སྙན་ངག་སྐོར་གྱི་སྐད་ཆ།

དང་པོ། སྙན་ངག་ལ་ཚོར་འདུ་ཤུགས་དྲག་པོ་དགོས་ཚུལ།

 མི་ཞིག་གི་རྣམ་པ་གྲུབ་ནས་བཟུང་།ཚོར་བ་ནི་ཆ་མཉམ་དུ་གནས་པ་ཡིན།སྙན་ངག་མཁན་པོ་ཞིག་ཏུ་འགྱུར་དགོས་ན།ཚོར་འདུ་ཤུགས་དྲག་པོ་དགོས་ཚུལ་ནི།རྒྱའི་སྙན་ངག་པ་ལི་ཅིན་གྱིས་”དགོད་སྒྲ་གོང་བུར་ཆགས་པའམ།མིག་ཆུ་འོད་དུ་འཚེར་བ་ཡིན།”ཞེས་པ་དེས་བསྟན་པ་དང་ཡང་ན།གནའ་བོའི་ལོ་མ་རྒྱལ་ཁབ་ཀྱི་རྩོམ་རིག་སྨྲ་བ་ཆེན་མོ་ཧོ་ལྭ་ཟིས་”ཁྱོད་ཉིད་བཞད་པའི་ཚེ་ན་གཞན་དག་བཞད། །ཁྱོད་ཉིད་བཤུམས་པའི་ཚེ་ན་གཞན་དག་བཤུམ། །བདག་གི་མིག་ཆུ་དབྱུང་བར་ཁྱོད་འདོད་ན། །ཐོག་མར་ཁྱོད་རང་སྐྱོ་གདུང་ཉམས་དག་སྟོན། །”ཞེས་པས་ཚོར་འདུ་ཤུགས་དྲག་པོ་དགོས་ཚུལ་གསལ་བོར་མངོན་ཡོད་པ་རེད།ད་དུང་བོད་ཀྱི་སྙན་ངག་སྨྲ་བ་ཆེན་མོ་འཇུ་སྐལ་བཟང་ལགས་ཀྱིས། ”ཐོག་མར་སྙན་ངག་པ་དེ་དགའ་སྐྱོ་ཆགས་སྡང་དང་།དད་གུས་མོས་གདུང་སོགས་གཞན་ལས་ལྷག་པ་ཞིག་དང་།འཚོ་བ་ལྷག་བསམ་དང་དགའ་ཞེན་ལས་ཆེ་བ་ཞིགཚོར་བ་གཞན་ལས་རྣོ་བ་ཞིག་ཡིན་ཏེ།མེ་ཏོག་ཆུ་ལ་ལྷུང་བ་དང་སྡོང་ལོ་རླུང་གིས་ཁྱེར་བ།ཕུ་ཆུ་ལྷུང་ལྷུང་འབབ་པ་དང་ཁུ་བྱུག་སྙན་པར་སྒྲོག་པ། རི་སྐྱེས་རྒྱ་རུ་ཚུད་པ་དང་ཕྱེ་ལེབ་མེ་ལ་ལྕེབས་པ།མོས་མཐུན་གྱེས་པའི་གདུང་བ་དང་མཛའ་གཅུགས་ཕྲད་པའི་དགའ་བ་སོགས་དང་།ཚོད་མེད་བཙན་པོ་དབང་ཤེད་ཆེ་ཞིང་།ཉེས་མེད་བདེན་པ་ཁ་སྟབས་ཞེན་པ་སོགས་ལ་བློ་ཁ་ཉེ་བར་ཕྱོགས་ཚེ་ཚུགས་མི་ཐུབ་པའི་ཚོར་འདུ་ཐུན་མོང་མ་ཡིན་པ་ཞིག་སེམས་ཀྱི་གཏིང་ནས་འགྱུ་ཞིང་འཁྲུག་པར་བྱེད་པ་ཡིན་གྱི།བཟང་ངན་གཙང་དམེ་དང་ལེགས་ཉེས་བདེན་རྫུན་སོགས་ཀྱི་ལྟ་བ་དེ་སྐབས་དང་ཡུལ་གྱི་གཞོལ་ཕྱོགས་དང་སྤྱི་མཐུན་པ་ཙམ་ལས་ལྷག་ཏུ་མེད་པའམ།གཡམ་ལ་རྒྱུག་པ་ཙམ་མ་གཏོགས་རང་ལ་ཐུན་མིན་གྱི་ཚོར་བ་སྐྱེན་ཞིང་རྣོ་བ་ཞིག་མེད་ན་དེ་སྙན་ངག་མཁན་དུ་འགྱུར་དཀའ། དེའི་ཕྱིར་སྙན་པ་འཛིན་མའི་ཁྱོན་ན་འཕུར་བའི་སྙན་ངག་སྨྲ་བ་ཆེན་པོའི་ཆེན་པོར་གྱུར་པ་དག་གིས་ཀྱང་ཚོར་འདུ་ཤུགས་དྲག་པ་གཞན་ལས་ལྷག་པ་འདི་ལ་བརྟེན་ནས་སྙན་ངག་