ནད་པར་གྱུར་རྗེས།༼ཞར་བཀོར་གཅིག་ཡོད༽

   མཚམས་མེད་པའི་རླུང་གི་རྒྱུ་བས་ང་ལ་དབང་ཆོག་ཆོག་གི་ཅ་ལག་དག་བསྡུས་ནས་འཁྱེར་བརྩི་བྱེད་ལ།ཡང་ན་ང་ལ་མི་དགོས་པའམ་མི་ཐོབ་པ་དག་བསྐྱལ་ཏེ་འཚང་བརྩི་བྱ་གྲབས་བགྱི།
   ས་སྲོད་ཀྱི་མུན་ནག་གི་རྔམ་ཁ་ཇེ་འཐུག་ནས་ཇེ་འཐུག་ཏུ་གྱུར་སོང་།རི་སྡེ་བ་ཚོས་མུན་ནག་ལ་གཞའ་ཆས་ཀྱི་ཅ་ལག་དག་གྲ་སྒྲིག་བྱེད།དེ་ཡང་ཁག་མེད་དེ་དོ་དགོངས་ཀྱི་ཟླ་བ་ཡི་འོད་སྣང་གར་སོང་ཆ་མེད་ལྟར་རྦད་དེ་མེད་པར་གྱུར་འདུག མི་ལ་ལས་དེ་ནི་སྤྲིན་ནག་འཁྲུག་པ་ཚད་ལས་བརྒལ་བས་རེད་ཟེར།ཡང་ལ་ལས་དེ་རྩ་བ་ནས་མིན་ཏེ་ཟླ་འཛིན་བྱུང་བས་རེད།རྒྱུ་མཚན་ནི་ད་ལོའི་ལོ་ཐོ་ནང་གི་ཟླ་འཛིན་གྱི་ཚེས་གྲངས་དེ་ཏག་ཏག་དེ་རིང་ལ་ཁེལ་འདུག
   ཁོ་བོ་ནི་མི་དམངས་སྨན་ཁང་གི་སྒོ་རྟགས་༠༡༣ནང་གི་ཉལ་ཁྲི་བཞི་བའི་སྟེང་ནས་ཁོ་ཚོར་རྣ་གཤོག་གཏད་དེ་ཝུ་ཆང་ཧུབ་ཀྱིས་འཐུང་ནས་བཟི་རུ་གཞུག་གྲབས།སྨན་པས་བདེ་སྐྱིད་ལ་འགྲེལ་བཤད་རྒྱག་གིན་བདེ་སྐྱིད་དེ་སྒྲོམ་གཞི་ཞིག་ཏུ་བཅུག་ནས་སྙད་གཙེ་གིན་འདུག ནད་གྲོགས་ཀྱིས་མི་འཐད་པའི་རྣམ་འགྱུར་སྟོན་གྱིན་ཁོང་ཁྲོའི་ངང་སྡུག་བསྔལ་ལ་འགྲེལ་བཤད་བརྒྱབ།སྡུག་བསྔལ་ནི་མ་གཞི་མིའི་གཤིས་སུ་གྲུབ་པའི་ནད་རོ་ཞིག་རེད་ཟེར།བཤད་ཀྱིན་བཤད་ཀྱིན་ཁོ་གཉིས་བར་ལ་རྩོད་པ་བྱུང་སོང་་་་་་
དྲན་པ་མ་ཉམས་གོང་མགོ་བོ་སྟེ་ཡར་དགྱེ་པ་ན་ཀླད་པ་གཟེར་ནས་ཁྱིམ་མི་དང་ནད་གྲོགས།ཐ་ན་སྨན་པ་སོགས།ང་དང་ཆ་མེད་རྒྱུས་མེད་དུ་འགྱུར་འདུག གང་ལྟར་ལག་པ་དེ་གནམ་ཁབ་དང་འབྲེལ་ནས་འདུག
                                         ༢༠༡༣-༡༠-༠༡ཉིན།
 
          གཏམ་རྒྱུད་མུ་མཐུད་དུ་འབྱུང་ངེས།
