ་མའི་གོང་ཁ་ཞིག་ནས་བཟུང་འདྲེ་ལག་བརྐྱངས་ཏེ་སྐྱེ་དངོས་ལ་གཏོར་བརླག་བཟོ་བཞིན་ཡོད་ལ། ད་ལྟ་ང་ཚོའི་མཐོང་བའི་ནགས་ཀླུང་ཆེན་པོ་དག་གི་དཀྱིལ་ན་གཤོང་དུ་ཕབ་པའི་བཤུལ་ལམ་ལྟ་བུ་མང་པོ་མཐོང་རྒྱུ་འདུག་པ་དེ་ནི་བགྲེས་པོ་ཚོའི་ཟེར་སྒྲོས་འཐུས་ན་སྤྱི་ལོ་ལྔ་བརྒྱད་ཡས་མས་སུ་སྡོང་བོ་བཅད་གཏུབ་བྱས་པའི་བེམ་རོ་དྲུད་པའི་བཤུལ་ལམ་རེད་ཅེས་བཤད་ལ། ཉེ་ལམ་ཡང་གནས་ཚུལ་ཚབས་ཆེན་དེ་ལྟ་བུའི་དབང་དུ་བཏང་ན་མཛེས་སྡུག་ལྡན་པའི་ནགས་ཚལ་དག་ལྷག་མེད་དུ་འགྲོ་བར་གོར་མ་ཆག འོན་ཀྱང་ད་ནས་བཟུང་མཐོ་སྒང་འདི་ན་འཚོ་སྡོད་བྱེད་པའི་སྤྱི་ཚོགས་འདིས་རང་གི་ཁོར་ཡུག་གི་རིན་ཐང་རྟོགས་ཐབས་སུ་བརྩོན་པ་དང་དེ་ལྟར་བརྩོན་ནས་རང་བྱུང་ཁོར་ཡུག་གི་ཁྱད་མཚར་ཅི་བཞིན་རྟོགས་ན་ཅི་མ་རུང་། ང་ཚོས་སྦྲ་ནག་བལྟབས་ནས་སྣོད་དུ་བརྫངས་ཏེ་ཁང་པ་སྐྱ་ལེབ་འདི་ཚོ་ཕྲེང་དུ་བསྒྲིགས་པ་ནས་བཟུང་མཛེས་སྡུག་ལྡན་པའི་ལྗོན་པ་དག་སྐྲ་འབྲེག་འབྲེག་དང་གོས་འཇམ་ལྟ་བུའི་མཚེར་ས་དག་ནི་གཙུབ་ཅི་ཐུབ་བྱེད་བཞིན་མཆིས་ལ། དེ་ལྟར་མཛེས་སྡུག་ལྡན་པའི་ཁོར་ཡུག་དག་གཏོར་བཤིག་དང་འབག་བཙོག་མང་པོ་བཟོས་པའི་རྐྱེན་གྱིས་ས་གས་པ་དང་བྲག་ཉིལ་བ་ཆུ་ལོག་གིས་འདེད་པ་སོགས་སྔར་གྱི་རང་གི་ས་ཆ་དེ་ནི་ཡིན་མིན་མི་ཤེས་པའི་ཚུལ་དུ་བསླེབས་འདུག་པ་ནི་མངོན་སུམ་ཚད་མ་རེད་ལ། ན་ནིང་དགུན་གནངས་སྐབས་སུ་ཁོ་བོ་ཨ་མྱེས་དང་ཨ་ཕྱི་གཉིས་འབྲོག་ཁུལ་ན་ཡོད་སར་བལྟ་རུ་སོང་བ་ཡིན་ལ་མཛེས་སྡུག་ལྡན་པའི་ཕ་ས་སྐྱིད་པོ་མ་མཐོང་བར་ལོ་ངོ་ལྔ་ཙམ་ཡིན་པས་རི་དང་ལུང་བ་ཆུ་དང་ལམ་བུ་སོགས་མཐོང་ན་སྔོན་སོང་གི་བག་ཆགས་རྙིང་བ་ཁ་ཤས་ཡང་བསྐྱུར་ལངས་ཤིང་རི་ལུང་ལ་སྤྲོ་བ་དང་དུངས་བ་ཆེ་རུ་བརྟས་འོང་། འོན་ཀྱང་ངེད་ཚང་གི་མཚེར་ས་མཐོང་དུས་མདུན་ཕྱོགས་སུ་རི་ཆུང་ཆུང་དུ་མ་ཞིག་ཡོད་པའི་འགའ་རེའི་ངོས་སུ་ས་འགུལ་རྒྱུགས་ཏེ་གད་གཤོང་ཆེན་པོ་རེ་མངོན་འདུག་ལ་སུ་རུ་མེ་ཏོག་དག་ལ་བུང་བ་ལོང་ལོང་འདུ་བའི་ནགས་ཚལ་ཆུང་ཆུང་དག་ནི་ཡིད་ཀྱི་ཡུལ་དུ་མ་གྱུར་ཏོ། སྐབས་དེར་ཁོ་བོར་ཁ་དོག་དང་མགོ་མཇུག་མེད་པའི་སྐྱོ་ཉམས་ཞིག་ཤར་འོང་ལ་ཆབ་གཅིག་སྔོན་བྱོན་གྱི་དམ་པ་དག་གིས་ནང་བཅུད