ལྷ་བྱམས་རྒྱལ་གྱི་རྩོམ་གསར་བ། བོད་པ་ཞིག་གི་མིག་ནང་གི་ཉི་ཧོང་།

  སྤྱི་ལོ་༢༠༡༣ལོའི་ལོ་སྨད་དུ་ང་ལ་ཉི་ཧོང་དུ་བསྐྱོད་པའི་གོ་སྐབས་ཤིག་ཐོབ།
  པེ་ཅིང་ནས་གནམ་གྲུར་བསྡད་དེ་ཉི་ཧོང་གི་གྲོང་ཁྱེར་ཆེན་པོ་ཨོ་ས་ཀ་ཟེར་བ་དེའི་གནམ་གྲུའི་འབབ་ཐང་དུ་བསླེབས་པར། ལམ་བར་དུ་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་ལས་མ་འགོར། ང་ནི་པེ་ཅིང་དུ་འཚོ་བ་རོལ་བའི་བོད་པ་ཞིག་སྟེ། སྤྱི་ལོ་༡༩༩༩ལོར་པེ་ཅིང་དུ་ཡོང་བ་ནས་བཟུང་ད་ལྟའི་བར་མི་ལོ་བཅོ་ལྔ་ལྷག་འགོར་ཟིན། ང་ལོ་རེར་སྟོད་ཉི་མ་ལྷ་སར་ཐེངས་རེ་གཉིས་ལ་ལོག་བཞིན་ཡོད། པེ་ཅིང་ནས་ལྷ་སའི་བར་མཁའ་ལམ་བརྒྱུད་ན་ཆུ་ཚོད་ལྔ་ལྷག་འགོར་བཞིན་ཡོད་ཅིང་། ང་ཉི་ཧོང་གི་རྒྱལ་ཁོངས་སུ་འབྱོར་དུས་སེམས་སུ་ས་ཁོངས་ཀྱི་བར་ཐག་ཁོ་ནའི་ངོས་ནས་བལྟས་ན་པེ་ཅིང་ནས་ཉི་ཧོང་གི་བར་ཐག་དེ། པེ་ཅིང་ནས་ངའི་ཕ་ཡུལ་བོད་ཁམས་དང་བསྡུར་ན་ཐག་ཉེ་ཨང་སྙམ་བྱུང་། ཨོ་ས་ཀ་ནས་ཁྱེའོ་ཏའོར་བསྐྱོད་པའི་ལམ་དུ། དུས་ངེས་མེད་དུ་ཆར་ཞོད་ཆེན་པོ་རེ་བབས་ཡོང་། ཆར་ཆུས་བཀྲུ་བཞིན་པའི་ཤེལ་སྒོའི་ཕ་རོལ་གྱི་ལམ་གྱི་ངོགས་གཉིས་སུ་ལྗང་མདོག་གི་ནགས་ཀློང་ཚང་ཚིང་ཏུ་དཀྲིགས་འདུག་པ་དང་། དེ་དག་གི་བར་སྟོང་ཡངས་ས་རེ་ནས་ཚོན་མདོག་གི་ཤིང་གི་སྒམ་ཆུང་བསྒྲིགས་པ་དང་མཚུངས་པའི་ཁང་ཁྱིམ་གྱིས་གྲུབ་པའི་གྲོང་དང་གྲོང་བརྡལ་ངེས་མེད་དུ་མཐོང་ཡོང་།
