ནུབ་བྱང་ནས་དྲན་གྱིན་པའི་གྲོགས་པོ་འགའ།

      རྩོམ་ཡིག་འདི་ནི་རང་གིས་གྲོགས་འདི་དག་དྲན་པའི་རིན་དོན་དུ་སྦྱར་བ་ཡིན་པས་འདི་ལ་རིན་ཐང་ཞིག་གི་གོང་ཐང་གིས་དཔྱད་ན་མི་འཕྲོད་པར་སེམས།
                                                                                                         
                                          མགར་དམག་དྲན་ཀི
   དུས་ཚོད་གང་རུང་ཞིག་གི་བར་གསེང་ནས་ཁྱེད་ཀྱིས་བདག་ལ་ཉམས་འཇོག་བྱས་པ་དང་བདག་གིས་ཀྱང་ཁྱེད་ཉིད་ཀྱི་ཡ་མ་བརླའི་འགྲོ་འདུག་སྤྱོད་སྟངས་ལ་ཉམས་འཇོག་བྱས་པའི་ལོ་རྒྱུས་ཀྱི་དབུ་འཁྱུད་ཅིག་ཡོད་པ་དེ་སྔའི་ཁ་བརྡ་ཞིག་ལས་ཁ་ངོ་འཕྲོད་པོ་བྱུང་།
   དུས་ཚོད་དེར།ང་རང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཟུར་ཞུགས་ཀྱི་སློབ་མ་ཞིག་ཡིན་ལ།སློབ་གྲྭའི་ཁོར་ཡུག་དང་ཆ་རྒྱུས་མངའ་བ་མེད་ཅིང་།ས་ལན་གྲུ་གྲོང་ཁྱེར་གྱི་ཁོར་ཡུག་ལ་དེ་བས་རྒྱུས་མངའ་མེད་པས།དུས་རྒྱུན་དཔེ་མཛོད་ཁང་གཅིག་པུ་ལས་ཉི་མ་གཏོང་ཐབས་ཀྱི་ལས་སུ་ཞུགས་རིང་།བདག་གིས་དུས་ཀུན་དཔེ་མཛོད་ཁང་གི་ཟུར་གང་རུང་ནས་ཁྱེད་ཀྱི་གྲིབ་གཟུགས་མཐོང་མྱོང་བས།རིམ་བཞིན་བདག་གིས་ཁྱེད་ཉིད་ཡང་གསར་བུ་དཔེ་ཆར་ལྟ་མཁན་ཞིག་ཡིན་པ་རྟོགས་སོང་མོད།ཕར་ཚུལ་ལ་རྒྱུས་མངའ་མེད་པས་རྒྱུ་རྐྱེན་གང་རུང་ཞིག་གིས་ཁ་བརྡ་གློད་པའི་དུས་ཚོད་མ་བྱུང་བར།སྐབས་རེར་བདག་ལ་འཇམ་ཅག་གེར་ཕངས་སེམས་རེའང་སྐྱེས་མྱོང་།ཏག་ཏག་ངོ་ཤེས་དུས་ནི།སྐབས་དང་པོའི་ན་གཞོན་གླེང་སྟེགས་ཀྱི་བགྲོ་གླེང་སྟེང་ཡིན་ཅིང་།དེ་ནས་བཟུང་བདག་གིས་ཁྱེད་ཉིད་ལ་ཉམས་འཇོག་བྱས་པའི་གསང་མིག་གང་ཞིག་གི་གསང་ཚིག་རྙེད་སོང་བ་ལྟ་བུའི་སྣང་བ་ཞིག་གིས་སེམས་པ་ཚིམ་པ་གང་རུང་གིས་སྤྲོ་བའི་བརྟས་བྱུང་།རྒོང་དྲོ་གནའ་བོའི་ཇ་རྟའི་ཤིང་ལམ་ཞེས་པའི་ཆང་ཁང་དམར་ལྡིང་དེའི་སྤྱོད་ཁང་ལས།འུ་གཉིས་ཀྱིས་ཁ་སེམས་མཐོང་བའི་ཁ་བརྡ་ཡིད་མགུ་མ་ཞིག་བྱས་པ་ཡིན།   