གི་བསྟན་བཅོས་ཉམས་པ་མེད་པ་དག་མཛད་ཅིང་། གནའ་དེང་ཀྲུང་ཕྱི་ཀུན་ལ་གྲགས་པའི་བརྡ་ཆད་སྙན་ངག་བབས་པ་ཞེས་པ་ལའང་འཆད་ཚུལ་དུ་མ་ཞིག་ཡོད་ཀྱང་མཐར་གཏུགས་ནས་བཤད་ན།གཙོ་བོ་ནི་སྙན་ངག་མཁན་གྱི་ཡིད་ལ་ཚོར་འདུ་དྲག་པོར་འཁྲུགས་པ།གློ་བུར་དུ་ཆུ་གཏེར་མཁའ་ལ་འཕྱུར་བ་བཞིན་ཀློང་དུ་བརྡོལ་བའི་ཚུལ་དང་འདོད་པ་དང་།སྙན་ངག་སྨྲ་བ་མང་པོ་ཞིག་ལ་སྙན་ངག་རྩོམ་འདོད་ཀྱི་བློའམ་ཀུན་སློང་ཞིག་སྔོན་དུ་མ་འཁྲུངས་པར་འབད་འབུངས་བྱས་པས་སྙན་ངག་ཉམས་དང་ལྡན་ཞིག་འོང་དཀའ་བའང་གནད་ཀ་འདི་ལ་ཐུག་པར་སྙམ།”ཞེས་གསུངས་པ་དེ་དག་གིས་ནང་ནས་ཚོར་བ་གཞན་ལས་རྣོ་བ་ཞེས་པ་དེས་ཚོར་འདུ་ཤུགས་དྲག་པོ་དགོས་ཚུལ་བསྟན་ཡོད།སྤྱིར་མི་ཚང་མ་ལ་ཚོར་བ་ཡོད་པ་དེ་འདྲ་མཉམ་ཡིན་པ་རེད།དེའི་ནང་ནས་སྙན་ངག་པ་ལ་ཚོར་བ་རྣོ་བ་ཡོད་པ་དེ་གཅིག་མཚུངས་མ་ཡིན་པ་གསལ་བོར་མངོན་དུ་བཅུག་ཡོད་ཅིང་། དཔེར་ན།མེ་ཏོག་ཆུ་ལ་ལྷུང་བ།སྡོང་ལོ་རླུང་གིས་ཁྱེར་བ།ཕུ་ཆུ་ལྷུང་ལྷུང་འབབ་པ།ཁུ་བྱུག་སྙན་པར་སྒྲོག་པ།རི་སྐྱེས་རྒྱ་རུ་ཚུད་པ།ཕྱེ་ལེབ་མེ་ལ་ལྕེབས་པ། མོས་མཐུན་གྱེས་པའི་གདུང་བ། མཛའ་གཅུགས་ཕྲད་པའི་དགའ་བ་སོགས་ཀྱིས་ཚུགས་མི་ཐུབ་པའི་ཚོར་འདུ་ཤུགས་དྲག་པོ་ཞིག་གློ་བུར་དུ་མཁའ་ལ་ཆུ་གཏེར་འཕྱུར་བ་བཞིན་བརྡོལ་ཡོང་བ་དང་རང་དབང་མེད་པའི་ངུ་ངག་ཤོར་བ་དང་རང་དབང་མེད་པའི་དགོད་སྒྲ་འབྱིན་པ་སོགས་ཀྱིས་གསལ་བོ་ཤེས་ཐུབ།   ད་དུང་བཤད་ན་རང་ལ་ཐུན་མིན་གྱི་ཚོར་བ་སྐྱེན་ཞིང་རྣོ་བ་ཞིག་མེད་ན་སྙན་ངག་མཁན་དུ་འགྱུར་དཀའ་གསུངས་པ་བཞིན་རང་ལ་ཐུན་མིན་དུ་དབང་བའི་ཚོར་བ་སྐྱེན་ཞིང་རྣོ་བ་ཞིག་ཡོད་རྒྱུ་ནི་ཆེས་གལ་ཆེ་བ་ཞིག་ཡིན་པ་རེད།དེ་གྲུབ་ཚུལ་དང་དེ་སྐྱེས་ཚུལ་ནི་གཞན་ལ་གཡོམ་རྒྱུག་མི་བྱེད་པའི་སྒོ་ནས་མུ་མཐུད་ནས་སྙན་ངག་གི་ལམ་ལ་ཆས་ཐུབ་ན་ད་གཟོད་ཚོར་བ་སྐྱེན་ཞིང་རྣོ་བ་ཞིག་ཡོང་བ་དང་།ང་རང་ཉིད་ཀྱིས་དེ་ལ་ལྟ་སྟངས་ནི་གྲྭ་བ་ཞིག་གི་རྒྱུན་འདོན་དང་ཨ་ནེ་རྒན་མོ་ཞིག་གི་འཁོར་ལོ་དང་ཕྲེང་བ་ནང་བཞིན་དུ་འཛིན་ཡོད།
                 
