མིག་ཆུའི་ཁྲོད་ཀྱི་ཟིན་ཐོ།

སྐྱིད་བྱམས་བསྟན་འཛིན་དགའ་བ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-11-01

   ང་ཚོ་འདི་ལྟར་ཕ་མ་གཅིག་གི་བུ་ཕྲུག་དང་། ཤ་ཁྲག་གཅིག་གི་གཅེན་གཅུང་དུ་གྱུར་པའི་ལས་བསོད་ཆེ་རུང་།  ཁྱེད་གཉིས་འཇིག་རྟེན་འདི་ནས་ཞལ་གྱེས་པ་སྔ་སོང་བའམ། ཡང་ན་ཁྱེད་གཉིས་འཚོ་དུས་སུ་དེ་ལྟར་མི་རིང་བར་ཆས་འགྲོ་བ་མི་ཤེས་པའི་དབང་གིས།  ངས་ཁྱེད་གཉིས་ལ་ཡིད་ཚིམ་པའི་ཁ་ཡ་ཞིག་བྱ་ཐུབ་མ་སོང་། དེའི་སྟབས་ཀྱིས་ཁྱེད་གཉིས་ཀྱི་གཅེན་གཅུང་དུ་གྱུར་བའི་ང་ལ་དེ་རིང་གནོང་འགྱོད་ཤིན་ཏུ་ཆེ་ཞིང་། སྡུག་བསྔལ་རབ་ཏུ་ལྕི།  འོན་ཀྱང་བྲལ་ཟིན་པའི་མཐའ་མར་འགྱོད་ཀྱང་རང་སྡུག་ལས་བྱ་ཐབས་ཟད་སྟབས་ངས་འདི་ནས་གཅེན་གཅུང་ཁྱེད་གཉིས་ལ་འཚིག་པ་མ་ཟ་རོགས་ཞེས་མཐོལ་བཤགས་འབུལ་རྒྱུ་ཙམ་ལས་གང་ཡང་ལྷག་མ་སོང་བས་ཁྱེད་གཉིས་ཀྱིས་ང་ལ་བཟོད་བསྒོམ་གནང་རོགས།
   ཁྱེད་གཉིས་དེ་ལྟར་སྔ་རྗེས་སུ་ཕེབས་ཤུལ་ན། ང་དང་ནང་མི་སྤུན་མཆེད་རྣམས། སྡུག་གི་མིག་ཆུ་བཞུར་གྱིན། ཕན་ཚུན་སེམས་གསོ་གཏོང་གིན། ན་ཟུག་ཁོག་ཏུ་སྣོན་གྱིན། ཨམ་གཙིགས་བསྡམས་ནས། ཁྱེད་གཉིས་སེམས་ལ་དྲན་བཞིན་དུ་འདས་མཆོད་སྒྲུབ་བཞིན་ཡོད། ཁྱེད་གཉིས་གང་དུ་མཆིས་རུང་། ཕ་མ་དང་གཅེན་གཅུང་ཚོར་ཐུགས་ཁྲལ་མ་གནང་རོགས། ད་ལྟ་པ་ལགས་དང་ཨ་མ་ལགས་རྣམ་གཉིས་ཁྱེད་གཉིས་བཞུགས་དུས་བཞིན་སྐུ་གཟུགས་བདེ་ཐང་ཡིན་པ་མ་ཟད། ཁྱེད་གཉིས་ཀྱི་ཨ་ཅག་དང་གཅེན་གཅུང་ང་ཚོ་ཡང་བདེ་ཐང་ཡིན། ཁྱེད་གཉིས་ཐུགས་བདེ་བོ་གནང་རོགས།
   གཅེན་པོ་ཁྱེད་རང་ང་ཚོ་དང་ཞལ་གྱེས་པ་ནས་ལོ་ངོ་བཅུ་གཉིས་ཙམ་སོང་བའི་དེ་རིང་སླར་ཡང་གཅུང་མོ་མཚམས་སྐྱིད་ཀྱང་གཅེན་པོ་ཁྱེད་རང་བཞིན་ན་སོ་ཆུང་ཆུང་ནས་ང་ཚོ་དང་ཁ་བྲལ་སོང་། དེའི་དབང་གིས་པ་ལགས་དང་ཨ་མ་ལགས། གཅེན་གཅུང་ཚོ་སེམས་ཁྲལ་ཧ་ཅང་ཆེ། ཡིན་ན་ཡང་ང་ཚོ་གཅེན་གཅུང་ཚོས་ཕན་ཚུན་སེམས་གསོ་གཏོང་གིན་སྔོན་ལས་སུ་སྒོམ་གྱིན་ཁྱེད་གཉིས་ལ་འདས་མཆོད་སྒྲུབ་བཞིན་པ་ཡིན། སྤུན་མཆེད་གཞན་ཚོས་ཀྱང་རོགས་རམ་གང་ཐུབ་གནང་བཞིན་ཡོད་སྟབས་ཁྱེད་གཉིས་ཐུགས་ཁྲལ་གནང་མི་དགོས།
