མར་ཡུལ་ལ་དྭགས་སུ་བསྐྱོད་པའི་ཟིན་ཐོ། ༼ཁག་དང་པོ༽

བན་ལོག༼འབྲུག་ཡུལ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-07

  ལོ་རེར་དབྱར་ཁའི་གུང་གསེང་སྐབས་བདག་གིས་ཁོམ་ལོང་གི་ཆུ་ཚོད་བེད་སྤྱད་ནས་རྒྱ་གར་གྱི་འབྲས་ལྗོངས་དང་ལ་དྭགས། ཁུ་ནུ། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་གྲོང་ཁྱེར་ཁག དེ་མིན་ནང་པའི་གནས་ཆེན་ཁག་དང་། ཧིན་རྡུའི་གནས་ཆེན་ཁག ད་དུང་བལ་ཡུལ་སོགས་སུ་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་གི་ཡོད། རེབ་འདིར་འབྲུག་ཡུལ་ནས་ཀ་ལི་ཀ་ཏ་བརྒྱུད་དེ་གྲོང་ཁྱེར་ལྡི་ལི་རུ་འབྱོར་བ་དང་། དེ་ནས་ཉིན་ཁ་ཤས་བསྡད་རྗེས་མུ་ན་ལིའི་ཆུ་ཚན་ནང་ཉིན་གཉིས་ཙམ་བསྡད་ནས་ལྷག་སྤྲོ་གསེང་ལ་རོལ་པ་ཡིན། དེ་ནས་སྤྱི་ཟླ་དྲུག་པའི་ཚེས་དགུ་ཉིན་གླ་གཏོང་རླངས་འཁོར་ཞིག་གི་ནང་ཕྱི་གླིང་མགོ་སེར་ཁ་ཤས་དང་མཉམ་དུ་མར་ཡུལ་ལ་དྭགས་ཀྱི་ཕྱོགས་སུ་བཞུད་འགོ་བརྩམས་པ་ཡིན།
  མུ་ན་ལི་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་བར་སྤྱི་ལེ་༤༧༥ཙམ་ཡོད་པར་བཤད་ལ། ཞོགས་པའི་ཆུ་ཚོད་༢་༣༠སྟེང་ནས་དགོང་མོའི་ཆུ་ཚོད་༨དང་༩པའི་བར་ལ་དྭགས་སུ་འབྱོར་བར་བཤད་མོད། ང་དང་ཡུལ་སྐོར་གྲོགས་པོ་ཚོས་ལམ་བར་ནས་གནས་ཆེན་ཁག་དང་དགོན་རྙིང་། དེ་མིན་ཡུལ་སྐོར་བའི་ས་གནས་གྲགས་ཆེན་དག་སོང་ནས་ཕྱི་ཉིན་ཉིན་གུང་ཙམ་མ་གཏོགས་གླེ་རུ་སླེབས་མ་ཐུབ། དེ་ལྟར་མུ་ན་ལི་ནས་སྤྱི་ལེ་༥༡ལྷག་བརྒལ་དུས་རོ་ཐང་ལ་ཞེས་པའི་༼མཐོ་ཚད་ལ་མུ་ཁྲེ་༣༩༨༠ཙམ་ཡོད༽ཉག་ཁ་དེར་སླེབས་དུས་ཞོགས་པའི་ཉི་རྩེ་ཤར་མ་ཐག་ཙམ་རེད་འདུག་ལ། ལམ་འགྲམ་གྱི་རྡེའུ་འབུམ་དང་དར་ལྕོག་དག་མཐོང་དུས་ཕ་ཡུལ་དྲན་པའི་ཚོར་སྣང་མི་འདྲ་བ་ཞིག་སླེབས། རོ་ཐང་ལ་དེའི་གཡས་གཡོན་དག་ཁ་བས་གཡོག་འདུག་ལ། འཇིགས་སུ་རུང་བའི་ཀྱག་ཀྱོག་གི་ལམ་ཕྲན་དེ་ནི་གཤིན་རྗེ་འཕྲང་ལམ་དང་གཉིས་སུ་མ་མཆིས།  ལོ་རེར་སྤྱི་ཟླ་བཞི་བ་དང་ལྔ་བའི་ནང་འཕྲུལ་འཁོར་གྱིས་གངས་ལམ་གཤགས་ནས་འགྲུལ་བཞུད་ཀྱི་ལམ་ཁ་བཟོ་དགོས་པར་འདུག། དེ་མིན་དགུན་དུས་དང་དཔྱིད་དུས་སུ་ལ་དྭགས་ལ་འགྲོ་དགོས་ཚེ་སུ་རི་ན་རྒུར་སྐོར་ནས་འགྲོ་བའམ་ཡང་ན་གནམ་གྲུ་ནང་ནས་འགྲོ་དགོས་པ་ལས་གཞན་ཐབས་ཤེས་གང་ཡང་མེད་པར་བཤད།
 