གཉིས་པ། སྙན་ངག་མ་བྲིས་པའི་ཉིན་དང་འབྲེལ་བའི་སྐད་ཆ།

 ང་ཡིས་སྙན་ངག་ནི་གྲྭ་པ་ཞིག་གི་རྒྱུན་འདོན་དང་ཨ་ནེ་རྒན་མོ་ཞིག་གི་འཁོར་ལོ་དང་ཕྲེང་བ་ནང་བཞིན་དུ་འཛིན་ཡོད་པ་གོང་ནས་༼སྙན་ངག་ལ་ཚོར་འདུ་དྲག་པོ་དགོས་ཚུལ་༽གྱི་ལེ་ཚན་ནང་ནས་བཤད་ཚར་བ་ཡིན། ད་དཀྱུས་ལ་བབས་ཏེ་སྐད་ཆ་རེ་ཟུང་ཞིག་བཤད་ན། སྙན་ངག་མ་བྲིས་པའི་ཉིན་མོ་དག་ནི་ངའི་སེམས་པ་ཤིན་ཏུ་སྐྱོ་བའི་དུས་ཚིགས་ཤིག་ཡིན་པ་རེད། དུས་ཚིགས་དེ་ནས་ངའི་སྔས་མགོ་མིག་ཆུས་རླན་ཡོད། ངའི་སེམས་པ་སྐྱོ་བས་བཟི་ཡོད། མིག་ཆུ་བཞུར་དོན་དང་སྐྱོ་བས་བཟི་དོན་མཐར་ཐུག་དེ་གང་ཡིན་ཟེར་ན་སྙན་ངག་མ་བྲིས་པའི་སྐྱོན་གཅིག་པུ་ཡིན་པར་སྙམ།ཉིན་དེ་དག་ལ་སྙན་ངག་བྲིས་ཡོད་ན་མིག་ཆུས་སྔས་མགོ་རླན་དོན་དང་སེམས་པ་སྐྱོ་བས་བཟི་དོན་ཡེ་ནས་མི་འདུག་པ་བསམ་གྱིན་ཡོད་ལགས།དཔེར་མཚོན་ཞིག་གིས་སྒོ་ནས་བཤད་ན་མི་ཞིག་སྒོར་མོ་བཙལ་དུ་ས་ཆ་ག་གེ་མོ་ཞིག་ཏུ་སོང་སྐབས་སྒོར་མོ་བློ་ཡིད་ཚིམ་པ་ཞིག་འཚོལ་ཐུབ་ཡོད་ན་སེམས་པ་དགའ་དགའ་སྤྲོ་སྤྲོ་ཡིན་པ་དང་དེ་སྐབས་སྒོར་མོ་བློ་ཡིད་ཚིམ་པ་ཞིག་འཚོལ་ཐུབ་མེད་ན་སེམས་པ་ནི་སྐྱོ་བས་བཟི་བཞིན་ཡོད་པ་ནང་བཞིན་དུ་སྙན་ངག་མ་བྲིས་པའི་ཉིན་ནི་སེམས་པ་སྐྱོ་བས་བཟི་བ་དང་སྔས་མགོ་མིག་ཆུས་རླན་པའི་དུས་ཤིག་ཡིན་པ་གཏན་དུ་འཁེལ་བ་དཔེར་དེས་མཚོན་ཡོད་པར་སེམས།
  ད་དུང་བཤད་ན་སྙན་ངག་མ་བྲིས་པའི་དུས་ལ་ཚོར་བ་མེད་པ་དང་དགའ་སྐྱོ་མེད་པ། ང་ཡང་མེད་པ། ཐ་སྙད་མེད་པ། འདུས་བྱས་མེད་པ། འཁོར་བ་མེད་པ། རྩིས་འཕྲུལ་མེད་པ། ལག་པ་མེད་པ།སེམས་པ་མེད་པ་སོགས་མངོན་གྱིན་ཡོད།དེ་དག་མངོན་པའི་རྒྱུ་མཚན་ནི་གང་ལགས་ཟེར་ན་སྙན་ངག་ནི་ནམ་རྒྱུན་གྲྭ་པ་ཞིག་གི་རྒྱུན་འདོན་དང་ཨ་ནེ་རྒན་མོ་ཞིག་གི་འཁོར་ལོ་དང་ཕྲེང་བ་ནང་བཞིན་དུ་གནས་མ་ཐུབ་པའི་དབང་གིས་གོང་དེ་དག་མེད་པའི་སྣང་བ་ཞིག་དབང་མེད་དུ་ཤར་བ་དང་ཐག་རིང་ཞིག་ཏུ་འགྲོ་སྐབས་ཁུར་བོ་ལྗིད་པོ་ཁུར་ནས་འགྲོ་བ་དང་གཅིག་མཚུངས་ཡིན་པར་སྙམ་མོ།
 གོང་ནས་བཤད་པ་ནི་སྙན་ངག་མ་བྲིས་པའི་ཉིན་དང་འབྲེལ་བའི་སྐད་ཆ་ཞིག་ཡིན་པར་སྙམ་ཡོད། ཀློག་པ་པོ་དག་གིས་རང་རང་ལ་བསམ་བློ་རེ་འཁོར་ནས་གོང་ནས་བཤད་པ་དག་འགྲིག་ཡོད་མེད་ཀྱི་བསམ་འཆར་ཞིག་ཡོད་པར་སྙིང་ནས་ཞུ།