དེའི་གཞུག་གི་དུས་ཚོད་ཀྱི་རྒྱུད་རིམ་དུ་ཁྱེད་ཀྱིས་དུས་རྒྱུན་རང་ཉིད་ཁེར་རྐྱང་ཡིན་རབས་དང་།ཁེར་རྐྱང་ནི་སྡུག་བསྔལ་ཞིག་ཡིན་པ།སྡུག་བསྔལ་དེས་ཁོ་བོ་ནམ་རྒྱུན་སུན་པོ་བཟོ་གིན་ཡོད་པ་ཁ་ཞེ་གཉིས་མེད་ཀྱིས་གླེང་གྱི་ཡོད།རྒྱུ་མཚན་ཅི་ཞིག་གིས་རྐྱེན་པ་ཅི་ཆ་མོད།ཁྱེད་ཉིད་དུས་ཀུན་ཆང་རག་སྤྱོད་པར་ཅུང་དགའ་བོ་ཡོད་ཅིང་།ཆང་རག་གིས་ར་རོར་གྱུར་རྗེས།སྐབས་རེར།རང་ཉིད་ཀྱི་བརྩམས་ཆོས་རེ་འགའ་བདགལ་གྱེར་འདོན་དང་ངོམས་སོ་བྱེད་སྲིད་ཅིང་།ལན་རེར་བདག་གི་སྙན་ངག་དག་ལས་སྐྱོན་གང་རུང་ཞིག་གི་གནད་དོན་བསེད་པ་དང་།རང་ཉིད་ཀྱི་བཀླགས་ཚོར་ལྷུག་གེར་བརྗོད་མཁན་ཞིག་ཀྱང་ཡིན་པས།བདག་གིས་ཁྱེད་ཉིད་དེ།སྒྱུ་རྩལ་གྱི་ཆེད་དུ་དྲང་གཏམ་སྨྲ་བ་དང་།སྒྱུ་རྩལ་གྱི་ཆེད་དུ་ངོ་སྐལ་སྟེར་མི་སྲིད་པའི་མི་དེའི་རིགས་ཡིན་པ་རྟོགས་ཡོད། མ་གཞི་འུ་ཅག་ལ་མཁོ་བ་དེའང་མི་ཁྱེད་ཀྱི་རིགས་ཡིན་པ་རྟོགས་སོང་།དེ་རིང་བདག་གིས་ཁྱེད་ཉིད་དྲན་གྱིན་ཡོད།

                                           སྲིན་པོ་དྲན་ཀི
   ཁྱེད་དང་མི་གསུམ་གྱི་མཉམ་དུ་བརྩམས་པའི་སྙན་ངག་དེབ་འོད་ཀྱི་ཆག་རོ་བདག་གིས་བཀླགས་མྱོང་།བཀླགས་ནས་ཀྱང་ཁྱེད་ཀྱི་སྙན་ངག་རེ་འགའི་བདག་གི་དང་བའི་ཡི་ག་དྲངས་མྱོང་།གཞུག་ཏུ་ཉིད་ཀྱིས་ཐེ་ཀོར་ཀྱི་སྙན་ངག་བོད་འགྱུར་མ་འགའ་ཞིག་མཆོད་མེ་བོད་ཀྱི་རྩོམ་རིག་དྲྭ་བ་བརྒྱུད་ནས་ཀློག་པའི་གླེགས་རྙེད་སོང་སྟབས།ཉིད་ཀྱི་བསྒྱུར་རྩོམ་དག་ལའང་ང་རང་ཞེ་དྲགས་དགའ་བོ་བྱུང་སོང་།མདོར་ན།ང་རང་ཁྱེད་ཀྱི་བསླུ་བྲིད་གང་ཞིག་གིས་ཉིད་ལ་སྔ་མོ་ནས་དགའ་བོ་བྱུང་ཡོད།ལོ་ཟླའི་འགྱུར་ལྡོག་ནི་སྐད་ཅིག་ཏུའང་ཚོད་བགམ་བྱེད་མི་ཐུབ་པའི་སྒྱུ་འཕྲུལ་ལྟ་བུ་ཞིག་སྟེ།རྒྱུ་རྐྱེན་གང་ཞིག་གི་དབང་གིས་ང་རང་ཡང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མའི་མིང་རྟགས་འཛིན་པའི་འཛིན་གྲྭ་ཞིག་ཏུ་ཐོ་འགོད་བྱེད་ཐུབ་རྐྱེན།གཞི་ནས་ཁྱེད་དང་ངོ་ཤེས་པའི་སྐལ་བའི་མཐུན་རྐྱེན་ཡང་འཛོམས་སོང་བ་རེད་དེ།དེ་ནི་སྟོན་ཟླ་དགུ་བའི་བསིལ་རླུང་ཁད་ཀྱིས་ལྡང་བའི་ཉིན་གུང་ཞིག་ཡིན་པར་སྣང་།ངེད་གཉིས་སློབ་གྲྭའི་དཔེ་མཛོད་ཁང་གི་སྒོ་ཟུར་ཞིག་ནས་ངོ་འཕྲད་ཅིང་།ཁ་བརྡ་ཅི་ཞིག་ནས་མགོ་བརྩམས་པ་བརྗེད་ངེས་ཀྱི་རྐུན་པོས་འཁྱེར་སྲིད་པས་ད་ལྟ་དྲན་པ་མི་སོས་མོད།བདག་གིས་རང་ཉིད་ཀྱི་ཉེ་ཆར་བརྩམས་གྲུབ་བྱུང་བའི་སྙན་ངག་འགའ་ཁྱེད་ལ་བསྟན་པ་དྲན་གྱིན་འདུག།ཉིད་ཀྱིས་ལན་གང་ཡང་མི་བཟློག་པར་ཁྱེད་ཀྱིས་དྲྭ་རྩོམ་སྤེལ་གྱིན་ཡོད་དམ་ཟེར།
 སྐབས་དེར་ང་རང་ནི་དམའ་འབྲིང་མཐར་ཕྱིན་ཏེ་སློབ་ཆེན་དུ་ཐད་ཞུགས་བྱས་པའི་སློབ་མ་ཞིག་ཡིན་པའི་ངོས་ཐད་ནས་དྲྭ་རྩོམ་སྤེལ་བའི་ལག་རྩལ་ལྟ་བུ་ཅི་ཡང་མི་མངའ་མོད།བདག་གིས་ཀྱང་རང་ཉིད་ཀྱིས་དྲྭ་རྩོམ་སྤེལ་གྱིན་མེད་པའི་པའི་རྣམ་འགྱུར་གྱིས་མགོ་བོ་ཀུད་ཀུད་བྱས་པ་ཡིན།དེའི་གཞུག་གི་དུས་ཚོད་ཀྱི་བརྒྱུད་རིམ་དུ།ངེད་གཉིས་ཕར་ཚུན་རིམ་གྱིས་ངོ་ཤེས་སུ་གྱུར་ཅིང་།ངོ་ཤེས་པ་ལས་ཀྱང་འདང་ཆེན་དུ་གྱུར་བའི་གོ་རིམ་ཞིག་རེད་འདུག།
ནུབ་བྱང་ནས་ཕལ་ཆེར་བདག་གིས་ཁྱེད་ཀྱི་སྙན་ངག་ཀློག་ཐེངས་ཆེས་མང་བ་ཡིན་གྱི་རེད།ཆང་གིས་ར་རོ་གྱུར་བའི་ཉི་མ་ཞིག་ཏུ།ཁྱེད་ཀྱིས་རང་ཉིད་ཐེ་བའི་འཇིག་རྟེན་འདི་ནི་ཞེ་མེར་སའི་སྐྱག་རྫིང་ཞིག་རེད་ཟེར།དེའི་གཞུག་ཏུ།བདག་གིས་དུས་ཀུན་ཁྱེད་ཀྱི་སྙན་ངག་ལས་སྐྱོ་གར་གྱི་ཆ་ཤས་ཤིག་མཐོང་གྱིན་འདུག།སྣང་ཚོད་ཅིག་ཏུ་ཁྱེད་ཉིད་དུས་ཀུན་བསམ་གཞིགས་ཇི་སྙེད་ཅིག་གིས་དྲ་བར་ཚུད་ནས་ནམ་ཡང་གཏོང་གི་མེད་པའི་རྣམ་འགྱུར་ཞིག་ནི་ཁྱེད་ལ་འགྲོགས་པའི་ལོ་ཟླའི་བར་གསེང་ནས་བདག་གིས་རྟོགས་སོང་བ་འདྲ།
    ཁྱེད་ཉིད་འགྲོ་ཁ་མའི་མཚན་མོ་ཞིག་ཏུ་བདག་ལ་བདེ་མོ་ཞུས་ཤིང་།ང་ཚོས་རང་ཉིད་ཀྱི་ཡིག་འབྲུ་གཅིག་ལའང་རང་གིས་འགན་ལྕོགས་ཐུབ་ཅེས་པའི་དཔའ་སྐད་དེས་ཟིལ་ཤུགས་ཀྱིས་ང་རང་ཁྱེད་ལ་གཏན་དུ་དགའ་བར་གྱུར།དེ་རིང་བདག་གིས་ཁྱེད་ཉིད་དྲན་ཀི

                                            ཞོགས་དྲིལ་དྲན་ཀི
   ཁྱེད་ཉིད་ངོ་ཤེས་པའི་དུས་ཀྱང་གྲོགས་པོ་གོང་མ་དག་དང་འདྲ་བར།སྐབས་དང་བོའི་ན་གཞོན་གླེང་སྟེགས་ཀྱི་བགྲོ་གླེང་སྟེང་ནས་ངོ་ཤེས་སུ་གྱུར་བ་ཡིན་ཅིང་།ཞོགས་དྲིལ་ཟེར་བའི་གསར་བའི་དེས་ངག་འཁྲོལ་བ་ཐོག་དང་པོར་གོ་བ་ཡིན།[ཕྱིར་རྟོགས་ཁྲོད་ཀྱི་ནུབ་བྱང་གི་སྙིང་སྟོབས་གླེང་བ]ཞེས་པའི་གཏམ་གླེང་དེའི་ཁྲོད་དུ།བདག་གིས་ནུབ་བྱང་ན་དགེ་རྒན་བདུད་ལྷ་རྒྱལ་ཕུད་པའི་སྙིང་སྟོབས་ཤིག་མེད་རབས་ཀྱི་གཏམ་གླེང་ཞིག་བཟོས་པར་ཉིད་ཀྱིས་ཁ་རུབ་ཁ་རྡུང་སྒོས་ནུབ་བྱང་ཚང་གི་སྙིང་སྟོབས་ནི་ནུབ་བྱང་གི་སློབ་མ་རེ་རེ་དང་ན་གཞོན་རེ་རེའི་ངར་བའི་སྟོབས་ཀྱིས་བཞེངས་བའི་གཟི་བརྗིད་ཅིག་ལས།མི་གཅིག་དང་གཉིས་ཀྱི་སྟེང་ནས་གླེང་རི་བ་ཞིག་མིན་པའི་ཐད་ཁ་ཐད་སོའི་སྐད་ཆ་ཞིག་བཤད་པས།གཅིག་ནས་ཁྱེད་ཀྱི་ང་རྒྱལ་དང་།གཉིས་ནས་ཁྱེད་ཀྱི་སྤོབས་པ་ཞིག་ཀྱང་བདག་གིས་མངོན་ལྐོག་གང་རུང་ནས་གསལ་ལེར་རྟོགས་སོང་བས་ཡིན་ནམ།གང་ལྟར་དགའ་ཕྱོགས་གཅིག་པ་དང་།ན་ཟུག་གཅིག་པ་གང་རུང་ཞིག་གིས་རྐྱེན་པའང་ཡིན་སྲིད་མོད།ང་རང་ཁྱེད་དང་ཉེ་བར་བཅར་འདོད་པའི་ཀུན་སློང་གང་ཞིག་གིས་སྦྱར་དེ།ཉིད་དང་འབྲེལ་བ་འཛུགས་འདོད་པའི་རྒྱུ་རྐྱེན་གང་རུང་གི་ལས་སྐལ་དུ་ཞིག་ཨེ་རེག་ལ་འཕྲེང་མྱོང་།ཉི་མ་དེའི་ཕྱི་ཉིན་ངེད་གཉིས་ཆང་ཁ་ཞིག་ནས་ལྷན་འཛོམས་སྟབས་བདེ་ཞིག་བྱས་ཤིང་།ཕ་ཚུན་རྒྱུས་ལོན་གྱི་སྐད་ཆའང་ཆང་གིས་མ་བུར་བའི་སྒོ་ནས་ལྷོད་ལྷོད་དུ་གློད་པ་ཡིན། དེའི་གཞུག་གི་དུས་ཚོད་ཀྱི་རྒྱུད་རིམ་དག་ཏུ་ཕན་ཚུན་ཆ་ཡོད་ནས་རྒྱུས་ཡོད་དང་རྒྱུས་ཡོད་ནས་འདང་ཅན་དུ་གྱུར་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་ཞིག་བྲི་མགོ་བརྩམས་པ་རེད་དེ།འགྲོགས་ཡུན་དེ་འདྲ་མི་རིང་ཡང་།ཁོམ་གླེགས་ཀྱི་སྐབས་སུ་གང་འཚམས་ཀྱི་སྐད་ཆ་རེའི་ཕན་ཚུན་ལ་ཁ་བརྡ་ཞུས་པ་ཡིན་ཅིང་།ཉིད་ཀྱིས་ཞིབ་འཇུག་བྱས་ན་འདོད་ཀྱིན་པའི་གནད་དོན་ཞིག་ཡོད་རབས་བཤད་པ་དེས་ང་རང་ཁྱེད་ཉིད་ལ་ལྷག་ཏུ་དགའ་བར་གྱུར་སོང་།
