འཚོ་བ།

དུང་བུ་ཆོས་འབུམ་རྒྱལ།༼ ཟི་ལིང མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-06-21

  དུས་ཀྱི་ཕྲེང་ཐག་ལ་བརྒྱུས་པའི་ཉིན་ཞག་དེ་དག་ལ་ངས་འདི་ལྟར་འཚོ་བ་རོལ་བ་ཡིན།
  དེ་ལྟར་ལོ་ངོ་མང་བོ་འགོར་ཟིན།རི་ལུང་ཐང་གསུམ་གྱི་ས་ཆ་འདི་ན་གཏམ་རྒྱུད་མང་པོ་ཞིག་མེད་ནའང་།དྭངས་གཙང་གི་སེམས་ཁམས་ལྷ་སྒྲུང་ལ་འཐིམ་པའི་མི་རབས་ཤིག་གི་གཉུག་གཤིས་ཀྱིས་བསྐྲུན་པའི་རྩྭ་ཐང་གི་ནམ་མཁའ་ཡོད། ནམ་མཁའ་དེ་ན་ཟོལ་དང་ཟོག་གིས་མ་གོས་པའི་མི་སེམས་ཀྱི་སྤྲིན་པ་ཡོད། སྤྲིན་པ་དེ་ཧ་ཅང་དཀར། ངེད་ཚང་གི་མགོ་སྦྲ་སྨུག་པོའི་ཁ་ཚུབ་ནས་མཆེད་པའི་དཀར་བོང་བོང་གི་དུད་ཞགས་དེ་སྤྲིན་པར་འདྲེས་འགྲོ། དེ་དུས། ངས་དྲོད་གྱིས་ཟིན་པའི་པགས་རྩག་གཡང་ཤམ་ངང་གྱོན་ཏེ། ཕྱི་རོལ་གྱི་ཟིལ་བ་རྡོག་པས་བསྒུལ་མྱོང་།
  རྩྭ་ཐང་གི་སྐྱ་རེངས་ཤིག་འདི་ལྟར་སླེངས་ཐེངས་རེར། ང་ལ་གཞན་ལས་ལྷག་པའི་འཚོ་འདོད་ཀྱི་འདུན་པ་ཞིག་ཡོད། དེ་ནི་ང་རང་རྩྭ་ཐང་ན་འཚོ་བཞིན་པས་ཡིན།
  ང་ཚོར་ཉིན་མཚན་ཟེར་བའི་མགྲོན་པོ་བློ་དཀར་ཞིག་ཡོད་པས།ང་ཚོས་ངག་གི་མདུད་པ་འགྲོལ་བའི་སེམས་ཀྱི་དབྱངས་རྟ་རླུང་ལ་བསྐུར། ངས་ཀྱང་རྫི་གླུ་སྙན་མོ་ཞིག་སིང་སིང་ལེན་ཞོར་རྩྭ་ཐང་གི་པང་ལ་ཟུངས་ཁྲག་གཏོར། ང་ཚོས་རྒས་པའི་དུས་ཚོད་ལ་སླེབས་རན་ཡང་། སྣང་བའི་ལོ་ཟླ་དལ་དུ་བཅུག་ཅིང་། ངས་ཀྱང་གནས་འདི་ནས་༼ཨ་མའི་བུ་དལ་དགོས།རྒོད་མའི་རྟེའུ་བྲེལ་དགོས་༽ཞེས་སང་ཉིན་གྱི་མཛེས་པ་གླེང་མྱོང་། ང་ཚོས་འདི་ལྟར་རང་གི་བདེན་པ་མ་ཎི་ལ་བཅོལ་ཏེ་འཚོ་བ་རོལ། ང་ཚོས་མེས་པོ་ཞེས་པའི་གཏམ་རྒྱུད་ཅིག་གླེང་སྟེ་༼ང་བྱུ་རུ་དམར་པོའི་ཏོག་ཅན་ཚང་ཞིག་གི་ཡིན། ང་རྨ་བྱ་སྔོན་མོའི་སྒྲོ་ཅན་ཚང་ཞིག་ཡིན། ང་བོས་ན་མིང་ཅན་ཚང་ཞིག་གི་ཡིན། ང་བགོས་ན་སྐལ་ཅན་ཚང་ཞིག་གི་ཡིན།༽ཞེས་རང་སེམས་རང་གིས་གསོས་ཏེ་སྐྱིད་ལ་བསྐུར་མྱོང་།
