གོ་བ་ལེན་ཚུལ་ཞིག

ཕུན་ཁང་རྣམ་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-11-28

   ངུ་སླ་ལ་དགོད་རྐྱེན་པའི་བྱིས་དུས་ཀྱི་སྐབས་དེ་ནས་བཟུང་།  མི་ཚེའི་ཀྱག་ཀྱོག་གི་བཤུལ་ལམ་རིང་མོར་རོ་དྲུག་འདྲེས་མའི་བྲོ་བ་རྙེད་ཐུབ་ཅིང་།  བྲོ་བ་དེ་ནི་འཚོ་བ་རེད།  སྔོན་བསགས་ལས་སྨོན་བཟང་པོས་ཚེ་འདིར་ཤེས་རིག་གི་སྦྱང་སྟོབས་ལས་གོ་རྟོགས་མི་དམན་པ་ཞིག་ཐོབ་དུས།  གནས་ལུགས་དང་གནས་ལུགས་དག་རྟོགས་དུས།  གཞི་ནས་འཚོ་བའི་རིན་ཐང་ཤེས་ལ་མི་ཚེའི་ཕུགས་བསམ་ཡང་རྟོགས་པར་ངེས།  དེ་བས་དེ་དང་དེ་ལྟ་བུའི་ཡོན་ཏན་དག་སྦྱོང་བར་སྙིང་སྟོབས་སམ་སེམས་ཤུགས་ངེས་ཅན་ཞིག་མེད་ན་ག་ལ་འགྲིག
   སྐྱོ་གར་སྙིང་སྟོབས་ཞེས་པའི་བརྡ་ཆད་དེ་ནི་ཕྱི་ཡི་རྒྱལ་ཁབ་ལ་སྔར་ནས་དར་ཡོད་ཀྱང་རང་རེའི་གནས་འདིར་དུས་ཕྱིས་དར་བའི་བརྡ་ཆད་གསར་པ་ཞིག་རེད།  དེ་ནི་རང་ཉིད་འཚོ་གནས་བྱེད་པའི་སྐབས་སུ་གནད་དོན་ཅི་རིགས་ཞིག་དང་དཀའ་ངལ་གང་འདྲ་ཞིག་འཕྲད་པའི་དུས་སུ་སེམས་སྐྱོ་སྐྱོ་དང་ཡིད་ཐང་ཆད་པ།  ཡིད་རྨུགས་པ།  མགོ་བོ་དུད་པ་སོགས་བྱེད་པའི་སྐབས་ཀྱི་རྣམ་པ་ཞིག་ལ་མི་གོ་བར་དེ་ནི་མི་ཚེ་ནི་མ་གཞི་ནས་སྐྱོ་གར་ཡིན་ཙང་།  ང་ཚོས་དེ་ལས་རྣམ་པར་རྒྱལ་བའི་བསམ་བློ་ཞིག་དང་དེ་ལས་ཐར་འདོད་ཀྱི་སྙིང་སྟོབས་ཞིག་ལ་གོ་བ་ཡིན།  དེས་མ་ཚད་སྐྱོ་གར་སྙིང་སྟོབས་ཞེས་པ་ནི་ང་ཚོས་སྡུག་བསྔལ་དང་སྐྱོ་གར་ཁྲོད་ཀྱི་མི་ཚེའི་ནང་བར་ཆད་དང་དཀའ་ཚེགས་སོགས་གང་རུང་འཕྲད་ཚེ།  དེ་ལས་རེད།   དེ་ལྡོག་ཐབས་མེད་ལ་སོགས་པའི་སྐད་ཆ་ཐབས་སྡུག་དེ་འདྲ་ཞིག་བཤད་ནས་མ་བསྡད་པར་དེ་ལས་ལྡོག་ཏེ་གདོང་ཐུག་བྱེད་ཕོད་པའི་སྙིང་སྟོབས་ཞིག་དང་ཁ་གཏད་གཅོག་ཐུབ་པའི་སྙིང་སྟོབས་ཞིག་དགོས་པ་ལ་བརྗོད།  བདག་གི་དགེ་བའི་བཤེས་གཉེན་ལགས་ཀྱིས་ཀྱང་རྟག་ཏུ་ང་ཚོར་མིའི་མི་ཚེའི་ངོ་བོ་ནི་སྐྱོ་གར་རེད།  ང་ཚོས་དེ་ལས་རྒྱལ་བའི་སྙིང་སྟོབས་དགོས་ཞེས་ཡང་ཡང་ནན་བཤད་གནང་གི་ཡོད།  དེ་བས་ང་ཚོས་སྐྱོ་གར་སྙིང་སྟོབས་ཀྱི་རིན་ཐང་རྟོགས་དགོས་ལ་སྙིང་སྟོབས་དེ་འདྲ་ཞིག་ལྡན་པ་བྱེད་རྒྱུ་ནི་གལ་ཆེན་ནང་གི་གལ་ཆེན་ཞིག་རེད།
   འཛམ་གླིང་གི་རོལ་དབྱངས་མཁས་ཅན་ཧྥ་རན་སིའི་པེ་ཏུའོ་ཧྥེན་གྱིས་མི་ཚེ་ལ་ཚད་ཡོད་ཀྱང་སྙིང་སྟོབས་ལ་ཚད་མེད།  ང་ཚོ་གང་ཟག་རྣམས་འཇིག་རྟེན་ཐོག་སྐྱེས་རྗེས་སྡུག་བསྔལ་དང་དགའ་སྤྲོ་མྱང་དགོས་པ་ཞིག་རེད།  སྐྱེ་བོ་དམ་པ་དག་གི་སྔོན་ལ་སྡུག་བསྔལ་མྱང་ནས་རྗེས་སུ་ལོངས་སྤྱོད་བྱས་ཡོད་ཅེས་བརྗོད་ཀྱི་ཡོད།  ལྷག་པར་དུ་ང་ཚོ་སྒང་པ་བོད་ཀྱི་སྐྱེས་ཆེན་རྗེ་བཙུན་མི་ལ་རས་པ་ལ་སོགས་པའི་དམ་པ་ཚོས་མི་ཚེའི་སྐྱོ་གར་གྱི་གྲུ་ཟུར་ནས་རང་ཉིད་ཀྱི་འབད་བརྩོན་དང་སྙིང་སྟོབས་ཀྱིས་ལས་དབང་གི་ཁ་ལོ་བསྒྱུར་ཡོད།   ཁོང་ཚོར་དེ་ལྟར་བསམ་ཕོད་པ་དང་བྱེད་ཕོད་པའི་སྙིང་སྟོབས་དེ་དག་ཀྱང་དགོས་པ་མེད་པ་ཞིག་དང་རྒྱུ་མཚན་མེད་པ་ཞིག་མ་ཡིན་པར་འདི་ནི་ཁོང་ཚོས་སྐྱོ་གར་སྙིང་སྟོབས་ཀྱི་ངོ་བོ་རྟོགས་ལ་དེའི་རིན་ཐང་ཡང་རྟོགས་ཡོད་པས་རེད།
   གངས་ཅན་མཁས་པའི་དབང་པོ་དགེ་ཆོས་ལགས་ཀྱིས་ཕྱུག་པོ་ཕྱུག་པོའི་ས་ནས་སྡུག་གཏམ་བྱེད།  དབུལ་པོ་དབུལ་པོའི་ས་ནས་སྨྲེ་ངག་འདོན།  མི་རེའི་སེམས་ལ་སྡུག་བསྔལ་ཁུར་པོ་རེ།  འཁོར་བའི་གནས་ནས་བདེ་བའི་སྐབས་མ་མཆིས་ཞེས་གསུངས་པ་ལྟར་འཁོར་བ་ནི་སྡུག་བསྔལ་གྱི་རྒྱ་མཚོ་ཞིག་དང་མུན་ནག་གི་བཙོན་རྭ་ཞིག་དང་འདྲ་བས་ང་ཚོ་ལ་དེ་བས་འགན་འཁྲི་ལྕི་མོ་ཞིག་ཡོད།  རྒྱུ་མཚན་ནི་ང་ཚོ་མཐོ་རིམ་སློབ་གསོས་བསྐྱངས་ཙང་རེད།  གནས་ལུགས་རྟོགས་ཙང་རེད།  ཡོན་ཏན་ཡོད་བཞིན་དུ་མིག་མདུན་དུ་འཕྲད་དང་འཕྲད་བཞིན་པའི་དཀའ་ངལ་རྣམས་ཀྱི་མདུན་དུ་སེམས་ཁུམས་དགོས་ཡོག་མ་རེད།   རང་ཉིད་ལ་དེ་བས་མཐོང་ཆུང་བྱེད་དགོས་ཡོག་མ་རེད།  སྐྱོ་གར་ཁྲོད་ནས་རང་ཉིད་ལ་དབང་བའི་སེམས་ཀྱི་བདེ་བ།  ཡོད་ཚད་ལ་གདོང་ཐུག་བྱེད་ཕོད་པའི་སྙིང་སྟོབས་ལྡན་པའི་ཆེད་དུ་བརྩོན་ལེན་བྱེད་དགོས་ངེས་རེད།  གལ་སྲིད་ང་ཚོ་ལ་ད་དུང་སྐྱོ་གར་སྙིང་སྟོབས་ཀྱི་ཞིག་མེད་ཚེ།  ང་ཚོ་ནམ་ཡང་དུས་ཐུང་གི་མི་ཚེའི་ནང་སྐྱོ་གར་གྱི་ལེ་ཚན་འཁྲབ་མཁན་དང་སྐྱོ་གར་གྱི་ལེ་ཚན་བལྟ་མཁན་ཞིག་ཆགས་རྒྱུ་ནི་བརྗོད་མེད་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གོ་བ་ལེན་ཚུལ་ཞིག

2013-11-28 ཕུན་ཁང་རྣམ་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།