   བརྩེ་བའི་གཅེན་པོ་ཁྱེད་ལ་ཞུ་རྒྱུར། ད་ལྟ་པ་ལགས་དང་ཨ་མ་ལགས་རྣམ་གཉིས་སྐུ་གཟུགས་བདེ་ཐང་ཡིན་པ་མ་ཟད། དེ་སྔོན་བཞིན་ཕྱག་ལས་མང་པོ་གནང་མི་དགོས་པར་ཕྱག་འཚལ་སྐོར་སྦྱོང་ཁོ་ནས་ཉིན་རེའི་འཚོ་བ་སྐྱེལ་བཞིན་ཡོད་ལ།  གཅུང་པོ་དབང་ལྡན་དང་གཅུང་པོ་ལྷུན་གྲུབ་གཉིས་ཁྱིམ་གསོ་ཟིན་ནས་འཚོ་བ་གང་ཅིར་དཀའ་ངལ་མེད་པ་མ་ཟད། ཁོ་གཉིས་ཀྱི་ཕྲུ་གུ་ཡང་སློབ་ལོ་གསོན་གྲབས་འདུག། དེ་བཞིན་དུ་ཨ་ཅག་ནི་གཅེན་པོ་རང་ཡོད་དུས་ནས་མནའ་མར་སྟེར་ཟིན་པ་རེད་ལ། མནའ་མར་འགྲོ་སའི་ཁྱིམ་ཚང་དང་ཁྱིམ་ཚང་གི་ནང་མི་ཡོངས་རྫོགས་ཀྱང་ཆོས་དད་ཆེ་ཞིང་། ཀུན་གྱིས་ཆ་འཇོག་ཞུ་ཡུལ་ཞིག་ཏུ་སྐབས་དེ་དུས་ནས་གཅེན་པོ་ཁྱེད་རང་གིས་མཁྱེན་ཡོད་པ་བཞིན་རེད་ལ། ད་ལྟ་ཡང་ཨ་ཅག་ཁྱིམ་ཚང་དེའི་ནང་ཧ་ཅང་སྐྱིད་ལ་ཕྲུ་གུ་ཡང་བཞི་ཡོད་པ་དེ་དག་སློབ་གྲྭར་སྐྱོད་བཞིན་པ་རེད།
 དེ་བཞིན་དུ་གཅུང་མོ་དཔལ་སྐྱིད་ནི་གཞིས་ཀ་རྩེ་དང་ལྷ་སའི་བར་ཐག་ན་ཆགས་པའི་དགོན་པ་ཞིག་གི་ནང་རབ་ཏུ་བྱུང་ནས། ཆོས་ལ་བརྩོན་བཞིན་པ་རེད་ལ་དུས་རྒྱུན་སྙམ་ཆུང་ཞིང་ཡ་རབས་ལྡན་པ་མ་ཟད།  བློ་རིག་ཡང་ཧ་ཅང་བཀྲ་རབས་འདུག ད་དུང་ཁྱེད་ཀྱི་གཅུང་མོ་ཚེ་རིང་ཆོས་སྐྱིད་ནི་བལ་ཡུལ་ནང་ཁྱིམ་གསོ་ཟིན་ནས་མི་སྨོན་རང་སྐྱིད་ཀྱི་འཚོ་བར་རོལ་བཞིན་པ་མ་ཟད། ཕྲུ་གུ་ཡང་གཉིས་ཡོད་ཅིང་ཆེ་བ་དེ་སློབ་ལོ་གསོན་གྲབས་ཡོད།  ད་དུང་ཁྱེད་ཀྱི་གཅུང་མོ་ནོར་སྐྱིད་ནི་ད་ལྟ་སློབ་འབྲིང་དུ་སྐྱོད་བཞིན་པ་རེད་ལ་ཁོ་མོ་ཡང་སློབ་སྦྱོང་ལ་ཧ་ཅང་བརྩོན་རབས་འདུག
   གཞན་ཡང་ཁྱེད་ཀྱི་གཅུང་པོ་ཐ་ཤལ་པ་ང་ལ་མཚོན་ན་ཡང་དེ་སྔོན་ཁྱེད་རང་འཚོ་དུས་སུ་ཁྱེད་ཀྱིས་དད་གུས་དང་གསོལ་འདེབས་ཞུ་ཡུལ་གྱི་བླ་མ། ༸རྒྱལ་བ་ཡིད་བཞིན་ནོར་བུའི་དགོན་པར་འཛུལ་ཞུགས་བྱས་ནས་ད་ལྟ་ཆོས་ལ་སློབ་སྦྱོང་བྱེད་བཞིན་ཡོད་ལ། ད་དུང་མུ་མཐུད་ནས་༸རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དགོངས་བཞིན་བཏབ་སར་སྨིན་ཐུབ་པ་ཞིག་ཡོང་ཐུབ་པའི་ཡིད་ཆེས་ཡོད་ལ་སྨོན་ལམ་ཡང་རྒྱག་བཞིན་ཡོད།
   གནས་ཚུལ་འདི་དག་ནི་གཅེན་པོ་ཁྱེད་རང་ང་ཚོ་དང་ཞལ་གྱེས་པ་ནས་ལོ་ངོ་བཅུ་གཉིས་ཙམ་སོང་རྗེས་ཀྱི་དེ་རིང་གི་གཅེན་གཅུང་ཚོའི་གནས་སྟངས་ཤིག་རེད། དེ་རིང་གཅེན་པོ་ཁྱེད་ཀྱིས་གནས་ཚུལ་འདི་དག་ཐོས་ན་ཏན་ཏན་དགའ་བོ་ཡོང་གི་རེད་ལ། གཅུང་པོས་ཀྱང་གཅེན་པོ་ཁྱེད་རང་བློ་བདེ་བོ་ཡོང་གི་རེད་སྙམ་ནས་དེ་ལྟར་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་བྱས་པ་ཡིན། དེ་བས་ན་གཅེན་པོ་ཁྱེད་རང་ཕ་མ་དང་གཅེན་གཅུང་ཚོར་ཐུགས་ཁྲལ་མ་གནང་རོགས།