དེ་དུས་ང་ལག་ཤེད་ཐོག་ན་ཡོད་དུས་དང་སེམས་དཔའ་ཐོག་ན་ཡོད་དུས་རེད། དེ་དུས། ངས་ཀྱང་འདི་ལྟར་གཏམ་རྒྱུད་མང་བོ་ཞིག་གི་མགོ་བརྩམས་མྱོང་ལ་མཇུག་ཀྱང་བསྡུས་མྱོང་།
  ཨ་ཕས་བཤད་ན་རི་ལུང་ཐང་གསུམ་འདི་ང་ཚོའི་དྲིན་ཆེན་ཡིན་ཟེར།ཨ་མས་བཤད་ན་མགོ་སྦྲ་སྨུག་པོ་འདི་ང་ཚོའི་དྲིན་ཆེན་ཡིན་ཟེར། ངས་ནི་གནམ་སྔོན་པོ་འདི་དང་ས་དོག་མོ་འདི། ཐང་ཡངས་མོ་འདི་དང་སྤང་ཡག་པོ་འདི། ད་དུང་ཕྱུགས་གཡུང་མོ་འདི་དག་ནི་ང་ཚོའི་དྲིན་ཆེན་གྱི་ཕ་མ་ཡིན་ཞེས་བཤད་མྱོང་། ཡིན་ནའང་།ཉིན་མོ་རེ་རེའི་ཕོ་བ་འགྲང་བྱེད་ཀྱི་ཟ་མ་དང་མཚན་མོ་རེ་རེའི་ངལ་དུབ་སེལ་བྱེད་ཀྱི་འདོད་གཡེམ་དག་གིས་ང་ཚོར་བདེན་ཁ་གཞན་ཞིག་སྤྲད་ཟིན།དེ་ནི་༼འཚོ་བ་༽ཟེར་བའི་མིང་བརྡ་དེ་རེད་མོད།དང་ཐོག་ང་ཚོས་མིང་ཚིག་གམ་ཐ་སྙད་འདི་ལ་དོ་སྣང་ཅི་ཡང་མ་བྱས་པར་བག་ཡངས་ངང་བསྡད་པ་ཡིན།
  ང་ཚོ་འོ་ཇ་མངར་མོ་དང་རྩམ་པ་ཞིམ་པོ་ཡི་འཚོ་ཚིས་ཀྱིས་ཚིམས་ཡོད།
  དེ་ལྟ་བུའི་བག་ཡངས་ཀྱི་འཚོ་བ་ཞིག་ལ་འདི་ལྟ་བུའི་སྐྱོ་གར་གྱི་མཇུག་འབྲས་ཤིག་བྱུང་བ་སུ་ཡིས་ཤེས།
  ད་ནི་ང་ཚོས་བག་ཡངས་ངང་འཚོ་བ་རོལ་བ་ལྟར། མི་དག་གིས་ཀྱང་ང་ཚོའི་ད་ལྟའི་འཚོ་བ་ལ་བག་ཡངས་ཀྱི་ལྟ་སྟངས་ཤིག་ལས་ཅི་ཡང་བཟུང་མི་འདུག
  ང་ཚོར་ད་དུང་ཚེ་ཕྱི་མ་ཟེར་བའི་མ་ཎི་འདོན་ས་ཞིག་དང་། ལས་རྒྱུ་འབྲས་ཟེར་བའི་མགོ་བོ་སྒུར་ས་ཞིག་ཡོད་པས།ང་ཚོར་ཡང་ང་ཚོར་དབང་བའི་འཚོ་སྟངས་ཤིག་དང་འཚོ་བ་ཞིག་ལོས་ཡོད།  