སྙན་ངག་མ་བྲིས་པའི་ཉིན་དང་འབྲེལ་བའི་སྙན་ངག་འགའ་སེམས་ནས་ཤོར་ཐལ། དེ་ནི།
 
ཞོགས་པའི་ཚོར་བ་བན་བུན།
                 སྙན་ངག་མ་བྲིས་པའི་ཉིན་དག་ལ་ཕུལ་བ།
ཞོགས་པའི་སྐྱ་རེངས་དང་ཡང་ན་ཞོགས་པའི་ཉི་ཟེར་དང་འབྲེལ་ནས
ང་ཡི་ལག་ཆུང་འདི་བྲང་གཞུང་ལ་བཞག་ནས་བསམ་བློ་ནན་དུ་བཏང་དུས
སྙན་ངག་མ་བྲིས་པའི་ཉིན་ལ་བསམ་གཞིག་གཏོང་འགོ་དངོས་སུ་ཚུགས
སྐབས་དེར་ངས་ཅི་ཡང་དྲན་རྒྱུ་མི་འདུག ད་དུང་བསམ་གཞིག་གི་ཁྲོད་དུ་ཞུགས་པ་ཡིན
བསམ་གཞིག་དེ་ཡི་ཁྲོད་དུ་ཚོར་བ་མི་འདུག དགའ་སྐྱོ་མི་འདུག ང་ཡང་མི་འདུག
 
ཞོགས་ཇ་འཐུང་ཞོར་དང་ཡང་ན་སྒེའུ་ཁུང་དབྱེ་ཞོར་དང་འབྲེལ་ནས
ང་ཡི་ལུས་ཕུང་འདི་རྐང་པའི་ཐོག་ལ་འགྲེང་ནས་མནོ་བསམ་གཏོང་དུས
སྙན་ངག་མ་བྲིས་པའི་དུས་ཚིགས་ལ་དཔྱད་འགོ་ཚུགས་སྐབས
མཉམ་བཞག་ལ་བསྡད་པ་བཞིན་དུ་ཅི་ཡང་དྲན་རྒྱུ་མི་འདུག
ཨུ་ཚུགས་ཀྱིས་ནན་དུ་མནོ་བསམ་ལ་ཞུགས་པ་ཡིན
མནོ་བསམ་དེ་ཡི་ཁྲོད་དུ་ཐ་སྙད་མི་འདུག འདུས་བྱས་མི་འདུག འཁོར་བ་མི་འདུག
 
ཞོགས་པའི་ཚོར་བ་བན་བུན་དང་ཡང་ན་ཕྱི་མིག་དང་འབྲེལ་ནས
ང་ཡི་རྩིས་འཕྲུལ་ངོས་སུ་ཡིག་གཟུགས་ཐར་ཐོར་འགའ་གཏགས་དུས
སྙན་ངག་མ་གཏགས་པའི་ང་ཡི་རྩིས་འཕྲུལ་འདི་སྟོང་པ་ཡིན་མིན་ལ་དཔྱད་འགོ་ཚུགས
སྐབས་དེར་སྟོང་པ་སྟོང་རྐྱང་ཡིན་མིན་ཅི་ཡང་དྲན་རྒྱུ་མི་འདུག ཡང་ནས་ཡང་དུ་དཔྱད་པ་ལ་ཞུགས་པ་ཡིན
དཔྱད་པ་དེ་ཡི་དབུས་སུ་རྩིས་འཕྲུལ་མི་འདུག ལག་པ་མི་འདུག སེམས་པ་མི་འདུག
          2012/5/2ཉིན་རྨ་ལྷོ་ནས།
 
ང་ལ་སྙན་ངག་མེད། ང་ལ་ཚོར་བ་མེད།
 
དེ་རིང་ཞོགས་པར་དཀར་ཡོལ་ནང་རྩམ་པ་ཟ་ཞོར་དུ
འདས་ཟིན་གྱི་ཉིན་འགའ་ལ་ཕྱི་མིག་མང་པོ་ཞིག་ཤོར་ཐལ
ཤོར་བའི་ལྷན་དུ་ཉིན་དེ་དག་ལ་སྙན་ངག་མེད་པ་ཤེས་ཡོད ཚོར་བ་མེད་པ་རྟོགས་ཡོད
 