དེ་སྔོན་ང་ཚོ་ཆུང་ཆུང་སྐབས་སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་། སྡུག་གི་འཁུར་པོ་མཉམ་ཁུར། སྔ་གདོང་ལྕགས་ཐབ་གཅིག་གི་མཐའ་འཁོར་དུ་འཁོར་ནས་ཐུག་པ་མཉམ་འཐུང་བྱེད་མཁན་གྱི་གཅེན་གཅུང་ཚང་མ་ད་ལྟ་ཁ་ཐོར་དུ་གནས་ཡོད་ཀྱང་། ང་ཚོ་ཕན་ཚུན་དབར་འབྲེལ་བ་ཧ་ཅང་ཟབ་པོ་ཡོད་པ་མ་ཟད། གཅུང་པོས་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་ཁོ་ཚོར་ཁ་བརྡ་བསླབ་བྱ་ཞིག་ལས་མ་བྱུང་ཡང་རྒྱག་བཞིན་ཡོད།  དེ་བས་ན་གཅེན་པོ་ཁྱེད་རང་བློ་བདེ་བོ་བྱོས།
   ད་ལྟ་པ་ལགས་དང་ཨ་མ་ལགས། ད་དུང་གཅེན་གཅུང་དང། སྤུན་མཆེད་གཞན་ཚོས་གཅུང་མོ་མཚམས་སྐྱིད་ལ་འདས་མཆོད་སྒྲུབ་བཞིན་པ་རེད་ལ། གཅུང་མོའི་སྐུ་ཕུང་ཡང་བྱ་རོག་རྫོང་དུ་བསྣམས་ནས་བྱ་རོག་ལ་སྦྱིན་པ་གཏོང་བཞིན་པ་རེད། ཡིན་ན་ཡང་ངས་འདི་ནས་ཁོ་ཚོར་སེམས་གསོ་ཙམ་ཞིག་མ་གཏོགས་གང་ཡང་བྱེད་ཐུབ་ཀྱི་མི་འདུག དེ་ལྷག་ངས་གང་ཡང་བྱེད་མི་ཐུབ་པ་དེ་ཡང་གཅེན་པོ་ཁྱེད་རང་གིས་ཤེས་ཡོད་ཤག་རེད། དེ་སྔོན་གཅེན་པོ་ཁྱེད་རང་བཞུགས་དུས་སུ། ང་ཚོ་གཅེན་གཅུང་ཚོར་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་བཞིན། ད་ལྟ་ཡང་གནང་གི་ཡོད་པ་ངས་ཤེས་ཀྱི་འདུག
   འོན་ཀྱང་གཅེན་པོ་ཁྱེད་རང་བཞིན་ང་ལ་འཇོན་ཐང་དེ་མེད། དེའི་སྟབས་ཀྱིས་ངས་ཁོ་ཚོ་དཀའ་ངལ་ནང་ལྷུང་དུས་སེམས་གསོ་ཙམ་ཞིག་མ་གཏོགས་གང་ཡང་མི་ཐུབ་དེར་བཟོད་བསྒོམ་གནང་རོགས། ཡིན་ན་ཡང་དེ་སྔོན་གཅེན་པོ་ཁྱེད་རང་ང་ཚོ་དང་ཞལ་གྱེས་དུས་གཅུང་པོར་སྒོར་རྡོག་གཅིག་ལས་མེད་ཀྱང་དཀོན་མཆོག་གི་དྲུང་དུ་གཅེན་པོ་ཁྱེད་རང་ལ་མི་ལུས་བཟང་པོ་ཞིག་ཐོབ་པའི་སྨོན་ལམ་བརྒྱབ་མྱོང་བ་དང་། མཆོད་མེ་ཕུལ་མྱོང་བ་བཞིན་དེ་རིང་ཡང་ངས་གཅུང་མོ་ལ་དེ་བཞིན་དུ་བསྔོ་སྨོན་དང་འདས་མཆོད་གང་ཐུབ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན། དེ་ནི་ངས་འདི་ནས་བྱེད་ཐུབ་པ་དེ་ཙམ་རེད་ལ། གཅེན་པོ་ཁྱེད་ཀྱིས་ཀྱང་ངས་འདི་ནས་དེ་ལས་ལྷག་ཙམ་ཞིག་བྱེད་ཐུབ་པའི་རེ་བ་ཡང་བཅོལ་གྱི་མེད་པའི་ཡིད་ཆེས་ཡོད།