  སྔོན་ཆད། ངས་ཉི་ཧོང་ལ་རྐང་བཙུགས་ནས་དོ་སྣང་ཆེན་པོ་བྱས་མྱོང་མེད། དེ་བས་ཀྱང་ཉིན་ཞིག་ལ་རང་ཉིད་དངོས་སུ་ཉི་ཧོང་དུ་འགྲོ་ཐུབ་པར་ཀྱང་བསམ་ཚོད་བྱས་མ་མྱོང་། ཡིན་ན་ཡང་། ང་དང་ཐོག་འཚར་ལོངས་བྱུང་སའི་བོད་ཁམས་ཡིན་ན་ཡང་འདྲ། ཕྱིས་སུ་གཞིས་ཆགས་ནས་འཚོ་བ་རོལ་སའི་པེ་ཅིང་གྲོང་ཁྱེར་ཡིན་ན་ཡང་འདྲ། ཉི་ཧོང་དང་འབྲེལ་བ་ཡོད་པའི་བརྡ་འཕྲིན་ནི་བཀག་ཀྱང་མི་ཁོག་པའི་ཚུལ་དུ་ངའི་འཇིག་རྟེན་དུ་འཚང་ཀ་བརྒྱབ་ནས་བསླེབས་ཡོང་། ཕྲུ་གུའི་སྐབས་སུ་གློག་བརྙན་ལས་ཉི་ཧོང་གི་དམག་ཟེར་བའི་གདུག་རྩུབ་ཅན་འབའ་ཞིག་གི་སྣང་བརྙན་མཐོང་ཡོང་བ་དང་དེ་དུས་ཉི་ཧོང་ནི་སྡུག་ཅག་ཟེར་བ་དེའི་ཚབ་བྱེད་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཕྱིས་སུ་སློབ་གྲྭར་བསྐྱོད་དེ་རིག་གནས་སྦྱངས་བ་དང་བོད་ཡིག་དང་རྒྱ་ཡིག་གི་ལམ་ནས་ལྟ་ཀློག་གི་ནུས་པ་ལྡན་པར་གྱུར་རྗེས། ངས་ཉི་ཧོང་གི་རྩོམ་རིག་བརྩམས་ཆོས་ཁ་ཤས་ཀྱི་རྒྱ་འགྱུར་མ་ལ་བལྟས་པ་ཡིན། དེ་ལས《ཨིས་ཟོ་ཡི་གར་མ》ཟེར་བའི་སྒྲུང་གཏམ་དེས་ངའི་ཡིད་དབང་རབ་ཏུ་འཕྲོག་པར་གྱུར་ཅིང་། ཉི་ཧོང་གི་མི་དང་ཉི་ཧོང་གི་རྒྱལ་ཁབ་ལ་ཡང་ངོས་འཛིན་གསར་བ་ཞིག་སྐྱེས་བྱུང་།
  ༡༩༩༩ལོར། ང་པེ་ཅིན་ཏུ་བསྐྱོད། ལོ་དེའི་སྔ་རྗེས་སུ། ངའི་ཁོར་ཡུག་ཏུ་རིམ་བཞིན་གློག་ཀླད་བེད་སྤྱོད་གཏོང་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་དུས་ཁྲོམ་རར་འདོད་སྲེད་ཀྱི་འོད་སྡེར་སྣ་ཚོགས་འཚོང་མཁན་ཀྱང་མང་དུ་འགྲོ་ཞིང་། ངའི་སློབ་གྲོགས་མང་པོ་ཞིག་གིས་ལྐོག་ནས་འོད་སྡེར་དེ་རིགས་ཉོས་ཏེ་མཚན་མོར་ཉལ་ཁང་ནས་གློག་ཀླད་དུ་བཏང་སྟེ་ལྟ་བར་བྱེད། འོད་སྡེར་དེ་རིགས་ལས་མང་ཆེ་ཤོས་ནི་ཉི་ཧོང་གི་མིས་འཁྲབ་སྟོན་བྱས་པ་ཤ་སྟག་ཡིན་པས། དེ་དུས་སྣང་བ་ཞིག་ལ་ཉི་ཧོང་ཟེར་བའི་རྒྱལ་ཁབ་ཀྱི་ཕོ་གཞོན་མོ་གཞོན་དག་གིས་ནི་ལས་ཀ་གཞན་མེད་པར་འདོད་སྤྱོད་ཁོ་ནར་རོལ་ནས་བསྡད་ཡོད་པའི་ཚོར་བ་སྐྱེས།