ངས་སྙན་ངག་ནི་གྲྭ་པ་ཞིག་གི་རྒྱུན་འདོན་གྱི་ཚུལ་དང
ཡང་ན་ཨ་ནེ་རྒན་མོ་ཞིག་གི་ལག་འཁོར་དང་ཕྲེང་བ་ལ་སྒོམ་ནས
ཉིན་རྟག་པར་སྙན་ངག་བརྩམས་ཀྱིན་ཡོད   ཚོར་བ་བསྐྲུན་གྱིན་ཡོད
 
ཉིན་འདི་དག་ནས་སྙན་ངག་རྩོམ་རྒྱུ་ཆད་བའི་ཤུལ་ནས
ངའི་སྔས་མགོ་མིག་ཆུས་གླན་ཡོད ངའི་སེམས་པ་སྐྱོ་བས་བཟི་ཡོད
 
སྙན་ངག་ངས་ཁྱེད་ལ་དྭངས་གཙང་གི་བརྩེ་བ་བཞག་ཡོད
ཁྱོད་མེད་ན་ང་འཇིག་རྟེན་འདིར་གཏན་ནས་འཚོ་མི་འདོད
         2012-11-7ཉིན་ཟུར་མང་ནས་ཉིན་འགའ་ལ་སྙན་ངག་རྩོམ་རྒྱུ་ཆད་བའི་ཤུལ་ནས་འདི་འདྲ་ཤོར་ཐལ།