   བརྩེ་བའི་གཅེན་པོ་ལགས། ད་ལྟ་ང་གྲྭ་ཤག་ནང་གཅིག་པུར་ངུ་བཞིན་ཨམ་གཙིགས་སྡོམ་གྱིན་དུ་ཁྱེད་གཉིས་སྙིང་ཁོང་ནས་དྲན་པའི་ཟིན་ཐོ་འདི་འགོད་བཞིན་ཡོད་ལ། གཅིག་པུར་རང་སེམས་རང་གིས་གསོ་བཞིན་ཡོད། ཡིན་ན་ཡང་ངས་ཕ་མ་དང་གཅེན་གཅུང་ཚོར་ཁ་པར་གཏོང་དུས་སེམས་ཁྲལ་གཅིག་ཀྱང་མེད་ཁུལ་གྱིས་ཁོ་ཚོར་སེམས་ཁྲལ་མ་བྱེད་ཅེས་སེམས་གསོ་ཡང་ཡང་བཏང་བ་ལས་ཁོ་ཚོའི་མདུན་དུ་ངས་མིག་ཆུ་གཅིག་ཀྱང་བཏང་མེད། གང་ཡིན་ཟེར་ན། གལ་སྲིད་ངས་ཀྱང་སེམས་སྐྱོ་མདོག་བྱས་ན་ཁོ་ཚོ་དེ་བས་ཀྱང་སེམས་ཁྲལ་ཇེ་ཆེར་འགྱུར་བར་དོགས་ནས་རང་སེམས་རང་གིས་མནན་ནས་བསྡད་པ་ཡིན། ད་ལྟ་ང་ལ་གཅེན་པོ་ཞིག་གི་འགན་འཁྲི་ཡོད་དུས་གནས་སྟངས་འདི་འདྲའི་སྐབས་སུ་ཡང་སེམས་ཀྱི་ན་ཟུག་དག་ཕྱི་རུ་སྟོན་ཐབས་མི་འདུག བརྩེ་བའི་གཅེན་པོ་ལགས།  ཡིན་ན་ཡང་ང་ལ་སེམས་ཁྲལ་མ་གནང་རོགས། ངས་རང་ཉིད་ཀྱིས་རང་ཉིད་ལ་ལྟ་རྟོག་བྱ་ཐུབ་ལ་ཕ་མ་དང་གཅེན་གཅུང་ཚོར་ཡང་འབྲེལ་བ་དམ་ཟབ་བྱས་ཆོག
   དེ་སྔོན་གཅེན་པོ་ཁྱེད་རང་སྙུང་དུས་སུ། ངས་དེ་ཙམ་སྣང་བ་བཞག་མྱོང་མེད། ཡིན་ན་ཡང་ངས་གཅེན་པོ་ཁྱེད་རང་བཞུགས་སར་བར་ཆད་ལམ་སེལ་གྱི་ཕྱག་དཔེ་ཞིག་བཞག་ཡོད་པ་མཐོང་མྱོང་ལ། ཉིན་ཞིག་གཅེན་པོ་ཁྱེད་རང་ཕྱག་དཔེ་དེ་ཁ་འདོན་གནང་གི་ཡོད་པ་ཡང་ཤེས་རྟོགས་བྱུང་། འོན་ཀྱང་སྐབས་དེ་དུས་ང་རང་ནར་མ་སོན་པའམ། ཡང་ན་དེ་སྔོན་གནས་ཚུལ་ཐབས་སྡུག་ཅིག་དང་འཕྲད་མ་མྱོང་བས་གང་ཡིན་ཆ་མ་འཚལ་རུང་དེ་ཙམ་སེམས་ཁུར་བྱེད་མྱོང་མེད།  ཡིན་ན་ཡང་ད་ཆ་ངས་ཕྱག་དཔེ་དེ་ཡིད་ལ་འཁོར་ཞིང་སྐབས་དེ་དུས་གཅེན་པོ་ཁྱེད་རང་གིས་མུ་མཐུད་ནས་བདེ་ཐང་ངང་འཚོ་གནས་ཐུབ་ཐབས་ལ་འབད་རྩོལ་གནང་བཞིན་པ་དེ་ཤེས་ལ། ཕྱག་དཔེ་དེ་ནི་ད་ལྟ་ངས་གཅེན་པོ་ཁྱེད་རང་ལ་ལྷག་པར་དུ་བརྩེ་བ་འཕེལ་བའི་རྒྱུ་རྐྱེན་ཞིག་ཏུ་གྱུར་འདུག
འོན་ཀྱང་བརྩེ་བའི་གཅེན་པོ་དང་གཅུང་མོ་ལགས། ཁྱེད་གཉིས་དེ་ལྟར་ན་སོ་དར་ལ་བབ་ཅིང་། འཇིག་རྟེན་གྱི་བྱ་བར་དེ་ཙམ་ཞུགས་ལོང་མེད་པར་དེ་ལྟར་མི་འདོད་བཞིན་དུ་ཕེབས་དགོས་བྱུང་བར་ཐམས་ཅད་སྔོན་ལས་སུ་བསམས་ཏེ་ཐུགས་སེམས་སྐྱོ་བ་མ་གནང་རོགས། གཅེན་པོ་ཁྱེད་རང་ད་ལྟ་འཇིག་རྟེན་གང་ཞིག་ན་སྐྱེ་བ་གང་ཞིག་བླངས་ནས་ཡོད་རུང་། ངས་ཁྱེད་རང་ལ་མི་ལུས་ཤིག་འཐོབ་པར་སྨོན་ལམ་རྒྱག་བཞིན་ཡོད།