  ལོ་དེའི་སྔ་རྗེས་སུ། གུང་གསེང་གི་སྐབས་སུ་ང་མཚམས་རེར་ཕ་ཡུལ་ཏུ་ལོག་དུས། ཆུང་ཕྲུ་གུའི་དུས་ཀྱི་ལུ་གུ་འཚོ་རོགས་ཀྱི་གྲོགས་པོ་དག་གི་ངག་ནས་འོད་སྡེར་དེ་རིགས་ཕ་ཡུལ་ཏུ་ཡང་ལྐོག་ནས་དར་ཁྱབ་ཆེ་རབས་བཤད་ཅིང་། ཁོ་ཚོས་ཀྱང་ཉི་ཧོང་གི་མིས་འཁྲབ་སྟོན་བྱས་པའི་འདོད་སྲེད་ཀྱི་བརྙན་གཟུགས་དེ་དག་ཨང་ཞེས་ཧ་ལས་མདོག་བྱེད། ཁོ་ཚོས་ང་ལ་མཚར་གཏམ་འདི་འདྲ་ཞིག་ལབ་མྱོང་ཡོད་དེ། མཚན་མོ་ཞིག་ལ་གྲོང་ཚོའི་ནང་གི་ཁྱོ་ག་ཞིག་གིས་སྐྱེས་པ་དག་ལྷན་ཏུ་འཛོམས་ཏེ་ཉི་ཧོང་གི་འདོད་སྲེད་འོད་སྡེར་ལ་བལྟས་ཚར་རྗེས་ཁྱིམ་ལ་ལོག་ཅིང་། ཁྱིམ་ནས་རང་གི་ཆུང་མར་སྔོན་ཏག་ཏག་ལ་བལྟས་པའི་འོད་སྡེར་ནང་གི་ཆགས་སྤྱོད་བྱེད་སྟངས་ཀྱི་ལད་མོ་བྱས་ཏེ་མུན་ནག་ནང་ནས་དགའ་མགུར་རོལ། ཆུང་མ་ནི་སྲོལ་རྒྱུན་གྱི་བོད་རིགས་བུད་མེད་ཅིག་ཡིན་པས། དགའ་མགུ་ཚར་མ་ཐག་ག་ལེར་ཡར་ལངས་ཏེ་ཕྱིར་བསྐྱོད་ཅིང་། གམ་གྱི་ཁང་བའི་ནང་དུ་གཉིད་ཁུག་ཡོད་པའི་སྒྱུག་མོ་གཉིད་ལས་བསླངས་བ་དང་། ད་སོ་མར་ཁོས་ཇི་སྒྲུབ་ཀྱི་ལས་དེ་དག་སྒྱུག་མོར་ཇི་བཞིན་ལབ་ཅིང་། ཁོ་མཚན་ལ་ཕྱི་ནས་ནང་དུ་ལོག་པའི་ལམ་དུ་འདྲེ་ཡིས་བཟུང་པ་འདྲ་ཞེས་བཤད། དེ་ལ་མ་སྨད་གཉིས་ཀྱིས་ཆོས་དཔེ་ལག་ཏུ་ཐོགས། བསང་དུད་སྦར་ཏེ། ཁོའི་ཉལ་སར་ཡོང་ནས་མགོ་ལ་ཆོས་དཔེས་བརྒྱབ། ལུས་ལ་བསང་བདུག་བྱས་ནས་འདྲེ་གདོན་ཕར་སྐྲོད་པའི་ཚུལ་ལུགས་བྱེད། ཁོ་ནི་སེམས་ནས་ཅི་བྱུང་ཧ་གོ་ཡང་ངག་ནས་གསལ་བཤད་བྱེད་པར་འཚེར་སྣང་བྱུང་བས། རང་ཉིད་འདྲེ་ཡིས་བཟུང་བའི་བཟོ་ལྟ་བསྟན་པ་རེད་ཟེར། ཧཧ།