  རོ་ཐང་ནས་སྤྱི་ལེ་༨༠ལྷག་བརྒལ་མཐར་སྐྱིད་སྣང་(Keylong)ཟེར་བའི་ས་དེར་སླེབས་ཤིང། རྫོང་དེའི་མིང་ལ་ག་ཞ་ཟེར། རྫོང་ཁོངས་དེའི་ཤར་ལྷོའི་ཕྱོགས་ཀྱི་བྲག་རི་གནམ་ལ་ཟུག་པ་འདྲ་བའི་ངོས་སུ་རྗེ་རྒོད་ཚང་བ་མགོན་པོ་རྡོ་རྗེའི་སྒྲུབ་ཕུག་འདུག་ལ། ཡང་བྱང་ཤར་གྱི་ཕྱོགས་སུ་གྲུབ་ཆེན་དྲིལ་བུ་བའི་སྒྲུབ་གནས་དྲིལ་བུའི་རི་དང་། རྗེ་རྒོད་ཚང་བའི་དབྱར་ཁའི་སྒྲུབ་གནས་སོགས་འདུག ཡང་རྫོང་གི་ལྷོ་ནུབ་ཀྱི་རི་ངོས་སུ་སྟག་ཚང་རས་པ་ངག་དབང་རྒྱ་མཚོས༼སྤྱི་ལོ་༡༥༧༤༽་ཕྱག་བཏབ་པའི་ཞ་ཞུར་དགོན་པའམ་མཁའ་འགྲོའི་ཤུགས་གླིང་འདུག།  
 