   ནམ་ཟླ་ཇེ་འཁྱགས་ནས་ཇེ་འཁྱགསརེད།སྦྲང་མ་ལུས་ཕྲ་དང་མེ་ཏོག་ཉི་དགའ་གཉིས་ཀྱི་གཏམ་རྒྱུད་ཀྱི་དབུ་ཁྲིད་བྲིས་ནས་ཡོད་ལ།གཏམ་རྒྱུད་ཀྱི་མཐོ་རླབས་སམ་ཛ་དྲག་ཡང་ཚ་བིར་བིར་གྱིས་འབར་བརྩི་རེད།སྦྲང་མའི་དུག་མཚོན་མ་བཅད་བར་དང་མེ་ཏོག་གང་དེས་རང་དབང་གི་ཉི་འོད་མ་དབང་བར་དུ་འབར་བརྩི་རེད།
   གན་གྱི་རི་གསུམ་མཐོ་བའི་ཚུར་རོལ་དང་འདིའི་རྒྱ་མཚོ་ཆེན་མོ་གསུམ་གྱི་ཕར་རོལ་ནི་སྦྲང་མ་དང་མེ་ཏོག་ཉི་དགའ་གཉིས་ཀྱིས་དཔའ་སྤོབས་ཀྱིས་རྩལ་དྲུག་མངོན་ས་དང་སྒྱུ་རྩལ་གྱི་རྡོག་བྲོ་འཁྲབ་ས་ཡིན།ཡང་གཅིག་བཤད་ན་ཁོར་ཡུག་འདི་ནི་ཁོང་གཉིས་ཀྱིས་རྨི་ལམ་གྱི་དག་ཞིང་བསྒྲུབ་ས་ཡིན།
   སྤྱིར་ཁག་མེད་དེ།ཁོང་གཉིས་ནི་ལུང་ཁུག་ཏུ་གནས་པས་ཁོར་ཡུག་དང་ས་ཆ་གཞན་ལ་བལྟས་ན་ཉི་འོད་འཕྲོས་ཚད་རྦད་དེ་ཉུང་ཉུང་ཡིན།མེ་ཏོག་ཉི་དགའ་ཉི་མར་དགའ་བ་དང་དུངས་པ་ནི་ཁོང་ཉིད་ཀྱི་གཉུག་གཤིས་སུ་གྲུབ་ནས་ཡོད་མོད།རང་ཉིད་ལ་དབང་ཤག་ཤག་གི་ཁོར་ཡུག་ཙམ་མ་གཏོགས་གཞན་གྱི་ཁོར་ཡུག་བསྙེག་འདོད་ནི་ལར་ནས་མེད་པ་ཞིག་རེད།སྦྲང་བ་ཡང་ཉིི་འོད་ལ་དགའ་བ་ཁོ་བོའི་གཉུག་གཤིས་ཡིན་པ་ཡང་ཉི་འོད་མེད་པའི་དུས་ཚོད་དམ་ཁོར་ཡུག་ནས་འཚོ་སྡོད་ལ་རེ་བ་མེད་པས་སོ།
ཡང་ཙང་།སྦྲང་མ་ནི་ལྟོས་བཅས་ཀྱི་རྩལ་དྲུག་འཛོམས་ཤིང་།ལུས་སྟོབས་ཡང་ལྟོས་བཅས་སུ་ཆེ་བས་ནུས་ཡོད་ཀྱི་རིགས་ཡིན་ལ།ནུས་ཡོད་ཀྱི་རིགས་ལ་སྒེར་གཅོད་ཀྱི་ཆ་མངོན་པ་མིག་མཐོང་རེད།དེ་ཡང་མ་གཞི་སྲོག་ཆགས་ཀྱི་གཉུག་གཤིས་སུ་སྒེར་གཅོད་ཀྱི་ཆ་དེ་ཡོད་པས་ཡིན་ལས་ཆེ།སྦྲང་མ་དང་མེ་ཏོག་ཉི་དགའི་བར་གྱི་གཏམ་རྒྱུད་ཀྱི་འབྱུང་ཁུངས་ཡང་དེ་ཡིན།སྦྲང་མས་ཉི་འོད་བསྙེག་ཆེད་མེ་ཏོག་ཉི་དགའི་༼རང་སྐལ་དེའུ་འབུར་༽འདྲ་བོ་བཅོམ་ཏེ་སྦྲང་ཚང་གི་སྡོད་གནས་བྱེད་བརྩི་ཡིན་པས་མེ་ཏོག་ཉི་དགའི་ཚེ་སྲོག་གི་ངར་སྐད་དེ་སྒྲོག་དགོས་བྱུང་།དེ་ནི་མེ་ཏོག་ཉི་དགའ་ང་རྒྱལ་གྱི་དབུ་འཕང་མཐོ་བས་མིན་ལ་འཚོ་གནས་ལ་ཐུག་པས་ཡིན།