   མ་གཞི་དེ་སྔོན་ངས་ང་ཚོའི་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་ཨ་མདོ་བླ་མ་ཞེས་ཕྱག་མོ་བསྐྱོན་མཁན་ཞིག་ཡོད་པ་དེའི་དྲུང་དུ་ཕྱིན་ནས། གཅེན་པོ་ཁྱེད་རང་ལ་མི་ལུས་ཤིག་ཐོབ་མིན་ལ་སྐྱབས་འཇུག་ཞུས་པ་ཡིན། ཁོང་གིས་གསུངས་དོན་བྱས་ན་གཅེན་པོ་ཁྱེད་རང་ལ་མི་ལུས་ཤིག་ཐོབ་ཡོད་པར་གསུངས་བྱུང་། འོན་ཀྱང་གནས་ཚུལ་འདི་དག་ནི་གཅུང་པོར་ཤིན་ཏུ་ནས་ལྐོག་ཏུ་གྱུར་སྟབས་ངས་གཅེན་པོ་ཁྱེད་རང་ལ་ཤུགས་ཀྱིས་འཐམས་ནས་ངུ་འདོད་ཤིན་ཏུ་ཆེ་རུང་བྱ་ཐབས་ཟད། དེའི་སྟབས་ཀྱིས་གཅེན་པོ་ཁྱེད་རང་གང་དུ་ཡོད་རུང་ངས་ཁ་ཡ་བྱེད་ཀྱི་མི་འདུག་མ་བསམ་རོགས། གཅུང་པོས་ང་ཚོ་ཇི་སྲིད་འཁོར་བར་གནས་པ་དེ་སྲིད་དུ་ང་ཚོ་སླར་ཡང་གཅེན་གཅུང་དུ་འགྱུར་བའི་སྨོན་ལམ་རྒྱག་བཞིན་ཡོད། གསོལ་བ་འདེབས་བཞིན་ཡོད། དེ་བས་ན་གཅེན་པོ་ཁྱེད་རང་བློ་བདེ་བོ་བྱེད་རོགས།
   བརྩེ་བའི་གཅེན་པོ་ལགས། མཚམས་འདི་ནས་གཅུང་པོས་གཅུང་མོར་དགོངས་དག་ཞུ་དགོས་པ་མང་པོ་ཡོད། དེ་དག་ཞུ་རྒྱུ་ཡིན།  གཅེན་པོ་ཁྱེད་ཀྱིས་ཀྱང་གཅུང་པོའི་བྱས་ཉེས་དག་ལ་བཟོད་བསྒོམ་གནང་ནས་མཉམ་དུ་གསན་པ་རོགས་གནང་། བརྩེ་བའི་གཅུང་མོ། གཅེན་པོ་ངས་པུས་མོ་གཉིས་ས་ལ་བཙུགས་ནས་དགོངས་དག་ཞུ་ཡི་­ཡོད­­། བདུན་ཕྲག་གཅིག་ལྷག་ཙམ་གྱི་གོང་དུ། ཁྱེད་ཀྱིས་གཅེན་པོར་’’ཕྲུ་གུ་བུ་ཞིག་གི་ཁོག་མིང་ཞུ་རོགས་’’ཞེས་ཕྲུ་གུ་བུ་ཞིག་དགོས་འདོད་ཀྱི་རེ་བ་དང་བཅས་མངགས་བྱ་བྱས་པ་མ་ཟད། ‘’གལ་ཏེ་ཕྲུ་གུ་བུ་མོ་ཞིག་སྐྱེས་ཚེ་ཡང་བུ་མོའི་མིང་ཞིག་ཞུ་རོགས་’’ཞེས་གད་མོ་ཞིག་དང་བཅས་ཏེ་ཁ་པར་གྱི་ལམ་ནས་དེ་ལྟར་མངགས་བྱ་བྱས། གཅེན་པོ་ངས་ཡ་ཡ་ཞེས་ཁས་ལེན་བྱས་མོད། གཅེན་པོར་དེ་འདྲའི་མགྱོགས་པོར་ཕྲུ་གུ་སྐྱེ་ཡི་རེད་བསམ་མ་སོང་ལ། དཔེ་ཀློག་གི་དུས་ཚོད་ཆུད་ཟོས་སུ་འགྲོ་དོགས་ཀྱིས། ཁ་པར་ནང་དངུལ་ཞིག་བླུགས་དགོས་པ་དེ་ཡང་དེ་རིང་སླེབས་དུས་སང་ཉིན་བླུགས་ཆོག་སྙམ་ཞིང་། སང་ཉིན་སླེབས་དུས་གནངས་ཉིན་བླུགས་ཆོག་བསམ་ནས་ཉིན་འགྱང་ཞག་འགྱང་དུ་ལུས། དེའི་སྟབས་ཀྱིས་གཅེན་པོས་ཁྱེད་ལ་ཁ་པར་ཞིག་གཏོང་དགོས་བསམ་པ་དེ་ཡང་དེ་ལྟར་འགོར་འགྱང་དུ་ཤོར་སོང་།