   ཞ་ཞུར་དགོན་པ།
   ག་ཞ་ནས་ལམ་ལ་ཆས་ཏེ་རྫོང་ཁག་ཁ་ཤས་བརྒྱུད་དགོས་བྱུང་བ་དང་། ལམ་བར་ནས་གཡང་གཟར་དང་གྲོག་རོང་སོགས་འཇིགས་སུ་རུང་བའི་ཀྱག་ཀྱོག་གི་ལམ་བར་མང་པོ་བརྒྱུད་དགོས་བྱུང་བས་སེམས་སུ་འཇིགས་དངངས་ཆེན་པོ་ཞིག་ངང་གིས་སྐྱེས་འོང་། ། མཚམས་རེར་རླངས་འཁོར་གྱི་གཞུང་ལམ་དྲང་ཞིང་བདེ་ལ་ལམ་བར་ནས་བརྗིད་ཆགས་པའི་གངས་རི་དང་བྲག་རི།  སྔོ་ཞིང་དྭངས་པའི་ནམ་མཁའ་དང་གཙང་བོ། ལྷུང་ལྷུང་འབབ་པའི་རྦབ་ཆུ། བརྗེད་དཀའ་བའི་ཤིང་ལྕགས་ཀྱི་ཟམ་པ་ཆེ་ཆུང་སོགས་མིག་ལམ་དུ་ཝ་རེར་མངོན་བྱུང་།
  དེ་ནས་ས་རུབ་ཁར་སྤང༼ Pang ༽ཞེས་པའི་ས་ཆ་དེར་འབྱོར་བ་དང་། དེ་རུ་ཡུལ་སྐོར་བ་ཚོར་ཆེད་དུ་གཉེར་བའི་རས་གུར་དང་ལྕགས་ཁང་ཆེ་ཆུང་འདྲ་མིན་གྱི་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་སོགས་མང་ལ། ས་གནས་དེའི་ཡུལ་མི་ཚོས་མགྲོན་པོ་སྒུག་ནས་བསྡད་འདུག དགོང་མོ་དེར་དེ་ནས་ཞག་སྡོད་བྱས་པ་ཡིན།
  ཕྱི་ཉིན་ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ལ་ས་དེ་ནས་ལམ་ལ་ཆས་ཏེ་ཐང་ཆེན་པོ་རྐྱང་སྐྱིད་ཐང་གཤགས་ནས་སོང་། ལམ་འགྲམ་གྱི་རི་ཁུགས་དག་ན་འབྲོག་པའི་ནོར་ཁྱུ་རྣམས་སོས་དལ་བག་ཡངས་ངང་བསྡད་འདུག་ལ། ཆོན་ཐགས་ཀྱིས་ཕྱོགས་བཞིར་བརྐྱངས་བའི་སྦྲ་ནག་རྣམས་དུད་སྨུག་གི་ཀློང་རིམ་ནས་སུ་ཞིག་ལ་བསུ་བ་བྱེད་བཞིན་པ་འདྲ། སྐབས་དེར་ངས་ཕ་ཡུལ་གྱི་འབྲོག་པའི་འཚོ་བ་དེ་དྲན་ནས་སེམས་སུ་སྨྲ་མི་ཤེས་པའི་དགའ་སྤྲོ་ཚད་མེད་སྐྱེས། དེ་ནས་སོང་སོང་མཐར་ཉིན་གུང་ཙམ་ལ་དྭགས་ཀྱི་གནའ་བའི་གྲོང་ཁྱེར་རྒྱལ་ས་གླེ་རུ་སླེབས་སོང་།
 
   ལ་དྭགས་ཀྱི་གནའ་བའི་གྲོང་ཁྱེར་རྒྱལ་ས་གླེ།
ལ་དྭགས་གྲོང་ཁྱེར་གླེ་རུ་སླེབས་ནས་དགོང་མོར་ཞག་སྡོད་བྱས་པ་དང་། ཕྱི་ཉིན་ཞོགས་པ་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་དེ་ནས་སྤྱི་ལེ་གསུམ་ཙམ་ལས་མེད་པའི་རི་རྩེ་ཡི་གཙང་དཀར་ཟེར་བའི་དགོན་པ་ཆུང་ཆུང་ཞིག་འདུག་པ་དེར་རྐང་ཐང་ལ་སོང་བ་ཡིན། དེ་རུ་གྲྭ་བ་བཅུ་གྲངས་ཤིག་མ་གཏོགས་མི་འདུག གྲུབ་མཐའ་དགེ་ལུགས་པ་རེད། དགོན་པའི་སྐོར་མཐའ་ནས་གླེ་གྲོང་ཁྱེར་ལ་རྒྱང་ལྟ་ཡིད་ཚིམས་པ་ཞིག་བྱས་རྗེས་ག་ལེར་མར་བབས་པ་ཡིན།
 