ངའི་ཚ་བོས་ཁོ་བོའི་མི་ཚེའི་གཏམ་རྒྱུད་དག་ལ་ཉན་ཐེངས་རེར། ༼ཨ་མྱེ། ཁྱོད་ཀྱིས་བཤད་ཀྱིན་པ་དེ་ང་ཚོའི་སྣང་ངོ་ན་ཡོད་པའི་འཚོ་བའི་རིགས་ཤིག་མ་རེད། འཚོ་བ་ནི་མ་གཞི་ནས་འགྲན་རྩོད་ཀྱི་གོ་རིམ་ཞིག་མ་ཡིན་ནམ། ༽ཞེས་བྲེལ་འཚུབ་ངང་ཡང་ཡང་དྲིས་བྱུང་།
  དེ་དུས། ངའི་མགྲིན་པ་བརྣངས་ཏེ་ཅི་ཡང་བཤད་མ་ཐུབ་མོད།ངོ་མས་བཤད་ན་དེའང་འཚོ་བ་ཞིག་ཅི་ལ་མིན།
     ཉི་མའི་གོམ་འགྲོས་ཀྱི་དབང་གིས་ང་ཚོ་ནི་གནའ་གཏམ་བཤད་རྒྱུར་ཧ་ཅང་དགའ།ད་གཏམ་གླེང་རྒྱུར་དེ་བས་ཀྱང་དགའ།ངའི་བྱིས་དུས་ཀྱི་དྲན་ཤིང་རབ་རིབ་ཀྱང་མེས་པོ་རལ་བ་ཅན་དེ་དག་གི་གནའ་གཏམ་ཁྲོད་ན་ཡོད་ལ།ངའི་གཞོན་དུས་ཀྱི་འཆར་སྒོ་མག་མོག་དག་ཀྱང་བགྲེས་པོ་བགྲེས་མོ་ཚོ་དང་མཉམ་དུ་ཉི་མར་ལྡེ་ཞོར་མ་ཎི་ཁང་གི་ཉེ་འགྲན་དུ་ལུས་ཡོད།དེ་བས་ན་སེར་ཆེན་ཐང་ཟེར་བའི་རི་སྡེ་འདིའི་ནང་ན་བྱིས་པ་ཚོ་ནར་སོན་པ་དང་རྒན་པ་ཚོ་རྒས་ཤིང་ཤི་བའི་བར་ལ་མི་འདྲ་ས་ཆེན་པོ་མེད།ཅུང་ཙམ་ཡོད་པ་ནི་ངོ་གདོང་གི་རྒས་གཉེར་དང་ལུས་པོའི་ཤེད་ཤུགས་མི་འདྲ་བ་ཙམ་ཡིན་པས།འདུ་འཛི་དང་འུར་ཟིང་ཆེ་བའི་གནས་དག་གི་མི་རྣམས་བཞིན་ཆུང་དུས་སུ་དུས་ཚོད་ནི་དལ་དལ་ཞིག་དང་། རིམ་གྱིས་ལག་ཆགས་པ་དང་བསྟུན་ནས་དུས་ཚོད་ནི་མགྱོགས་པོ་ཞིག་ཡིན་ཨང་འདོད་པའི་བསམ་ཚུལ་དེ་སུ་ལའང་མེད།འདི་ནི་ང་ཚོར་མངའ་བའི་འཚོ་བའི་ཁྱད་ཆོས་ཡིན་ལ་ངས་གླེང་འདོད་པའི་འཚོ་བ་དེའང་ཡིན།
 དུས་ཚོད་ནི་སྡོད་མེད་དུ་བཞུར་གྱིན་པའི་གཙང་བོ་ཞིག་ལས་མ་འདས་མོད།ངས་ཡབ་ཡུམ་གཉིས་ཀྱིས་ང་རང་བྱིས་པ་ཡིན་དུས་ནས་བཟུང་། ངའི་གཉེན་སྒྲིག་གི་ཐད་ལ་བསམ་གཞིག་བྱེད་ཀྱིན་འདུག ཁོ་གཉིས་ལ་མཚོན་ན་ལོ་ཟླ་ནི་རེ་སྒུག་གི་སྔུན་ན་གོག་ནུར་ངང་ཡོང་གིན་པའི་བདེ་སྐྱིད་དེ་ལས་མ་འདས།