   དེ་ཡང་དེ་བཞིན་"སྦྲང་མའི་རིགས་ཀྱིས་སྒེར་གཅོད་ནི་སྐྲག་དགོས་ས་དེ་མིན་པར།སྒེར་གཅོད་ནི་གཉུག་གཤིས་ཀྱི་བྱ་བ་ཞིག་ཡིན་པས་སོ།
   འོན་ཀྱང་།ཆེས་སྐྲག་ས་ནི་མེ་ཏོག་ཉི་དགའ་དང་ཉི་དགའི་རིགས་ཀྱིས་རང་གི་འཚོ་སྡོད་དང་འཚོ་གནས་ཀྱི་ཆེད་དུ་འཕག་འཚག་གི་རོ་ལངས་རྒྱག་མི་ཐུབ་པ་དེ་རེད།ཡང་གཅིག་བཤད་ན་ཉི་དགའི་རིགས་ཀྱིས་༼འཕག་འཚག་༽དེ་གནམ་རྒན་མས་ཚོར་གྱིན་མེད་པ་ནི་གནད་དོན་ཞིག་དང་རྒྱུ་རྐྱེན་ཞིག་རེད་"ཅེས་ལྟད་མོ་བ་ཚོས་འཆད་ཀྱིན་ཡོད།ལྟད་མོ་བས་རི་གསུམ་ཕར་རོལ་ལ་ལག་པ་བསྲིང་གིན་དམར་རྗེན་རྗེན་གྱིས་མེ་ཏོག་ཉི་དགའ་དང་སྦྲང་མ་གཉིས་ཀྱི་མཐར་འཁོར་ན་མཚམས་རེ་ངུ་བཞིན་མཚམས་རེ་དགའ་བཞིན་འཚོ་བ་གཞན་པ་ཞིག་རོལ་གྱིན་ཡོད།
   ལྟད་མོ་བས་བཤད་ཀྱིན་"ཉི་ཤར་དང་འགྲོགས་ནས་གཏམ་རྒྱུད་ཅིག་གི་དབུ་ཁྲིད་འབྲི་བཞིན་ཡོད།གནམ་རྒན་མར་མིག་དང་རྣ་མེད་ན་གཏམ་རྒྱུད་དེ་མུ་མཐུད་ནས་འབྱུང་གི་རེད"ཟེར་ཞོར་ཁ་ནས་"མུ་མཐུད་ནས་མུ་མཐུད་འབྱུང་ངེས་རེད།འབྱུང་ངེས་རེད།མུ་མཐུད་ནས་མུ་མཐུད་་་་་་་་་"ཟློ་བཞིན་ཕར་བལྟས་ན་ཁོ་བོ་མེ་ཏོག་ཉི་དགའི་གྲས་ཀྱི་གཅིག་ཡིན་པར་དབང་བཏང་ན།"དུས་ཀྱི་སྔ་ཕྱི་མ་གཏོགས་གཏམ་རྒྱུད་མུ་མཐུད་རང་མགོར་ཐོན་ངེས་རེད།དེ་དུས་ཅི་བྱ།གྲ་སྒྲིག་ཡོད་དམ།འཆར་གཞི་ཡོད་དམ"ཞེས་རང་གིས་རང་ལ་དྲི་བ་མང་པོ་ཞིག་འདྲི་བཞིན་འདུག
          ༢༠༡༢-༡༠-༡༥-༠༦:༠༠ཐོག་ཚོར་བྱུང་ལྟར་ཤར་མར་iphoneཏུ་སྦྱར་བའོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནད་པར་གྱུར་རྗེས།༼ཞར་བཀོར་གཅིག་ཡོད༽

2013-11-28 བཙན་རྐང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།