  གང་ལྟར་ཀྱང་། དུས་རབས་ཉེར་གཅིག་པའི་དུས་མགོའི་ལོ་དེ་དག་ཏུ། ང་རང་ཡང་ལང་ཚོ་དར་བཞིན་པའི་ན་ཆུང་ཞིག་ཡིན་ཞིང་། དེ་དུས་ཉི་ཧོང་ཟེར་བའི་མིང་འདི་ཐོས་དུས་སེམས་སུ་ཕོ་མོ་དགའ་སྦྱོར་གྱི་རྣམ་པ་ཁོ་ན་འཁོར་ཡོང་། གཞན་ཡང་། འཇར་འགོག་དམག་འཁྲུག་རྒྱབ་ལྗོངས་བྱས་པའི་གློག་བརྙན་དང་བརྙན་འཕྲིན་ནི་ཉིན་དང་་་་་་་མཚན་ག་ས་གང་དུ་བལྟ་འདོད་ཀྱི་འདུན་པ་མེད་ཀྱང་མིག་ནང་དུ་འཚང་ཡོང་བ་དང་། དམར་གསོད་དང་གདུག་རྩུབ། ལྐོག་གཡོ་དང་བཙན་འཛུལ་སོགས་ཀྱི་ནང་དོན་ནན་བཤད་བྱེད་བཞིན་ཡོད་པའི་བརྙན་རིས་དག་གིས་ང་ལ་ཉི་ཧོང་གི་མི་ཨང་ཉི་ཧོང་གི་མི་ཟེར་ནས་ཧ་ལས་ཧང་སངས་བའི་སེམས་ཚོར་རེ་སྤྲད་ཡོང་། ཡིན་ན་ཡང་། ལོ་ན་ཚོད་རིམ་གྱིས་སྨིན་པ་དང་མཐོང་ཐོས་ཀྱི་རྒྱ་ཆེ་རུ་བསྐྱེད་པ་དང་བསྟུན་ནས་ང་ལ་ཡང་བདེན་རྫུན་ལ་བརྡར་ཤ་གཅོད་པ་དང་། དཀར་ནག་ལ་གོ་ལྡོག་བྱེད་པའི་འཇོན་ནུས་ཡོད་པར་གྱུར། དེ་ནས་བཟུང་། ང་རང་ནི་གོང་གི་འདོད་སྲེད་བརྙན་ཕབ་དང་། འཇར་འགོག་བརྙན་གཟུགས་སོགས་ཀྱི་སྨྱན་སྦྱོར་བརྒྱུད་ནས་ཉི་ཧོང་ལ་ངོས་འཛིན་བྱེད་པ་ཅན་ཞིག་ནས། རིམ་གྱིས་ཉི་ཧོང་རང་ཉིད་ཀྱིས་ཕབ་བསྐྲུན་བྱས་ཏེ་རྒྱ་སྐད་དུ་བསྒྱུར་བའི་བརྙན་འཕྲིན་དཔེ་བཞག་ན་ཐའོ་ཁེའོ་ཡི་བརྩེ་དུང་གི་གཏམ་རྒྱུད་ཟེར་བ་ལྟ་བུ། ཡང་ཉི་ཧོང་གི་རྩོམ་པ་པོ་སྐྱིད་པན་བྷ་ན་ན་ཡིས་བརྩམས་གནང་མཛད་པའི་སྒྲུང་གཏམ་རྒྱ་འགྱུར་མ་དཔེ་བཞག་ན《ཐབ་ཚང》ཟེར་བ་ལྟ་བུ། ཡང་རྒྱལ་ཁབ་གཞན་གྱི་མིས་བྲིས་གནང་མཛད་པའི་ཉི་ཧོང་གི་སྐོར་གྱི་བརྩམས་ཆོས་ཏེ་དཔེ་བཞག་ན་རུའུ་སི་པིན་ཏིས་ཉིས་ཁུ་ཡི་《ལུག་མིག་མེ་ཏོག་དང་རལ་གྲི》ཟེར་བ་ལྟ་བུ་སྟེ། དེ་དག་ལ་ལྟ་ཀློག་བྱས་པ་བརྒྱུད་ནས་ཉི་ཧོང་ལ་ངོས་འཛིན་བྱེད་མཁན་ཞིག་ཏུ་གྱུར། ངོས་འཛིན་འདི་འདྲ་ཞིག་བརྒྱུད་རྗེས་ངའི་སེམས་སུ་མ་གཞིར་ཉི་ཧོང་ཟེར་བའི་ཤར་གྱི་གླིང་ཕྲན་ཏུ་གནས་བའི་རྒྱལ་ཁབ་དེར་ཡང་ཡར་སྔོན་རང་གི་རྟོགས་ཡུལ་དུ་མ་གྱུར་པའི་ངོས་གཞན་པ་ཞིག་ཡོད་དེ། ངོས་དེ་ནི་ང་རང་གིས་སྔོན་ཆད་ཉི་ཧོང་ལ་ངོས་འཛིན་བྱས་པ་དེ་འདྲ་ཞིག་མ་ཡིན་པར་ཁོ་པ་ཚོའི་རིག་གནས་ཀྱི་ནང་སྙིང་དུ་གཅེས་པར་འོས་པའི་སྙིང་སྟོབས་ཤིག བརྩེ་སེམས་ཤིག སེམས་ཁུར་ཅིག་སྐུང་བསྡད་ཡོད་པ་ཚོར། དེ་བས་ཀྱང་གལ་ཆེ་བ་ནི་ཉི་ཧོང་གི་མི་རྣམས་ཀྱང་ང་ཚོ་ནང་བཞིན་བྱམས་སྙིང་རྗེ་ལྡན་པའི་ཁར་བློ་ཤེས་རབ་ཀྱིས་ཕྱུག་པ་མཐོང་།
  མ་གཞི་ནས་མི་ཞིག་ལ་འདི་ལྟ་བུའི་འཇོན་ནུས་ཤིག་ལྡན་པར་དོན་སྙིང་ཆེན་པོ་ཡོད་པར་སྙམ་ཏེ། འདི་ནི་ཕྱི་ཤུན་ནས་ནང་སྙིང་དང་། རང་ངོས་ནས་གཞན་ངོས། ཧོལ་རྒྱུགས་ནས་ལྷོད་འཇགས། ཟེར་སྒྲོས་ནས་དངོས་བརྒྱུད། སེམས་ཀྱི་འཁྱེར་སོ་ཙམ་ནས་དཔྱད་འཇོག་ཟབ་མོ་བྱེད་པའི་བརྒྱུད་རིམ་ཞིག་ཡིན། འདི་ལྟ་བུའི་བརྒྱུད་རིམ་ནི་སྨིན་བཞིན་པའི་རྟགས་ཤིག་ཡིན་ཞིང་། ང་རང་བོད་པ་ཞིག་ཡིན་པའི་ངོས་ནས་ཀྱང་ཉི་ཧོང་ལ་འཛིན་པའི་འདུ་ཤེས་ཀྱི་འགྱུར་བ་འདི་ལས་ཀྱང་གནད་འདི་གསལ་བོར་ཤེས་ཐུབ།
  ཡིན་ན་ཡང་། ང་ཚོའི་བོད་ཀྱི་གཏམ་དཔེར། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཟེར་བ་བཞིན། སྤྱི་ལོ་༢༠༡༣ལོར་ང་ཟླ་བཞི་ལྷག་གི་རིང་ལ་ཉི་ཧོང་དུ་འཚོ་བ་རོལ་བའི་གོ་སྐབས་ཐོབ་པ་ནི་ཉི་ཧོང་ལ་ངོས་འཛིན་གཏིང་ཟབ་ཏུ་ཡོང་བའི་མཐུན་རྐྱེན་ཡག་པོ་ཞིག་ཏུ་གྱུར། ང་སྡོད་སའི་གྲོང་ཁྱེར་ཁྱེའོ་ཏའོ་ཟེར་བ་དེ་ནི་ཉི་ཧོང་ལོ་རྒྱུས་སུ་གོ་གནས་ངེས་ཅན་ཡོད་པའི་ས་ཆ་ཞིག་ཡིན་པ་དང་། སྤྱི་ལོ་༧༩༤ལོ་ནས་༡༨༦༨ལོའི་བར་གྱི་ཉི་ཧོང་གི་རྒྱལ་ས་རེད། གྲོང་ཁྱེར་འདི་ནི་ཉི་ཧོང་གི་སྲོལ་རྒྱུན་རིག་གནས་ཀྱི་རྫོང་མཐུག་ཅིང་ནང་བསྟན་གྱི་དགོན་སྡེ་ཆེ་ཆུང་ཉིས་བརྒྱ་ལྷག་ཡོད་པའི་ས་ཆ་ཞིག་རེད། གྲོང་ཁྱེར་འདིར་ཁང་བ་མང་ཆེ་ཤོས་ནི་ཐོག་བརྩེགས་བཞི་ལས་བརྒལ་མེད་པ་ཅན་ཤ་སྟག་ཡིན་པ་དང་། རྒྱུས་ལོན་ལྟར་ན་དེ་ནི་སྲིད་གཞུང་གིས་གྲོང་ཁྱེར་གྱི་སྲོལ་རྒྱུན་གྱི་ཇུས་འགོད་དང་གནས་སྟངས་ལ་སྲུང་སྐྱོབ་བྱེད་ཆེད་གཏན་འབེབས་བཟོས་པ་ཞིག་རེད་ཟེར། ཡང་ལོ་རྒྱུས་རྒྱུ་ཆ་ལྟར་ན་ཁྱེའོ་ཏའོ་ཉི་ཧོང་གི་རྒྱལ་ས་ཡིན་དུས། ཀྲུང་གོའི་ཐང་རྒྱལ་རབས་ཀྱི་སྐབས་སུ་ཁེལ་ཡོད་ཅིང་། དེ་དུས་ཉི་ཧོང་གི་མི་མང་པོ་ཞིག་ཐང་གི་རྒྱལ་སར་ཡོང་ནས་རིག་གནས་སློབ་སྦྱོང་བྱས་ཏེ་ཕྱིར་ལོག་རྗེས་སྐབས་དེའི་ཁྲང་ཨན་གྲོང་་ཁྱེར་གྱི་བཟོ་བཀོད་དང་ཇུས་འགོད་ལ་ལད་མོ་བྱས་ནས་ཁྱེའོ་ཏའོ་འཛུགས་སྐྲུན་བྱས་པ་རེད་ཟེར། གང་ལྟར་ཀྱང་དུས་རབས་འཕེལ་འགྱུར་གྱི་ཀློང་ནས་གནའ་བོའི་གྲོང་ཁྱེར་འདི་ཡང་ཆོས་ཐམས་ཅད་མི་རྟག་པའི་དབང་དུ་འགྲོ་བའི་ཆོས་ཉིད་ལས་འགོངས་མེད་པའི་ཉམས་སྣང་སྐྱེས་བྱུང་། ད་ལྟ་ག་ས་གར་དུ་དེང་རབས་ཀྱི་ཁང་པ་ཕྱི་བརྩེགས་ནང་བརྩེགས་སུ་གནས་འདུག་པ་དང་། ང་སྡོད་ས་ནི་དམིགས་བསལ་ཅན་ཏེ། ཐོག་བརྩེགས་བཅུ་ཅན་གྱི་ཐོག་ཁང་ཆེན་པོ་ཞིག་ཡིན་ལ། ང་ཐོག་བརྩེགས་བཅུ་བའི་ཁང་མིག་དེའི་ནང་བསྡད་ནས་སྒེའུ་ཁུང་ལས་གྲོང་ཁྱེར་ལ་མིག་མྱུལ་བྱེད་དུས་ཁང་བ་དམའ་མོ་དེ་དག་གི་བར་གསེང་དང་ཕྱོགས་བཞིའི་རི་ལྡེབས་ཀྱི་ནགས་གསེང་ནས་གསེར་མདོག་གི་ཐོག་ཁེབས་དང་རྒྱ་ཕིབས་ལྡན་པའི་ནང་བསྟན་གྱི་དགོན་སྡེ་དག་མཐོང་ཡོང་། ཕྱིས་སུ་གྲོང