   བརྩེ་བའི་གཅུང་མོ་ལགས། བྱས་ཉེས་འདི་དག་ལ་བཟོད་བསྒོམ་གནང་རོགས།  སྐམ་ཞིང་རིད་པའི་ལུས་པོ་འདིས་ཐེག་དཀའ་བའི་ཆག་སྒོ་འདི་མགོ་ཐོག་ཏུ་མ་ལྷུང་བའི་སྔ་རོལ་དུ་གཅུང་མོ་ཁྱེད་རང་ལའང་དེ་ལྟར་ཡོང་གི་རེད་སྙམ་པ་བློ་ཡུལ་ལའང་ཤར་ཡོད་ཀྱི་མ་རེད་ལ། གཅེན་པོའི་སེམས་ལ་ཡང་དེ་ལྟར་ག་ནས་དྲན། ད་དུང་’’ཕྲུ་གུ་སྐྱེ་དུས་ཨ་མ་སྐད་ཐོངས་’’ཞེས་གཅེན་པོས་ཁྱེད་ལ་བསྐུལ་མ་བྱས་པ་ཡིན་ལ། དེ་ནི་གཅེན་པོས་ཁྱེད་ལ་གཅེན་པོའི་ཚུལ་དུ་བསླབ་བྱ་བྱས་པ་ཆེས་མཐའ་མཇུག་དེ་ཡིན་པ་ཡང་ག་ལ་ཤེས།
   འོན་ཀྱང་བྱ་བ་ཐམས་ཅད་བསམ་ས་ནས་མ་ཡོང་མ་བསམ་ས་ནས་ཡོང་བའི་ལས་དབང་འདིས། གཅུང་མོ་ཁྱེད་རང་དེ་ལྟར་ང་ཚོ་དང་ཁ་བྲལ་བ་ཤེས་དུས་གཅེན་པོའི་སེམས་ལ་ཕྲུ་གུའི་ཁོག་མིང་མངགས་པ་དེ་བསྒྲུབ་ཐུབ་མ་སོང་སྙམ་ནས་གནོང་འགྱོད་ཤིན་ཏུ་ཆེ་ལ། ཁྱེད་ཉིད་ཕྲུ་གུ་སྐྱེ་དུས་སུ་’’གཅེན་པོ་ལ་མངགས་པའི་ཕྲུ་གུའི་ཁོག་མིང་དེ་’’འབྱོར་མ་སོང་སྙམ་ནས་བློ་ཕམ་བྱུང་ཡོད་ཤག་རེད། བརྩེ་བའི་གཅུང་མོ་ལགས། གཅེན་པོས་དེ་ལྟར་ལྷོད་ཡངས་སུ་ཤོར་བ་ལ་པུས་མོ་ས་ལ་བཙུགས་ནས་དགོངས་དག་ཞུ་ཡི་ཡོད། ཁྱེད་ཀྱིས་གཅེན་པོར་བཟོད་བསྒོམ་གནང་རོགས།
   ད་ལྟ་ངས་ཁྱེད་ཀྱིས་"ཕྲུ་གུ་སྐྱེ་དུས་ཕྲུ་གུ་བུ་མོ་ཞིག་ཡིན་ཚེ་ཡང་བུ་མོའི་མིང་ཞིག་ཞུ་རོགས"’ཞེས་གད་མོ་ཞིག་དང་བཅས་ཏེ་མངགས་བྱ་བྱས་པའི་མིང་དེ། གཅེན་པོས་༸རྒྱལ་བ་ཡིད་བཞིན་ནོར་བུའི་དྲུང་ནས་ཞུས་ཡོད། མིང་དེ་ཤེས་འདོད་འདུག་གམ། གཅུང་མོ་ལགས། མིང་དེ་བསྟན་འཛིན་ལྷ་སྐྱིད་རེད། གཅུང་མོ་ཁྱེད་རང་གིས་མིང་དེ་གསན་གྱི་འདུག་གམ། གཅེན་པོས་ཁྱེད་རང་མིང་དེར་མགུ་བོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད། གཅུང་མོ་ཁྱེད་རང་དེ་ལྟར་བརྩེ་བའི་ཁྱོ་ག་དང་། བུ་ཕྲུག ཕ་མ་དང་གཅེན་གཅུང་། གཉེན་ཉེ་དུ་ཡོད་ཚད་བསྐྱུར་ནས་དེ་ལྟར་ཁ་བྲལ་དགོས་བྱུང་རུང་། ཐམས་ཅད་སྔོན་ལས་སུ་སོམས་ལ་གཅེན་པོ་ངས་ཀྱང་འདི་ནས་ཁྱེད་ལ་མི་ལུས་བཟང་པོ་ཞིག་ཐོབ་པའི་སྨོན་ལམ་རྒྱག་བཞིན་པ་ཡིན།