  ངའི་གཉེན་སྟོན་གྱི་ཉིན་མོ་དེར་ཨ་ཕས་ང་ལ་༼ཨ་ཕའི་གཅེས་ཕྲུག་ཁྱོད་ད་ནི་ལག་ཆགས་སོང་།ངས་ཁྱོད་སྐྱེས་པ་ནས་ད་ལྟའི་བར་དུ་ཉིན་མོ་འདི་ལ་བསྒུག་ནས་བསྡད་པ་ཡིན།ད་ནས་བཟུང་ཁྱོད་ཀྱི་གོ་ཁ་བུ་ཡིས་གང་ལ་སྒོ་ཁ་ཕྱུགས་ཀྱིས་གང་ཡོང་།ང་ཡི་གཅེས་ཕྲུག༽ཅེས་བཤད་སོང་།
     ང་ཚོ་སེར་ཆེན་ཐང་གི་མི་དག་དབྱར་དགུན་སྟོན་དཔྱིད་ཀྱི་འཁོར་བསྐྱོད་ཁྲོད་ནས་ཕན་ཚུན་གྱི་ངོ་གདོང་ལ་ཡང་ཡང་ཅེར་ནས་ནར་སོན་གྱིན་ཡོད།ཕར་ལ་བསྐྱལ་བའི་འདས་སོང་གི་ལོ་ཟླ་དག་གི་སྣང་བརྙན་ནི་རང་གི་ཉེ་འཁོར་གྱི་མི་དག་གི་གདོང་ནས་ཡང་ཡང་དྲན་ཡོང་ལ་ཡང་ཡང་གླེང་ཡོང་།ང་ཚོའི་རི་སྡེ་འདིའི་ནང་ན་ཕན་ཚུན་གྱི་མི་སྒེར་གྱི་ལོ་རྒྱུས་མི་ཤེས་པའི་མི་གཅིག་ཀྱང་མེད།དེ་ནི་ང་ཚོས་ང་ཚོ་གླེང་ཤིང་ང་ཚོས་ང་ཚོར་བལྟས་ཏེ་ཡོང་བས་ཡིན།
    དེ་དུས་ང་རང་ལོ་ན་བཅུ་བདུན་ལ་སོན་པ་ཙམ་ཡིན།དུས་དེ་ནས་བཟུང་ང་ལའང་འཁོར་བ་ཟེར་བའི་ཉི་མ་འཁྱོལ་བྱེད་ཅིག་དབང་སོང་།ང་ནི་ནོར་ལུག་ལ་དགའ་ལ་ལྷག་ཏུ་འཁོར་བ་སྐྱོང་རྒྱུར་ཡང་དགའ་བོ་ཞེ་དྲགས་ཡོད་པས། ང་ལ་མཚོན་ན་དེ་ནི་བདེ་སྐྱིད་ཅིག་གི་མགོ་བརྩམས་པའང་ཡིན་ཞེས་བཤད་ཆོག
དེ་དུས། ངས་དངོས་སུ་འཚོ་བ་རོལ་གྱིན་ཡོད།
  ནོར་ལུག་ནི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ང་ཚོའི་འཚོ་རྟེན་ཡིན་ལ་བུ་རབས་ཚ་རྒྱུད་ཀྱི་རྟེན་མ་རུ་གྱུར་བའི་ལས་གནས་ཀྱང་ཡིན་པས་ན་ང་ཅིས་ཀྱང་ཕྱུགས་རྫི་ཞིག་ཡིན་དགོས་ལ་ཡིན་ཡང་ཡིན།
