ང་དང་ངའི་སློབ་ཆེན་གྱི་འཚོ་བ།

བཀྲ་ཤིས་རྒྱལ།༼ཟི་ལིང་༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-06

  མི་ཞིག་ལ་མཚོན་ན་འཇིག་རྟེན་འདིར་འོངས་པ་ནས་བཟུང།སྤྱི་ཚོགས་ཀྱི་ཁོར་ཡུག་མི་འདྲ་བ་ནས་འཚོ་སྡོད་དམ་འཚོ་བ་རོལ་དགོས་ཤིང་ཁོར་ཡུག་དེ་དག་ལས་བསྐྱེད་པའི་འཚོ་བའི་སྣང་ཚུལ་དང་རོལ་སྟངས་ཀྱང་ཁ་ཁ་ཡིན། སློབ་མ་ཞིག་ལ་མཚོན་ན་སློབ་ཆེན་གྱི་འཚོ་བའང་སློབ་ཆུང་དང་སློབ་འབྲིང་སོགས་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་པའི་འཚོ་བའི་བརྒྱུད་རིམ་ཞིག་སྟེ།སྤྱིར་ཕྱིའི་ཀུན་སྤྱོད་ཐད་ཀྱི་སློབ་གསོ་དང་ནང་བསམ་པའི་རང་རྟོགས་ཐད་ཀྱི་སློབ་གསོ་སོགས་གཙོ་ཆེར་འཛིན་པ་ཞིག་རེད།ཡིན་ནའང་།དོན་དངོས་ཀྱི་སློབ་ཆེན་འཚོ་བས་ཆེས་མཐོ་བའི་སློབ་གསོའི་རེ་རྐང་དག་མངོན་དུ་འགྱུར་བར་བྱེད་རྒྱུ་ནི་ཤིན་ཏུ་ཁག་པོར་སྣང་།
  སྤྱིར་ང་ནི་སློབ་སྦྱོང་ལ་ཤིན་ཏུ་དགའ་བའི་མི་ཞིག་ཡིན།སློབ་ཆེན་དུ་ཞུགས་པ་ནས་བཟུང་།སློབ་ཁང་དང་ཉལ་ཁང་།དཔེ་མཛོད་ཁང་དང་ཇ་ཁང་བཅས་ནི་ཕལ་ཆེར་ངའི་འཚོ་བའི་འཁོར་རྒྱུག་གི་གནས་ཡིན།དེ་བས།དཔེ་ཆ་མང་བོ་ཞིག་གིས་ང་ལ་བློ་བསྐྱེད་ཐོབ་ཏུ་བཅུག་མྱོང་ལ།ཡང་ནམ་ཡང་བསྐྱར་ཟློས་ཀྱི་དཔེ་ཀློག་གི་འཚོ་བ་དེས་ང་ལ་སུན་སྣང་གི་ཚོར་བ་ལྗིད་པོ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྦྱིན་འོང་། དུས་ཡུན་སློབ་སྐབས་རེ་གཉིས་ཀྱི་རྗེས་སུ།ངས་རང་ཉིད་ཀྱི་འཚོ་བ་ལ་ཡང་བསྐྱར་ཚང་རྩིས་ཤིག་རྒྱག་དགོས་བྱུང་སོང་། དཔེ་ཀློག་ཁོ་ན་གཙིགས་སུ་འཛིན་པ་ནི་སློབ་ཆེན་གྱི་འཚོ་བ་དངོས་དེ་མིན་པར་འདོད།དཔེ་ཆར་བལྟ་ཤེས་པ་ནི་ཡར་ཐོན་རེད་ལ།དཔེ་ཆ་ལས་གཞན་ཅི་ལའང་ཁ་ཡ་མི་བྱེད་པ་ནི་བླུན་རྨོངས་ཀྱི་རྟགས་སུ་མངོན་པར་སེམས། བསམ་བློ་འདི་ལྟ་བུ་ཞིག་གི་ཤུགས་སྐུལ་གྱིས་བདག་གིས་རང་གི་ཉེ་འཁོར་དུ་ཡོད་པའི་དགེ་བའི་བཤེས་གཉེན་མང་པོར་དགའ་གུས་དང་ཡི་རང་གི་གསེར་ཟམ་བཙུགས་ཤིང་།ང་དང་ན་མཉམ་གྱི་སློབ་གྲོགས་ཕོ་མོར་ལྷག་བསམ་དང་བརྩེ་བས་གཏམས་པའི་འབྲེལ་བ་བསྐྱངས།
  སློབ་ཆེན་ནི་མི་སྣ་མང་པོ་འདུས་སྡོད་བྱེད་ས་ཞིག་ཡིན་པས།བདག་གིས་ནམ་ཡང་རང་ཉིད་ཀྱི་འགྲོ་འདུག་འཆག་ཉལ་ལ་མནོ་བསམ་ཞིབ་མོ་བཏང་བ་ཡིན།