   ཁྱེད་ཀྱི་ཤ་ནས་བཅད་པའི་གཅེས་ཕྲུག་གཉིས་ཀར་སེམས་ཁྲལ་བྱེད་མི་དགོས། གང་ཡིན་ཟེར་ན། ཁྱེད་ཀྱི་ཕྲུ་གུ་རྒན་པར། ཁྱེད་ཀྱི་ཁྱོ་ག་སྙམ་ཆུང་ཞིང་འཇོན་ཐང་ལྡན་པ་ཞེས་མི་ཚོས་བསྔགས་བརྗོད་ཞུ་ཡུལ་དེས་ལྟ་སྐྱོང་གང་ལེགས་གནང་གི་ཡོད་པ་མ་ཟད། བསྟན་འཛིན་ལྷ་སྐྱིད་ལ་ཁྱེད་ཀྱི་གཅེན་པོ་དབང་ལྡན་གྱི་ཁྱིམ་ཚང་དང་། གཅེན་པོ་ལྷུན་གྲུབ་ཀྱི་ཁྱིམ་ཚང་། ཨ་ཅག་གི་ཁྱིམ་ཚང་བཅས་ནས་ལྟ་སྐྱོང་གང་ལེགས་བྱེད་བཞིན་པ་རེད། གཅུང་མོ་ཁྱེད་རང་བློ་བདེ་པོ་བྱོས།
ཕ་མ་གཉིས་དང་གཅེན་གཅུང་ཚོས་ཁྱེད་ཀྱི་ཕྲུ་གུར་ལྟ་རྟོག་ཡག་པོ་བྱེད་ཀྱི་མ་རེད་བསམ་པ་གཅུང་མོ་ཁྱེད་ཀྱི་བསམ་པའི་ཡུལ་ལའང་ཡོད་ཀྱི་མ་རེད་ལ། གཅེན་པོ་ལ་དེ་བས་ཀྱང་མེད། ལྷག་པར་དུ་གཅེན་པོས་ཁོ་ཚོར་མངགས་བྱ་ཡང་ཡང་བྱས་ཡིན་ལ། གཅེན་པོས་ཀྱང་འདི་ནས་ཁྱེད་ཀྱི་ཕྲུ་གུར་བསླབ་བྱ་ཞིག་ལས་མ་བྱུང་ཡང་བརྒྱབ་ཆོག།གཅུང་མོ་ཁྱེད་རང་བློ་བདེ་བོ་བྱོས།
   ངས་བརྩེ་བའི་གཅེན་པོ་དང་གཅུང་མོ་ཁྱེད་གཉིས་ལ་འབྲེལ་བ་དམ་ཟབ་བྱེད་རྒྱུར་དེ་ལྟར་ལྷོད་ཡངས་སུ་ཤོར་སོང་བས། དུས་དེ་རིང་ནས་གཅེན་པོས་དཔེ་ཆ་ལྟ་ཀློག་ལས་ཕ་མ་གཅེན་གཅུང་ཚོའི་འབྲེལ་བ་དེ་ཨང་དང་པོར་འཇོག་གི་ཡིན་ལ། ཕ་མ་གཅེན་གཅུང་ཚོར་འབྲེལ་བ་བྱེད་རྒྱུ་དེ་ངས་ཡོད་ཚད་ལས་གལ་ཆེ་བར་བཟུང་གི་ཡིན། ངས་དེ་ལྟར་སྒྱུར་བཅོས་བྱས་པར་གཅེན་གཅུང་ཁྱེད་གཉིས་མགུ་བོ་ཡོང་བ་འདུག་གམ།  
   སྤྱིར་ཆོས་ཀྱི་ཐོག་ནས་བཤད་ན། ཕ་མར་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་པར་འདོད་པས་དགྲ་གཉེན་ཆགས་སྡང་གི་བློ་ལ་ཉེས་དམིགས་སུ་བལྟས་ཏེ་ཀུན་ལ་སྡུག་པའི་བུ་ལ་མ་བཞིན་དུ་ལྟ་དགོས་པ་བསྟན་ཡོད་ཀྱང་། གཅེན་པོ་ངས་གང་ལྟར་ཚེ་འདིའི་ཕ་མ་དང་། གཅེན་གཅུང་ཚོར་སྙིང་ཧ་ཅང་བརྩེ་ལ། སེམས་ཐག་ཧ་ཅང་ཉེ། མ་ཟད་སེམས་ཅན་ཀུན་ལ་སྙིང་ལྷག་པར་བརྩེ་བ་ཞིག་སྐྱེ་བ་ལ། རང་དང་རང་གི་ཉེ་དུ་ཚོར་སྙིང་ལྷག་པར་བརྩེ་བ་ཞིག་སྐྱེ་དགོས་པ་སྔོན་དུ་འགྲོ་དགོས་པ་གཅེན་པོས་འདོད་ཀྱི་ཡོད་ལ། རང་དང་རང་གི་ཉེ་དུར་བརྩེ་བའི་བསམ་པ་ཞིག་མེད་པར་སེམས་ཅན་གཞན་ལ་བརྩེ་བའི་བསམ་པ་ཞིག་སྐྱེ་རྒྱུ་ནི་ཡོང་ཐབས་མེད་པ་ཞིག་ཏུའང་འདོད་ཀྱི་ཡོད།