་དང་ཕྱི་སྣོད་གང་ལ་ཡང་རྟག་པ་མེད་པར་གསུངས་བ་དེ་ནི་ཤིན་ཏུ་དག་པར་སེམས་མྱོང་། ཁྱེད་ཅག་གིས་ཀྱང་རང་ཉིད་སྔར་བསྡད་མྱོང་ཡོད་པའི་ས་ཆ་དག་ལ་རྗེས་སུ་གཞིག་དང་འགྱུར་བ་བྱུང་ཡོད་པ་ཁོ་ན་ཡིན་ལ་དེ་དུས་ནན་ཏན་གྱིས་འགྱུར་རྐྱེན་ཅི་ཡིན་འཚོལ་དང་ཧ་གོ་ཐུབ། སྔར་རྩྭ་ཆུ་འཛོམས་སར་ད་ལྟ་རྩྭ་མེད་ཆུ་མེད་དུ་འགྱུར་བ་དང་སྔར་གད་འོབས་མེད་སར་ད་ལྟ་འོབས་ཆེན་པོ་འདུག་པ་དང་མ་ཟད་སྔར་སྦྲ་ཕབ་ཆོག་སའི་མཚེར་ལྟ་བུ་མེད་པར་གྱུར་བ་སོགས་དངོས་ཡོད་ཀྱི་གནས་ཚུལ་དེ་དག་ནི་ཡར་དེད་མར་དེད་ཀྱིས་དཔྱད་པ་བཏང་ན་དུས་རབས་ཞིག་གི་དཀྱོགས་མཚམས་ནས་མི་རྣམས་ཀྱིས་སེར་སྣ་དང་གཅེས་སྲུང་མེད་པར་རང་གི་ཁོར་ཡུག་དག་ལ་ངན་པའི་བྱ་བྱེད་མང་དྲག་པའི་འབྲས་བུ་འབའ་ཞིག་ཏུ་ངོས་འཛིན་བྱེད་ཆོག བྱ་བྱེད་མང་དྲག་པ་ནི་ས་རྐོ་རྡོ་སློག་གིས་མཚོན་མང་པོ་ཞིག་འདུག་ལ་འདི་ནས་དམིགས་བསལ་གྱི་སྒོ་ནས་བཤད་འདོད་པ་ཞིག་སྟེ་ས་སྟེང་དུ་དོར་ན་རྩྭ་སྐྱེ་བར་གནོན་པ་དང་ས་བསླད་པ་ཆུར་ལྷུང་ན་ཆུར་གནས་ཀྱི་སྲོག་ཆགས་ཆེ་ཕྲ་ཆུང་གསུམ་སོགས་ལ་ཡང་འཚེ་བ་བྱེད་པའི་རྫས་ངན་དེ་ནི་གློག་རྫས་སྐམ་པོ་རེད། གློག་རྫས་སྐམ་པོ་བཀོད་ཟིན་པའི་རྙིང་བ་དག་ཅི་ལྟར་མེད་པར་བཟོ་ཐབས་ལ་བསམ་བློ་གཏོང་བ་དང་དོ་སྣང་བྱེད་དགོས་པ་ཤ་སྟག་ཞིག་སྟེ། གློག་རྫས་སྐམ་པོའི་དུག་ཤུགས་ཀྱིས་གནོད་པ་གཏོང་ཚུལ་ཧ་ཅང་ཚབས་ཆེན་ཡིན་པ་དེ་ནི་གོ་མྱོང་མེད་པའི་མི་ཡང་ཡོད་པ་རེད། དུས་ཐོག་ཆར་བ་ལས། ཁོར་ཡུག་སྲུང་སྐྱོབ་ཟེར་བ་དེ་ནི་རི་མགོ་ཞིག་གཏོར་བརླག་མི་བྱེད་པ་རྐྱང་བ་ཞིག་ཀྱང་མ་རེད། དེ་ཡང་དཔེར་ན་ང་ཚོའི་ལག་གློག་གི་ནང་ལ་འཇུག་རྒྱུའི་གློག་རྫས་འདི་རྐང་གཅིག་ཙམ་ཆུ་ནང་ཞིག་ཏུ་གཡུགས་པ་ཡིན་ན་དེའི་ནང་གི་དངུལ་ཆུའི་དུག་གིས་མི་གཅིག་གིས་ཚེ་གང་ལ་འཐུང་རྒྱུའི་མང་ཉུང་གི་འཐུང་ཆུ་གློག་རྫས་གཅིག་གིས་རྫོད་འཇོག་གི་རེད། རྫོད་ཟེར་བ་ནི་དུས་དེ་ནས་བཟུང་ས་ཆ་དེའི་མི་སུ་ཞིག་གི་ཆུ་དེ་འཐུང་ན་ངན་སྲན་སོགས་ཀྱི་ནད་བསྐྱེད་ཅིང་། ཕྲུ་གུ་དག་ཀྱང་ནད་པ་དང་དབང་པོ་མི་ཚང་བ་དང་རྐང་ལག་མང་པོ་ཅན་དང་མགོ་དང་ལུས་པོ་ཆེ་ཆུང་མི་འཚམས་པ་སོགས་སྐྱེ་གི་རེད། དེས་ན་ང་ཚོའི་དགོན་པ་དང་ཡུལ་སྡེ་ཚང་མ་མི་རབས་ནས་མི་རབས་ཀྱི་བར་དུ་འདུག་དགོས་པ་ཡིན་སྟབས། གློག་རྫས་དང་ཆུ་ཤོག་སོགས་ཀྱི་རིགས་འདི་དག་ཕྱོགས་གཅིག་བསྡུས་ནས་གཙང་མ་བཟོ་རྒྱུ་སོགས་མང་ཚོགས་ལ་གོ་བརྡ་སྤྲོད་དགོས་གསུངས་ནང་ལྟར་རོ། རང་ཉིད་ཀྱི་སེམས་སྟངས་ཉི་ཚེ་བ་ཞིག་སྟེ་རི་ཆུ་ནགས་གསུམ་ལ་འགྱུར་བ་བྱུང་མ་བྱུང་གིས་ཚོར་རྟོག་ཟབ་མོ་ཐ་དད་པ་ཞིག་མཆེད་འོང་མོད་ཚིག་ཚོགས་མང་ཉུང་ཅི་རིགས་ཀྱི་སྒོ་ནས་བྲིས་ཀྱང་ཞེ་འདོད་ཅི་བཞིན་འཁྱོངས་ཐབས་མ་བྱུང་བས་འུ་ཐུག་སྟེ་མདོར་འདི་ལྟར་བསྡུས་ཡོད། ས་གོ་ལ་འདིའི་ངོས་སུ་གྲུབ་པའི་རྡོ་དང་བྲག་རི་ནགས་ཚལ་སོགས་ཀྱིས་མཚོན་གང་ཡང་ས་གོ་ལར་མཁོ་ངེས་ཡིན་ལ་མི་ཚེ་རིང་མོར་བརྟགས་དཔྱད་དང་ཞིབ་འཇུག་མང་པོར་བྱས་ཏེ་བློ་གཟུ་བོར་གནས་བའི་རབ་འབྱམས་པའི་ཆོ་ལོ་ཐོབ་མྱོང་ཡོད་པའི་ཚན་རིག་པ་མང་པོས་གསུངས་བ་ནང་བཞིན་དང་མི་རྣམས་ཀྱི་ངག་རྒྱུན་ཞིག་ལ་ཡང་ས་ཐོག་ནས་རྡོ་གཅིག་བཀོག་ན་ས་གོ་ལ་འཁོར་བསྐྱོད་བྱེད་པར་གནོན་པ་ཆེ་བར་བཤད་མོད་དེ་འདྲ་ཡིན་ན་ས་རྐོ་རྡོ་སློག་སོགས་ཧ་ཅང་ཆེན་པོ་སྟེ་རི་ཕུག་པ་དང་རི་སྣ་གཅོད་པ་དང་བྲག་བསྙིལ་བ་སྤང་ཐང་ཡངས་པོ་དང་ས་བག་འཇམ་སར་དོང་རྐོ་བ་སོགས་གཏོར་བརླག་ཚབ་ཆེན་བྱས་ན། ས་གས་པ་དང་འཕག་འཚག་བྱེད་པ་སོགས་ཀྱིས་གནོན་སྐྱོན་བྱུང་བ་ཞེ་ཐག་ལོས་ཡིན་སྙམ། སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་པའི་འདུག་གནས་འདི་སྤྱི་ཁྱབ་ཀྱི་སྒོ་ནས་གླེང་ན་ས་སྒང་འདིར་དབུགས་ཀྱིས་རྒྱུ་བ་ཡོད་ཚད་ཀྱིས་བདག་པོ་རྒྱབ་ཏེ་གཅེས་སྤྲས་བྱེད་དགོས་མོད་འོན་ཀྱང་བཙན་གཉོམ་གྱིས་སྒེར་གཅོད་བྱེད་བཞིན་ཡོད་པའི་ཐད་དུ་སེམས་ཤེས་སུ་ཞིག་ལ་ཡིད་མུག་མི་སྐྱེ་ཨང་། ཡིན་ན་ཡང་ནུས་པ་ཆེ་འདོན་ཆུང་འདོན་སྒོས་མཛེས་སྡུག་ལྡན་པའི་ང་ཚོའི་ཁོར་ཡུག་འདི་ལ་སྲུང་སྐྱོང་བྱ་དགོས་ཟེར་རྒྱུ་དེ་ཡིན།
                                    ༢༠༡༢ ༡༠ ༢༣ སློབ་གླིང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛེས་སྡུག་ལྡན་པའི་ང་ཚོའི་ཁོར་ཡུག་གླེང་བ།

2013-01-28 ནག་ལྡོང་འཁྱམས་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།