གསུམ་པ། ཁ་བྱང་གཅིག་པའི་སྙན་ངག་མི་འབྲི་དོན།
  སྒེར་རང་ཉིད་ནི་སྙན་ངག་འབྲི་བའི་ལམ་ཁར་ཞུགས་ནས་ལོ་རེ་ཟུང་ལས་འགོར་མེད། དེའི་སྐབས་ནས་དགེ་རྒན་དང་སྙན་གཞུང་། སྙན་དེབ་སོགས་ལ་བསྟེན་ནས་ལམ་ཁ་དེར་བགྲོད་མུས་སུ་མཆིས། ད་སྐབས་ཡིན་ན་མང་པོ་ཞིག་གིས་ཁ་བྱང་གཅིག་པའི་སྙན་ངག་ཅེས་འཚང་ཁ་ཤིག་ཤིག་གི་ངང་ནས་འབྲི་བཞིན་འདུག  རང་ཉིད་ལ་གྲོགས་པོ་འགས་ཁ་བྱང་གཅིག་པའི་སྙན་ངག་ཕྲིས་ཟེར་ནས་བསྐུལ་མ་ཡང་བཏང་སོང་། དེ་དག་ལ་འབྲི་ཡོང་ཟེར་ནས་ཨ་ལན་ཡང་གཅིག་མ་གཏོགས་ལ་བྱིན་མེད། རྒྱུ་མཚན་ནི་སྙན་ངག་ནི་སྒེར་རང་ཉིད་ཀྱི་ཚོར་བ་དང་འབྲེལ་ནས་བྲི་རྒྱུ་མ་གཏོགས། མི་གཞན་པས་ཁ་བྱང་གཏན་འབེབས་བྱས་ནས་བྲི་རྒྱུ་ཡོད་པར་འདོད་ཀྱིན་མེད། (མཚམས་འདི་ནས་ཁྱེད་ཚོས་ང་ལ་དྲི་བ་གཅིག་དྲི་ན་སྲིད། དེ་ནི་༢༠༡༣ལོའི་ལོ་མཇུག་ཁྱོས་"ངག་ཐུན་གསར་མ"་ཟེར་བའི་ཚིག་བཅད་ཅིག་འབྲི་དོན། ངས་ཁ་གསལ་གཏིང་གསལ་ཅན་གྱི་ལན་ཡང་འདེབས་ཐུབ་ས་མ་རེད། གཙོ་ཆེ་བ་གྲོགས་པོ་ཚོའི་དབང་ཤེད་ཀྱིས་བྲིས་པ་ཡིན། སྙན་ངག་དེ་སྙན་ངག་ཡང་དག་ཏུ་འཇོག་གིན་མེད། མཆན)མི་གཅིག་གི་ཚོར་བས་མི་མང་པོའི་ཚོར་བ་དངོས་དེ་མཚོན་ཐུབ་ཀྱིན་མེད་པས། དམིགས་བསལ་དོན་གནད་འདྲ་ཡོད་ན་མ་གཏོགས་ཁ་བྱང་གཅིག་པའི་སྙན་ངག་འབྲི་བར་མི་རིགས་པར་སེམས།   ཁ་བྱང་དེས་རྩོམ་པ་པོ་སྒེར་རང་ཉིད་ཀྱི་ཚོར་བ་དང་ཤེས་རབ་རྒྱ་ལ་བཙུད་ཉེན་ཡང་ཡོད་པས་གཟབ་པར་འཚལ།