 སེར་ཆེན་ཐང་ཞེས་པའི་མིང་འདི་ནི་ང་ཚོའི་རི་སྡེ་འདིའི་མིང་ལ་ཐོགས་ནས་ལོ་ངོ་མང་པོ་ཞིག་འགོར་སོང་།ང་ཡང་རི་སྡེ་ཕྲ་མོ་འདིའི་ནང་ནས་ཕྱུགས་རྫི་དང་ཁྱིམ་བདག་བྱས་ནས་ལོ་ངོ་མང་བོ་ཞིག་འགོར་ཡོད།
    ངའི་མིང་ལ་བསྐལ་བཟང་ཟེར།མཚང་མིང་ལ་རྔ་མོང་ཟེར།ང་ཚོའི་རི་སྡེ་འདིའི་མི་དག་ལ་མཚོན་ན་དངོས་མིང་གི་ཕན་ཆད་ན་མཚང་མིང་གཅིག་དང་གཉིས་རེ་མེད་པ་ཤིན་ཏུ་དཀོན་ལ།མཚང་མིང་མེད་པ་རེ་འགའ་ཡོད་པ་ནི་བླ་མ་དང་སྤྲུལ་སྐུ གྲྭ་བ་དང་སྡེ་དཔོན་བཅས་ཀྱི་རིགས་དག་གོ །
  ང་ལ་ཆུང་མ་གཉིས་དང་བྱིས་པ་དྲུག་ཡོད།ཆུང་མ་གཅིག་ནད་ཀྱིས་བཟུང་ནས་ཤི་སོང་ལ།བུ་ཕྲུག་གཉིས་དམག་ལ་སོང་ནས་ཤི་སོང་།བུ་ཕྲུག་གཅིག་རྒྱ་གར་ལ་བྲོས་སོང་།ཤུལ་དུ་ལུས་ཡོད་པ་ནི་ཆུང་མ་གཞན་དེ་དང་ང་།བན་ཏེ་དང་སློབ་མ།བུ་མོ་ཆུང་ཆུང་ཞིག་བཅས་བཟའ་མི་ལྔ་ཡོད།ངེད་ཚང་ནི་ང་ཚོའི་རི་སྡེ་འདིའི་ནང་གི་བཟའ་མི་ཆེས་ཉུང་བའི་ཁྱིམ་ཚང་ཡིན་ནའང་།ད་དུས་ང་ཚོས་རི་སྡེ་འདིའི་ནང་ན་མཛུབ་གུ་ལྔ་བཅིངས་ཁུ་ཚུར་བྱས་ནས་འཚོ་བཞིན་ཡོད།
       དུས་ཚོད་ནི་གཤོག་ཐོགས་ཤིག་ཡིན་ཡང་། ང་ཚོའི་རི་སྡེ་འདིའི་མི་དག་གིས་སྐྱལ་གྱིན་པའི་ཉིན་མོ་རེ་རེ་དང་མཚན་མོ་རེ་རེ་ནི་མགྱོགས་པོ་ཞིག་ཡིན་པ་ཡེ་ནས་སེམས་ཀྱིན་མེད།དེ་ནི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་དང་ལྷོད་ཅིང་བབ་ཆགས་པའི་གླིང་སྒྲུང་གི་འགྱུར་ཁུགས་ཀྱིས་ཀྱང་ར་སྤྲོད་བྱས་ཚར་འདུག
     
  ༼ཨ་མྱེ།རི་བོ་འདིའི་ཕ་རོལ་ན་ཅི་ཞིག་ཡོད་པ་རེད།༽
རྣམ་རིག་དོད་པོའི་བྱིས་པ་དག་གིས་འདི་ལྟར་འདྲི་རྒྱུར་ཧ་ཅང་དགའ།ངའི་བུ་ཆུང་གིས་ཀྱང་ང་ལ་ཡང་ཡང་འདི་ལྟར་དྲིས་མྱོང་།ང་དང་ང་ལྟ་བུའི་རྒན་པོ་དག་གིས་འདི་ལྟར་ལན་བཏབ་པ་ཡིན།