   ཟངས་དཀར་དགོན་པ།
   དེ་ནས་གླ་གཏོང་རླངས་འཁོར་ཆུང་བ་ཞིག་གི་ནང་ཕྱི་གླིང་གྲོགས་པོ་མགོ་སེར་ཁ་ཤས་དང་མཉམ་དུ་གླེ་ནས་ཕྱིར་མུ་ན་ལི་ནས་ཡོང་སའི་ལམ་བར་སྤྱི་ལེ་༤༥ཙམ་ཡོད་པའི་ཧེ་མི་དགོན་པ་སོང་བ་ཡིན། དགོན་པ་དེ་ནི་སྤྱི་ལོ་༡༦༧༢ལོར་ལ་དྭགས་རྒྱལ་བོ་སངས་རྒྱས་རྣམ་རྒྱལ་གྱི་རིང་ལ་བཞེངས་པར་གྲགས། གྲུབ་མཐའ་འབྲུག་པ་བཀའ་བརྒྱུད་དང་དགོན་བདག་རྒྱལ་བ་འབྲུག་པ་མཆོག་རེད། དགོན་པ་འདི་ནི་ལ་དྭགས་ཁུལ་གྱི་དགོན་སྡེ་ཆེ་ཤོས་གྲས་ཡིན། འདིར་རྟེན་རྙིང་དང་གནའ་ཐང་སོགས་ཧ་ཅང་མང་ལ། དུས་རབས་བཅུ་བདུན་ནང་བཞེངས་པའི་ཐང་ག་ཆེན་པོ་ཞིག་ཀྱང་ཡོད་པར་གྲགས་མོད་མཇལ་སྐལ་ཐོབ་མ་བྱུང་། དེ་མིན་ལྷ་ཁང་དང་འདུ་ཁང་། དཔེ་མཛོད་ཁང་སོགས་མང་བ་མ་ཟད། དགོན་པ་འདིའི་གར་འཆམ་ལ་ས་འདིར་སྐད་གྲགས་ཆེན་པོ་འདུག དེ་ཚོ་རེ་རེ་བཞིན་མཆོད་མཇལ་བྱས་ཚར་རྗེས་ཕྱིར་ལམ་ལ་ཆས་པ་ཡིན།
 
   ཧེ་མི་དགོན་པ།
   ལམ་བར་ནས་ཤར་ཕྱོགས་སུ་འཆམ་རི་དགོན་པ་ཟེར་བ་ཞིག་ཡོད་པ་དེར་སོང་བ་ཡིན། དེ་ནི་ལ་དྭགས་གླེ་ནས་བརྩིས་ན་ཤར་ཕྱོགས་སུ་སྤྱི་ལེ་༤༠ཙམ་གྱི་མཚམས་ན་ཡོད། སྤྱི་ལོ་༡༦༦༤ལོར་ལ་དྭགས་རྒྱལ་བོ་སངས་རྒྱས་རྒྱལ་མཚན་གྱིས་སྦྱིན་བདག་བྱས་ནས་བླ་མ་སྟག་ཚང་རིན་ཆེན་གྱིས་བཞེངས་པར་གྲགས། དགོན་པ་དེ་རི་འབུར་ཆུང་ཆུང་ཞིག་གི་སྟེང་ཆགས་ཡོད་པ་དང་། མདུན་ངོས་སུ་སྔོ་ལྗང་གི་ས་ཞིང་དང་ཀེ་ཚེ་མེ་ཏོག་སེར་ལམ་མེར་བཞད་འདུག་པ་མཐོང་ཚེ་ཕ་ཡུལ་ལ་སླེབས་པ་ལྟ་བུ་ཚོར་བ་ཞིག་སྐྱེས་འོང་ངོ་།
 
   འཆམ་རི་དགོན་པ།
  དེ་ནས་ཕར་ཕྱོགས་སུ་སྤྱི་ལེ་བདུན་ཙམ་གྱི་སར་བྲག་ཐོག་དགོན་པ་ཟེར་བ་ཞིག་འདུག དེ་ནི་དུས་རབས་བཅུ་དྲུག་པའི་དཀྱིལ་ཙམ་ལ་ཚེ་དབང་རྣམ་རྒྱལ་མཆོག་གིས་བཞེངས་པར་གྲགས། གྲུབ་མཐའ་རྙིང་མ་བ་རེད་འདུག དགོན་པའི་ནང་གི་དཀོར་གཉེར་གྱིས་བཤད་ན་སྤྱི་ལོ་༡༩༨༠ལོར་ཡང་བསྐྱར་འདུ་ཁང་འདི་གསར་ཏུ་བཞེངས་པར་བཤད།
 