   གང་ལྟར་ཁོར་ཡུག་འདི་ཁྱེད་ལ་འཚམས་པོ་མེད་པ་བདག་གིས་སྔ་མོ་ནས་ངེས་ཤེས་འདྲོངས་ཡོད།རྒྱུ་མཚན་ཁྱེད་ཉིད་ནི་དུས་ཀུན་ལྐོག་གྱུར་མ་ཡིན་པའི་གནད་དོན་དག་དམར་རྗེན་དུ་འཆད་པར་དགའ་བའི་མི་ཞིག་ཡིན་པས་སོ།གང་ལྟར།དེ་རིང་བདག་གིས་ཁྱེད་ཉིད་ལྷག་ཏུ་དྲན།རྒྱུ་མཚན།བདག་གི་ད་ལྟའི་སྡོད་ཤག་ནི་ཉིད་ཀྱི་སྡོད་ཤག་དེ་ཡིན་པས་གཏམ་རྒྱུད་ཀྱི་མཁའ་དབུགས་ཀྱིས་ཁྱབ་འདུག
                                          ཚྭ་དྲན་ཀི
   མི་མིང་དག་ཅིག་གིས་ཁྱེད་ཉིད་ལ་ན་གཞོན་སྙན་ངག་ཚྭ་ཞེས་འབོད་ཀྱི་འདུག་ཅིང་།དོན་དུའང་དེ་ལྟར་ཡིན་སྲིད།ཁྱེད་ཉིད་སྙན་ངག་ལ་བླ་ལྷག་ཏུ་དགའ་བའི་མི་ཞིག་ཡིན་པ་རང་གིས་ཀྱང་འཆད་ཀྱིན་འདུག་ལ།སྙན་ངག་གི་ཐད་ནས་རང་གི་ལྟ་ཚུལ་གསོང་བོ་བརྗོད་པར་མོས་པའི་མི་ཞིག་ཡིན་པ་མ་ཟད།ཁ་ཡར་བཀྱགས་ལ་གཙང་རྐྱང་སྙན་ངག་བཤད་པར་སྤྲོ་བའི་མི་ཞིག་ཡིན་པར་ད་ལྟ་བདག་གི་བློ་ངོར་ཝ་ལེར་ཤར་འདུག རྒྱུ་རྐྱེན་གང་ཞིག་ཡིན་པ་ཅི་ཆ་མོད།ངེད་གཉིས་གྲོགས་པོ་གོང་མ་དག་འདྲ་བར་དེ་འདྲའི་འདྲིས་གོམས་ཤིག་མ་བྱུང་མོད།དུས་རྒྱུན་གྱི་འཚོ་བའི་སྤྱོད་འདུག་ཁྲོད་ནས་ཕན་ཚུན་ངོ་ཤེས་ནི་བཟང་བོ་ཞིག་ཏུ་གྱུར་ཡོད་པའི་ཉམས་སྣང་ཞིག་ཡོད་རྐྱེན།འདས་དོན་དུ་གྱུར་བའི་ཉིད་ཀྱི་གཏམ་རྒྱུད་གང་རུང་ནི་བདག་གིས་གྲོགས་ཁྱེད་དྲན་པའི་བརྗེད་ཐོ་རུ་བཟུང་ཡོད།  