 ༼རི་བོ་འདིའི་ཕ་རོལ་ན་ང་ཚོའི་རི་ལུང་ཐང་གསུམ་འདི་ལྟ་བུའི་ཐང་ཡངས་མོ་དང་རི་མཐོན་པོ་མང་བོ་ཡོད་ནི་རེད།༽
  ཡིན་ནའང་།ད་ནི་འདི་དག་རྫུན་དུ་གྱུར་འདུག ཉེས་པ་འདི་སུ་ཡིས་འཁུར། དཀོན་མཆོག་གསུམ་གྱིས་མཁྱེན་མཁྱེན།
      ང་ཚོའི་ས་ཆ་འདིར་མཚོན་ན་ཉི་མར་མི་དགའ་བའི་མི་གཅིག་ཀྱང་མེད། ཟླ་བར་མི་དགའ་བའི་མིའང་གཅིག་ཀྱང་མེད།  ང་ཚོས་ཟླ་བའི་ཁྲོད་ནས་བྱམས་བརྩེ་ཡི་བདག་པོ་ཞིག་གི་ངོ་གདོང་མཐོང་མྱོང་།
  དེ་དུས། ང་ཚོའི་རྩྭ་ཐང་ངུ་སྐད་ཀྱིས་ཁེངས་ཡོད་ལ།ངའི་ཡ་ཆུང་སེམས་པའང་སྨྲེང་བས་བཏུམས་ཡོད། 
༼སྒྲོལ་ཡག  ཨ་ཕར་དྲང་མོར་ཤོད། དེ་རིང་སྒམ་ཆུང་ནང་གི་ཀ་ར་དེ་ཁྱོད་ཀྱིས་བརྐུས་སོང་བ་ཡིན་ནམ། དྲང་མོར་མི་བཤད་ན་ངས་ཨ་ཁུ་ཉི་མར་དྲིས་འཇོག དྲང་མོར་ཤོད།༽
 གནམ་ན་ཉི་མ་དང་ཟླ་བའི་སོ་ལྟ་ཡོད་པས་ན། ང་ཚོས་ནམ་རྒྱུན་རྒྱུ་འབྲས་ཟེར་ཞོར་འཚོ་བཞིན་ཡོད།ངས་ཀྱང་རང་གི་བུ་མོ་ཆུང་ཆུང་དེ་ལ་འདི་ལྟར་དྲིས་མྱོང་།
   འདི་ནི་སེམས་ཁམས་གཙང་མར་དབང་བའི་འཚོ་སྟངས་ལྷད་མེད་ཅིག་རེད་ཨང་།
 ༼ཨ་ཁུ་ཉི་མ་ཤར་ཤར།བྱིས་པའི་ལག་པ་དྲོ་དྲོ།ཨ་ཁུ་ཉི་མ་ཤར་ཤར།བྱིས་པའི་ལག་པ་དྲོ་དྲོ།༽
      གད་པ་སྐྱ་བོ་དག་གི་ནང་ན་འདམ་འབག་གིས་སྦྲ་དང་ཆུང་མ།བུ་ཕྲུག་སོགས་བཟོས་ནས་རྩེད་ཀྱིན་པའི་བྱིས་པ་དག་གིས་འདི་ལྟར་སྐད་འབོད་བྱེད་ཅིང་།སྐབས་འགར་རླུང་བུ་བསིལ་མོ་རེ་ལྡང་ནས་སྐད་སྒྲ་འདི་ཕྱོགས་བཞིར་འཁུར་གྱིན་ཡོད།དེ་དུས་གྱང་འགྲམ་དག་ན་ཉི་མར་ལྡེ་བའི་བགྲེས་པོ་བགྲེས་མོ་ཚོས་ཀྱང་ལག་པ་ཐོད་ཀར་བཞག་ནས་ནམ་མཁའི་དབྱིངས་ལ་བལྟ་ཞོར་༼དེ་རིང་གི་ཉི་མ་དྲོ་གི་རེད།༽ཅེས་ཡང་ཡང་གླེང་ཡོང་།
     ༼ལོ་ལོ་མ་ངུ་གཉིད་ལ་སྡོད།།གཉིད་ལ་སྡོད་དང་གནམ་ལ་འགྲོ།།