   བྲག་ཐོག་དགོན་པ།
  དེ་ནས་ཕྱིར་འཁོར་ཏེ་གླེ་ཡི་ཕྱོགས་སུ་བསྐྱོད་པ་དང་། ལམ་བར་ནས་རྐ་རུའུ་ཞེས་པའི་གྲོང་གསེབ་ནས་དྲོས་ཇ་འཐུང་སྟེ་ངལ་གསོ་ཅུང་ཙམ་བྱས་པ་ཡིན། དེ་ནས་སྟག་སྣ་དགོན་པ་ཟེར་བ་ཞིག་ཡོད་པར་དེ་མཆིས་པ་ཡིན། དེ་ནི་ལ་དྭགས་གླེ་ནས་བརྩིས་ནས་སྤྱི་ལེ་༢༥ཙམ་གྱི་མཚམས་ན་ཡོད། དུས་རབས་བཅུ་དྲུག་པའི་མཇུག་ཙམ་ལ་ཆོས་རྗེ་འཇམ་དབྱངས་པད་དཀར་གྱིས་བཞེངས་པར་གྲགས། དགོན་པའི་འདབས་རོལ་ལ་མཆོད་རྟེན་ཆུང་ཆུང་མང་པོ་འདུག
 
  སྟག་སྣ་དགོན་པ།
   དེ་ནས་མལ་གྲོ་འམ་རྨ་ཐོག་དགོན་པའི་ནང་ལ་ལྟ་སྐོར་རུ་སོང་བ་ཡིན། དགོན་པ་དེ་ནི་ལ་དྭགས་གླེ་ནས་བརྩིས་ན་སྤྱི་ལེ་༢༦ཙམ་གྱི་མཚམས་སུ་ཆགས་འདུག སྤྱི་ལོ་༡༤༡༨ལོར་བླ་མ་འབྲུག་པ་རྡོ་རྗེ་མཆོག་གིས་ཕྱག་འདེབས་མཛད་ལ། གྲུབ་མཐའ་ནི་ས་སྐྱ་རྙིང་མ་བ་རེད་འདུག འདི་ནི་ལ་དྭགས་ཕྱོགས་ཀྱི་ས་སྐྱ་བའི་དགོན་པ་གཅིག་པོ་དེ་ཡིན་པར་བཤད། དགོན་པ་དེར་ལོ་ངོ་དྲུག་བརྒྱ་ལྷག་འགོར་བའི་ཐང་རྙིང་ཤིན་ཏུ་མང་། དགོན་པ་དེ་ཡང་རི་འབུར་ཆེན་པོ་ཞིག་སྒང་ན་ཆགས་ཡོད་ལ། ཐང་ཆེན་གྱི་གཡས་གཡོན་ཚང་མ་སྔོ་ལྗང་གི་སྡོང་བོ་ཡིས་བཀང་ཡོད་སྟབས་མར་བལྟས་ཚེ་སྔར་མེད་ཀྱི་དུངས་པ་ཁྱད་པར་བ་ཞིག་སྐྱེས་ཡོང་གི་འདུག
 
   རྨ་ཐོག་དགོན་པ།
   དེ་ནས་ཕྱིར་གླེ་ཡི་ལམ་བར་ནས་ཁྲིག་རྩེ་དགོན་པར་སོང་བ་ཡིན། དགོན་པ་དེ་ནི་རྒྱང་ནས་བལྟས་ཚེ་རྒྱལ་ས་ལྷ་སའི་པོ་ཏ་ལའི་བཟོ་དབྱིབས་དང་གཅིག་ཏུ་མཚུངས་ལ། གླེ་ནས་བརྩིས་ནས་སྤྱི་ལེ་༡༥ལྷག་གི་མཚམས་སུ་འདུག དུས་རབས་བཅོ་ལྔ་བའི་དཀྱིལ་ཙམ་ལ་བྱང་སེམས་ཤེས་རབ་བཟང་པོའི་དཔོན་པོ་དཔལ་ལྡན་ཤེས་རབ་ཀྱིས་བཏབ་པར་བཤད། གྲུབ་མཐའ་ནི་རི་བོ་དགེ་ལུགས་པ་རེད་འདུག དེར་སླེབས་དུས་ཕལ་ཆེར་ཉི་མ་ནུབ་ལ་ཉེ་འདུག  དེ་ནས་གནའ་བའི་མཁར་གྱང་དང་རྡོ་མཁར། གཙུག་ལག་ཁང་ཤུལ་རོ་སོགས་པར་ལ་འགའ་བརྒྱབ་ནས་མགྱོགས་མྱུར་ངང་ཕྱིར་ལམ་དུ་ཆས་པ་ཡིན།
 
   ཁྲིག་རྩེ་དགོན་པ།
   ཁྲིག་རྩེ་དགོན་པ་ནས་སྤྱི་ལེ་༤ཙམ་གྱི་སར་ཞེ་དགོན་པ་ཟེར་བ་ཞིག་འདུག དེ་ནི་ལ་དྭགས་གླེ་ནས་བརྩིས་ན་ལྷོ་ཕྱོགས་སུ་སྤྱི་ལེ་༡༥ཙམ་གྱི་མཚམས་ན་འདུག སྤྱི་ལོ་༡༦༥༥ལོར་ལ་དྭགས་རྒྱལ་བོ་དགྲ་འདུལ་རྣམ་རྒྱལ་གྱི་རིང་བཞེངས་པར་གྲགས། ། དགོན་པ་འདིར་སྟོན་པའི་སྐུ་བརྙན་མཐོ་ཚད་ལ་རྨི་ཁྲི་༡༢ཅན་ཞིག་འདུག དགོན་མཐའ་ན་གནའ་བའི་མཁར་གྱང་ཞིག་རོ་དང་མཆོད་རྟེན་ཆེ་ཆུང་མང་པོ་དཀར་ལམ་མེར་གང་སར་ཁྱབ་འདུག་མོད། ས་རུབ་ལ་ཉེ་འདུག་པས་རེ་རེ་བཞིན་རྒྱུས་ལོན་དང་ཞིབ་འཇུག་བྱ་རྒྱུའི་གོ་སྐབས་མི་འདུག དེ་བས་མྱུར་དུ་ཕྱིར་གླེ་ཡི་ཕྱོགས་སུ་དགའ་ལྷང་ལྷང་གིས་བསྐྱོད་པ་ཡིན། ༼མ་ཚར༽
 
   ཞེ་དགོན་པ།

  ༼གསལ་བཤད་༽ལ་དྭགས་ཁུལ་ལ་དགོན་པ་ཕལ་ཆེར་ལྔ་བཅུ་ལྷག་ཙམ་ཡོད་པ་དང་དེ་དག་གི་མིང་ཁ་ཤས་ཏག་ཏག་ཅིག་མ་ངེས་སྟབས་དགོན་མིང་ཁ་ཤས་ཤིག་ལ་ནོར་འཁྲུལ་བྱུང་ཡོད་སྲིད་པས་དགོངས་འགལ་མེད་པར་ཞུ། དཔེར་ན་རྨ་ཐོག་ ༼matho༽ གམ་མལ་ཀྲོ་དགོན་པ་ཡི་མིང་ངོ་མ་དེ་ཡིན་མིན་དོགས་པ་འདུག དགོན་པའི་གྲྭ་བ་ཞིག་ལ་དྲིས་མོད་རྨ་ཐོ་དགོན་པ་ཟེར་བ་ལས་རྒྱུ་མཚན་སོགས་གསལ་བོ་ཤེས་མི་འདུག
   
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མར་ཡུལ་ལ་དྭགས་སུ་བསྐྱོད་པའི་ཟིན་ཐོ། ༼ཁག་དང་པོ༽

2013-09-07 བན་ལོག༼འབྲུག་ཡུལ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།