   དེ་བས་ན་གཅེན་པོ་ངས་ཁྱེད་ཚོར་བཅངས་པའི་བརྩེ་བ་འདི་མི་ལ་ལའི་བསམ་པར། ཆོས་པ་ཞིག་གི་དེ་འདྲའི་ཞེན་ཆགས་ཆེ་བ་ལ་སྙམ་དུ་གཅེན་པོར་འཁང་ར་བྱེད་སྲིད་ཀྱང་། གཅེན་པོ་ངས་ཁྱེད་ཚོར་དེ་ལྟར་བྱས་པ་དེ་ཆོས་ཀྱི་དགོངས་དོན་དང་འགལ་བར་བསམ་གྱི་མེད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཀྱང་གཅེན་པོར་མ་མཉེས་པ་གནང་གི་མ་རེད་བསམ་གྱི་ཡོད། དེའི་སྟབས་ཀྱིས་གཅེན་པོ་ངས་ཕ་མ་དང་གཅེན་གཅུང་གི་བརྩེ་བ་འདི་ཇེ་ཟབ་ཏུ་གཏོང་རྒྱུ་མ་གཏོགས་རྒྱང་རིང་དུ་གཏོང་འདོད་མེད། དེ་བས་ན་གཅུང་མོ་ཁྱེད་རང་བློ་བདེ་བྱོས། གཅེན་པོ་ངས་ང་ཚོ་ཇི་སྲིད་འཁོར་བར་གནས་པ་དེ་སྲིད་དུ་ང་ཚོ་སླར་ཡང་གཅེན་གཅུང་དུ་འགྱུར་བའི་སྨོན་ལམ་རྒྱག་བཞིན་ཡོད། གསོལ་བ་འདེབས་བཞིན་ཡོད།
   བརྩེ་བའི་གཅེན་པོ་ལགས། འདི་དག་ནི་གཅུང་པོ་ངས་གཅུང་མོར་དགོངས་དག་ཞུ་དགོས་པ་དེ་དག་ཡིན་ལ། གཅུང་མོ་ཁྱེད་ཀྱིས་ཀྱང་གཅེན་པོར་བཟོད་བསྒོམ་གནང་རོགས། གང་ལྟར་སྐྱེས་པའི་མཐའ་མ་འཆི་དགོས་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས། གཅེན་གཅུང་ཁྱེད་གཉིས་ཀྱིས་དེ་ལྟར་ཐུགས་ལ་བཞག་ནས་སེམས་སྐྱོ་བ་མ་གནང་རོགས། ཕ་མ་དང་གཅེན་གཅུང་ང་ཚོས་ཀྱང་དེ་ལྟར་སེམས་ལ་ཉར་ནས་ཁྱེད་གཉིས་ལ་མི་ལུས་བཟང་པོ་ཞིག་ཐོབ་ཐུབ་པའི་སྨོན་ལམ་བརྒྱབ་ཆོག བརྩེ་བའི་གཅེན་པོ་དང་། གཅུང་མོ་ལགས། ང་ཚོ་སླར་ཡང་གཅེན་གཅུང་དུ་འགྱུར་བར་ངས་འདི་ནས་དཀོན་མཆོག་ལ་སྨོན་ལམ་རྒྱག་བཞིན་ཡོད། གསོལ་བ་འདེབས་བཞིན་ཡོད། ཐུགས་སེམས་མ་སྐྱོ་རོགས།  བརྩེ་བའི་གཅེན་གཅུང་རྣམ་གཉིས། དེ་ལྟར་བྲལ་དགོས་པ་སྔོན་གྱི་ལས་སུ་བསམ་རོགས།
    བརྩེ་བའི་ཀློག་མཁན་རྣམ་པ་ལགས། འདི་ནི་འུར་ཅུང་ཟད་ཀྱིས་ཀྱང་མ་བསླད་པའི་དྲང་གཏམ་འབའ་ཞིག་ཡིན་པས་ཁྱེད་ཀྱིས་ཟིན་ཐོ་འདི་བཀླགས་རྗེས་ཁྱེད་ཀྱི་ཕ་མ་དང་གཅེན་གཅུང་ཚོར་འབྲེལ་བ་མང་ཙམ་གནང་ནས་མཐའ་མཇུག་གི་གྱེས་ཁའི་དུས་སུ་སླེབས་དུས་ང་བཞིན་འགྱོད་ནས་མ་བཞུགས་རོགས། དགོས་པ་དེའི་ཕྱིར་དུ་ངས་རྩོམ་ཡིག་འདི་སྤེལ་པ་ཡིན་ལ། འདིའི་དམིགས་ཡུལ་ཡང་དེ་ཉིད་རང་ངོ་། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་ཆུའི་ཁྲོད་ཀྱི་ཟིན་ཐོ།

2013-11-01 སྐྱིད་བྱམས་བསྟན་འཛིན་དགའ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།