 ཁ་བྱང་འདོགས་མཁན་ཁོ་རང་གི་སྙན་ངག་དེ་སྙན་ངག་ཡང་དག་ཉིད་དུ་འདོད་ཀྱིན་ཡོད་པར་མ་ཟད། གཞན་པ་མང་ཆེ་བ་སྲོག་དབང་མེད་པའི་བེམ་པོ་ཞིག་ལ་བརྩི་བར་རིགས་པ་དང་། ཕྱི་ཡི་མཛེས་པ་ཡོད་པ་ཙམ་གྱིས་སྙན་ངག་ཡང་དག་གི་གྲས་སུ་བགྲང་གིན་མེད། དཔེར་ན། ཤིང་ལ་མཛེས་མ་བཞིན་རྒྱན་སྤྲས་བྱས་པ་ལྟ་བུ་ཡིན།
  དེང་རབས་སྙན་ངག་ལྟ་བུ་ཡིན་ན་གཙོ་ཆེར་སྲོག་དབང་དང་མི་བྲལ་བའི་ཐོག་ཏུ་རྗོད་བྱེད་ཚིག་གི་སྒྱུ་རྩལ་གྱིས་ཕྱུག་ཡོད་ན་ད་གཟོད་སྙན་ངག་དེ་སྙན་ངག་ཡང་དག་ཏུ་འདོད་ཀྱིན་ཡོད། སྙིང་ཉེ་བའི་སྙན་ངག་པ་རྣམ་པ། ཁྱེད་ཚོས་ནན་དུ་སོམས་དང་། ཁྱེད་ཚོས་འབྲི་བཞིན་པའི་ཁ་བྱང་གཅིག་པའི་སྙན་ངག་དེ་སྙན་ངག་ཡང་དག་ཏུ་འགྲོ་བཞིན་འདུག་གམ།
 ད་དུང་འདི་ཡི་སྐོར་ནས་གཏམ་རྒྱུད་དང་འབྲེལ་ནས་བཤད་ན། སྔོན་བླ་མ་ཞིག་སྐུ་འདས་རྗེས་སུ། རྗེས་དྲན་ཡིན་ཟེར་ནས་དེབ་ཀྱང་ཕུད་པ་རེད། དེའི་སྐབས་ནས་བླ་མའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་ཕར་ཞོག  མཚན་ཐོས་པ་ཙམ་གྱིས་བླ་མའི་རྗེས་དྲན་ཡིན་ཟེར་ནས་ཚིག་ཚོགས་སྤུངས་པ་རེད། དེ་བཞིན་ད་སྐབས་ཀྱི་ཁ་བྱང་གཅིག་པུའི་སྙན་ངག་དེ་ཡི་གྲས་སུ་མི་འགྲོ་བའི་ངེས་པ་མེད་པས་ཚང་མས་ཐུགས་ཁུར་གནང་རྒྱུ་གལ་ཆེ་བར་སྙམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་སྐོར་གྱི་སྐད་ཆ།

2014-05-21 བོད་བདུད་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།