   ཉིན་དེར་ཁྱེད་ཉིད་ཕ་ཡུལ་ནས་ཕྱིར་སློབ་གླིང་དུ་ལོག་པའི་ཉིན་དང་བོ་ཡིན་པ་འདྲ།གནའ་བོའི་ཇ་རྟའི་ཤིང་ལམ་ཞེས་པའི་ཆང་ཁང་དེ་ནས་ངེད་གཉིས་ཐོག་དང་པོར་ངོ་ཤེས་སུ་གྱུར་བ་ཡིན་ཅིང་།ཐུག་མ་རག་ནས་སེམས་གཏམ་ལྷུག་ལྷུག་དང་ལྟ་ཚུལ་ཤ་ལེར་བརྗོད་འགྲོ་བའི་མི་དེའི་རིགས་མིན་པ་བདག་ལ་རྟོགས་འཆར་གསལ་བོ་བྱུང་།དེའི་གཞུག་གི་ན་གཞོན་གླེང་སྟེགས་རེ་རེའི་གླེང་སྟེགས་བརྒྱུད་ནས་ངེད་གཉིས་རིམ་གྱིས་ངོ་ཤེས་པ་དང་འདང་སྔར་ལས་ཇེ་ཟབ་དང་ཇེ་ཟུག་ཏུ་གྱུར་བའང་ངོ་ཤེས་གསར་བ་ཡིན་ཡང་ན་ཟུག་རྙིང་བ་ཞིག་གི་སྙིམ་འཐིལ་ན་ཡོད་པས་རྒྱུ་རྐྱེན་གང་རུང་ཞིག་གིས་ཡིན་སྲིད།གང་ལྟར་གཙང་རྐྱང་སྙན་ངག་གླེང་བར་སྤྲོ་བའི་གྲོགས་པོ་ཉིད་དེ་རིང་ཁོ་བོས་ཁྱེད་ཉིད་རབ་དུ་དྲན་ཀི   
                                                            
                                          རྡེའུ་དཀར་དྲན་ཀི
   ཏག་ཏག་ངེད་གཉིས་ངོ་ཤེས་པའི་སྐབས་ནི།སྐབས་དང་བོའི་ན་གཞོན་གླེང་སྟེགས་ཀྱི་བགྲོ་གླེང་གི་སྟེང་ཡིན་མོད།སྐབས་དེར་བདག་གིས་ཉིད་ཀྱི་མིང་དུ་ཅི་ཟེར་བ་ཤེས་མ་བྱུང་།གཞུག་ཏུ་ཉིད་ཀྱི་སྙན་ངག་དེབ་རྨི་ལམ་ལྗང་ཁུ་འགྲེམས་སྤེལ་བྱས་པའི་མཐུད་མཚམས་ནས་བདག་གིས་ཁྱེད་ཉིད་རྡེའུ་དཀར་ཞུ་བ་དེ་ཡིན་པ་གཞི་ནས་རྟོགས་སོང་།རྟོགས་པས་ཀྱང་ཁ་འགྲོགས་ངོ་ཤེས་སུ་གྱུར་བའི་ལོ་རྒྱུས་ཤིག་ཡོད་མྱོང་།གང་ལྟར།སྔོན་མའི་གྲོགས་པོ་དག་ལས་ཁྱེད་ནི་བདག་ལ་མཚོན་ན།ཆ་རྒྱུས་ཅུང་ཞན་པ་དང་།འགྲོགས་ཡུན་ཆེས་ཉུང་བའི་གྲོགས་པོ་དེ་ཡིན་མོད།ཉིད་ཀྱི་སྙན་ངག་དེབ་རྨི་ལམ་ལྗང་ཁུ་ལས།བདག་གིས་ཉིད་ནི་གཞན་དང་མ་བསྟུན་པའི་རྨི་ལམ་མང་བའི་མི་ཞིག་དང་།ཀུན་དང་མི་བསྟུན་པའི་རྨི་ལམ་གྱིས་ཁ་དོག་ཅིག་གི་བདག་འཛིན་དུ་ཚུད་ཡོད་པ་ཤེས་བྱུང་། དེ་རིང་།གནས་འདི་ན་ཁྱེད་ཉིད་ལྟ་བུའི་རྨི་ལམ་མང་པོ་དང་རྨི་ལམ་མི་བསྟུན་པ་རྨིས་མཁན་ཞེ་དྲགས་ཉུང་ཉུང་ཡིན་པས།བདག་གིས་ཁྱེད་ཉིད་ཡང་ཤིན་ཏུ་དྲན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བྱང་ནས་དྲན་གྱིན་པའི་གྲོགས་པོ་འགའ།

2013-08-18 གཡུ་མིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།