       གནམ་གྱི་སྐར་མ་འཛིན་ན་སྟེར།།
       ས་ཡི་མེ་ཏོག་འབལ་ལ་སྟེར།།
       ་་་་་་་་་་་ ༽
 ད་དུང་ཨ་མའི་ནུ་མར་འབྱར་བའི་བུས་པ་དག་ཀྱང་། ཉི་མ་དང་ཟླ་བ་སོགས་འཛིན་པར་འདོད་པའི་བྱམས་བརྩེ་ཡིས་ཁེངས་པའི་གཉིད་གླུ་འདི་དག་གི་པང་ན་གཉིད་ལ་རོལ་ཡོད།
      རླུང་ལྡང་བ་དང་ཆར་འབབ་དུས་དག་ལ་ང་ཚོར་དབང་བའི་རི་ལུང་ཐང་གསུམ་དེ་ནི་ཆར་གྱི་ཤག་སྒྲ་དང་རླུང་གི་ཤུར་སྒྲ་ཐོར་བུ་འཁོར་སའི་ཆེས་ལྷིང་འཇགས་ཀྱི་གནས་མལ་དེ་ཡིན།དེ་དུས་ང་ཚོས་ཀྱང་ཕྲང་བ་ལག་ཏུ་བཟུང་ནས་ཁ་རོག་གེར་མ་ཎི་འདོན་ཞོར། རང་ཅག་ནི་ལྷིང་འཇགས་ཀྱི་དྲོད་ཁོལ་སྲུང་བའི་སྦྲ་རྒན་གྱི་བདག་པོ་ཡིན་པ་དྲན་གྱིན་ཡོད།ང་ཚོར་མཚོན་ན་སྐབས་འདི་དག་ནི་རང་གིས་རང་ལ་དགའ་མགུ་བྱེད་དུས་ཤིག་ཀྱང་ཡིན།
    
  ༼ཨ།གནམ་རྒན་མས་སྤྱན་གྱིས་གཟིགས་བྱུང་།གནམ་རྒན་མས་དངོས་གནས་སྤྱན་གྱིས་གཟིགས་བྱུང་།༽
  རང་བྱུང་གི་གོད་ཆག་རེ་རེ་སླེབས་ཐེངས་རེར། ང་ཚོས་འདི་ལྟ་བུའི་ཡིད་ཀྱི་སྣང་བ་དད་འདུན་གྱིས་སྐྱོམས་པའི་ཚིག་ཐུང་རེ་ཁྱེར་ནས་རང་སེམས་གསོས་པ་ཡིན།དེ་ནི་གཞན་ལ་མགོ་བོ་སྒུར་བའང་ཡིན་སྲིད།དེ་བཞིན་ང་ཚོའི་ཡུལ་འདིར་རི་སྡེ་རེ་རེ་ནི་རྒྱལ་ཕྲན་རེ་རེ་དང་མཚུངས་ཤིང་།རི་སྡེ་ཕན་ཚུན་གྱི་བར་ན་རས་ཁུག་ཏུ་རྭ་ཅོ་བཅུག་པ་ལྟ་བུའི་འབའ་འབུར་སྒང་གཤོངས་ཀྱི་དབྱིབས་སུ་གྲུབ་པའི་རང་ཉིད་ཀྱི་རྩྭ་ས་དང་དེའི་སྟེང་ལ་བཅོལ་བའི་སྲ་མཁྲེགས་ཀྱི་ཨུ་ཚུགས། ད་དུང་མདའ་མདུང་གྲི་གསུམ་ལ་གཏད་པའི་ཁོག་དཔུང་ལ་རྒྱ་སོགས་ཡོད། ང་ཚོས་རི་ཁུག་ལུང་ཁུག་དག་ལ་དཔའ་ཡི་ཆོ་ལོ་བསྩལ་བའི་ཞེ་སྡང་གི་དར་ཆ་འཕྱར་མྱོང་།ས་ལག་མཐིལ་ཙམ་ཞིག་གི་དོན་ལ་སྲོག་རྟ་རྔ་བཞིན་དུ་དོར་མཁན་ཡང་ཡོད།དེ་ནི་སྐབས་དེའི་ང་ཚོར་མཚོན་ན་སྲོང་བཙན་སྒམ་པོ་དང་གེ་སར་རྒྱལ་བོ་ཟེར་བའི་མེས་པོའམ་ལྷ་སྒྲུང་ནང་གི་མི་དག་ལ་སྨོན་པ་བྱེད་སྟངས་ཤིག་ཀྱང་ཡིན་འོས།ཡིན་ཡང་།ང་ཚོས་མི་རབས་འདིའི་ནག་ཉེས་སུ་ལའང་གླེང་ཐབས་མ་བྱུང་།
       
   འདི་ལྟར་ལོ་ངོ་མང་པོ་ཞིག་བསྐྱལ་མཐར།རང་བྱུང་ཁམས་ཀྱིས་ང་ཚོ་ནི་རླུང་གིས་ཁུར་བའི་གད་སྙིགས་བཞིན་དུ་གྲོང་ཁྱེར་ཟེར་བའི་ས་ཆ་ཞིག་ལ་སྤྱུགས་བྱུང་།
       
  ༼ཝ་ཡེ།རྒད་པོ།ཁྱོད་ཀྱི་འཚོ་བ་ཅི་འདྲ་ཡིན།དཀའ་ལས་ཨེ་ཡོད།༽
  གྲོང་ཁྱེར་ཟེར་བའི་འུར་ཟིང་དང་རྡོ་མཁར་གྱི་བཙན་རྫོང་འདི་ལ་སླེབས་ཉིན་ནས་བཟུང་། ལམ་གྱི་བཞི་མདོ་ན་མིག་མངས་རྩེད་ཀྱིན་པའི་བགྲེས་པོ་དག་གིས་ང་ལ་ཡང་ཡང་འདི་ལྟར་དྲིས་བྱུང་།
      
  ངས་ནི་ནམ་རྒྱུན་༼ངའི་འཚོ་བ་སྔ་མོ་ནས་མཇུག་རྫོགས་སོང་།ཁྱོད་ཚོས་ད་སོ་མར་དེད་ཚར་བའི་མིག་མངས་དེ་ལྟར་ཡོད་ཚད་མཇུག་རྫོགས་སོང་བ་རེད།༽ཅེས་པའི་དྲིས་ལན་གཅིག་པུ་འདི་སྣང་བ་ཡངས་མོའི་སྒོ་ནས་བཤད་པ་ཡིན།
ངོ་མས་བཤད་ན་ངས་ནི་འདི་ལྟ་བུའི་འགྱུར་ལྡོག་ཅིག་དང་ལེན་བྱེད་ཐབས་མ་བྱུང་ལ་བྱེད་ཀྱང་མི་འདོད།འདི་ནི་འཚོ་བ་ཡིན་མི་སྲིད།སྦྲ་ནག་དང་གནའ་གཏམ།ལུག་ཁྱུ་དང་རྫི་གླུ།ཉི་མར་ལྡེ་དུས་ཀྱི་ལྷིང་འཇགས་སོགས་མེད་པ་འདི་ནི་འཚོ་བ་ག་ལ་ཡིན།ཡིན་མི་སྲིད།
                
                ༢༠༡༣ ༠༦ ༠༦

       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོ་བ།

2014-06-21 དུང་བུ་ཆོས་འབུམ་རྒྱལ།༼ ཟི་ལིང ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།