  རྒྱུ་མཚན།ཁྱོད་རང་ལྷ་ཡུལ་དུ་ཁྲིད་པའི་ཐེམ་སྐས་ཡོད་ས་ན།དམྱལ་ཁམས་སུ་འཕེན་པའི་དགྲ་རྡོའང་ཡོད་སྲིད་པ་རེད།སློབ་ཆེན་དུ་ཞུགས་པ་ནས་བཟུང་།ང་ལའང་འཕོ་འགྱུར་མང་པོ་ཞིག་བྱུང་སོང་།སྤྱིར་གཞན་ངོ་རིག་ན་རང་ངོ་དམར་པོར་འགྱུར་བའི་ཁོ་བོ།འབྲེལ་འདྲིས་ཀྱི་རྔམ་ཁ་མཐུག་པའི་གནས་འདིས་གཤག་བཅོས་ཐེངས་མང་བྱས་པས།ད་ལྟའི་ང་ལ་གནས་ཚུལ་དེ་ལྟ་བུ་ཞིག་ཡེ་ནས་འབྱུང་མི་སྲིད།བསམ་བློ་ཞིག་གསོ་སྤེལ་བྱ་ན།རང་ཁོ་ནས་དཔེ་ཆར་བལྟས་པས་མི་ནུས་པར་སེམས།དེ་ནི་རང་གི་ལྟ་བ་གཞན་ལ་འཆད་ཤེས་པའི་གོ་རིམ་ཞིག་དང་གཞན་གྱི་གླེང་མོར་རང་གིས་ཉན་ཤེས་པའི་གོ་རིམ་ཞིག་རེད།དེ་བས།སློབ་ཆེན་དུ།ངས་འདིའི་ཕྱོགས་ལ་འབད་བརྩོན་ལྷུར་ལེན་བགྱིས་ཤིང་འདིའི་ཐད་ཀྱི་དགེ་བའི་བཤེས་གཉེན་དག་གི་འཆད་ཁྲིད་རབ་དང་རིམ་པར་ཡང་དུས་རྟག་ཏུ་ཞུགས་པ་ཡིན།མི་ཞིག་གི་བསམ་བློའི་འདུ་ཤེས་དང་འཚོ་བའི་རོལ་སྟངས་དེ་སྐབས་དེའི་སྤྱི་ཚོགས་ཁོར་ཡུག་ངེས་ཅན་ཞིག་དང་འབྲེལ་ཡོད་ཅེས་པ་ལྟར།སློབ་ཆེན་གྱི་སློབ་རའི་ཁོར་ཡུག་གིས་ཀྱང་བདག་ལ་ཟུར་མི་འདྲ་བ་ནས་ཤུགས་རྐྱེན་མང་པོ་བཞག་སོང་།འདིའི་ཐད་དགེ་བའི་ཆ་དང་མི་དགེ་བའི་ཆ་དུ་མ་འདུས་ལ།དེ་ནི་གཙོ་བོ་རང་གི་བློ་གྲོས་ཀྱི་གདམ་ག་ལ་རག་ལས་ཕྱིར།ཁོ་བོས་ནམ་ཡང་བྱ་བའི་འཇུག་ལྡོག་ལ་བསམ་གཞིགས་ནན་མོ་བཏང་ཞིང་བློས་མི་དཔོག་པ་དག་དགེ་བའི་བཤེས་གཉེན་སོགས་ལ་བློ་འདྲི་གྲོས་གསུམ་བྱས་པ་ཡིན།
  སློབ་ཆེན་གྱི་འཚོ་བ་ནི་སློབ་མ་ཞིག་ལ་མཚོན་ན་ཆེས་གལ་ཆེ་བའི་སློབ་གསོའི་བརྒྱུད་རིམ་ཞིག་ཏུ་སྣང་ལ།འདིས་ཚད་ངེས་ཅན་ཞིག་ནས་སློབ་མའི་ཤེས་རིག་དང་ཀུན་སྤྱོད།བསམ་བློ་སོགས་ལ་ཤུགས་རྐྱེན་གཏིང་ཟབ་གཏོང་བ་རེད།དེ་བས།ང་ཚོས་རང་གི་གལ་ཆེ་བའི་སློབ་གསོའི་འགྲུལ་བཞུད་འདི་སྣང་མེད་དུ་འཇོག་མི་རུང་བར།ནམ་ཡང་ཕྱོགས་མང་པོ་ནས་རང་ཉིད་ལ་རེ་བ་ནན་མོ་བཅོལ་དགོས་ཤིང་འཕེལ་རྒྱས་ཀྱི་ལམ་ལ་བརྩོན་པ་ཡི་མེ་དཔུང་རྟག་ཏུ་སྒྲོན་འོས། མངར་བསྐྱུར་འདྲེས་མའི་སློབ་ཆེན་གྱི་འཚོ་བས།མཐར་གཏུགས་ན།ང་དང་ངའི་ནར་སོན་གྱི་ལོ་ཟླར་མཛེས་སྡུག་གི་ཁ་དོག་བསྐྲུན་ཞིང་།རང་ཉིད་ཀྱི་སྐ་རགས་རང་ཉིད་ཀྱིས་བསྡམས་དགོས་པའི་སློབ་གསོའི་སྐུལ་མ་ཞིག་ཀྱང་བཏང་སོང་། མཐའ་མཇུག ངས་རང་གི་རིག་གནས་ལ་མཁས་པར་བརྩོན་ཞིང་།གཞན་གྱི་རིག་གནས་ལ་ཤེས་པར་འབད་པའི་དེང་རབས་བོད་ཀྱི་སློབ་ཆེན་པའི་མདུན་ལམ་མཁའ་ལས་ཡངས་པའི་སྨོན་ལམ་ཞིག་ཀྱང་རྒྱག་གོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་ངའི་སློབ་ཆེན་གྱི་འཚོ་བ།

2013-01-06 བཀྲ་ཤིས་རྒྱལ།༼ཟི་ལིང་༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།