ཁྱེར་གྱི་སྲང་ལམ་དག་ཏུ་ཉུལ་དུས་ལག་ཏུ་ས་བཀྲ་ཞིག་ཡོད་ན་ལམ་ནོར་ཐེབས་པའི་ཉེན་ཁ་མེད་པར་གྱུར་ཅིང་། དེ་ནི་ལམ་གྱི་མིང་བྱང་གི་ཡི་གེ་མང་ཆེ་ཤོས་ནི་གཟུགས་རྒྱ་ཡིག་ཡིན་པ་དང་། ཕལ་ཆེར་ཀློག་སྟངས་མི་འདྲ་བའམ་ནང་དོན་ལ་ཧེ་བག་ཅུང་ཙམ་ཡོད་པ་མ་གཏོགས་རྒྱ་ཡིག་གི་ནང་དོན་དང་མཚུངས་པ་ལྟར་སྣང་བས། མཚམས་མཚམས་སུ་རང་ཉིད་རྒྱའི་གྲོང་ཁྱེར་ག་གེ་མོ་ཞིག་ཏུ་ཡོད་པའི་འཁྲུལ་སྣང་སྐྱེས་ཡོང་།
ཡིན་ན་ཡང་། ཞིབ་ཏུ་བལྟས་ན་རིམ་གྱིས་རང་ཉིད་ནི་རིག་གནས་ཀྱི་གནས་སྟངས་མི་འདྲ་ཞིང་འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བའི་རྒྱལ་ཁོངས་གཞན་ཞིག་ཏུ་ཡོད་པའི་ཚོར་བ་ངང་ངམ་ཤུགས་ཀྱིས་འབྱུང་བར་བྱེད་དེ། དེ་ནི་ཉི་ཧོང་གི་མི་ནི་སྐད་ཆ་བཤད་དུས་སྐད་མགོ་དམའ་ཞིང་། མི་གཤིས་འཇམ་ལ། ཁེངས་བ་ཆུང་ཞིང་། གུས་ལུགས་ལྡན། ཞིབ་ཚགས་ཆེ་བ་བཞིན། ཉི་ཧོང་གི་རྒྱལ་ཁབ་འདི་ཡང་ཕར་བལྟས་ཚོད་ཀྱིས་དེ་འདྲ་རྔམ་བརྗིད་ལྡན་ཞིང་མཚར་སྡུག་ཆེ་བ་ཞིག་ཏུ་མ་མཐོང་ན་ཡང་། ཞིབ་ཏུ་ལྟ་དུས་གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ཀུན་ཏུ་ཞིབ་ཚགས་ལས་མངོན་པའི་ཤེས་རབ་ཅིག་དང་། མི་ཆོས་ལས་མངོན་པའི་གུས་ལུགས་ཤིག བརྩི་འཇོག་ལས་མངོན་པའི་སྒྲིག་ལམ་ཞིག གྲལ་དག་ལས་མངོན་པའི་སྤུས་ཚད་ཅིག་དང་གཙང་སྦྲ་ཞིག་རིམ་གྱིས་མཐོང་ཡོང་། ཕལ་ཆེར་ང་ཚོ་བོད་པ་དག་ནི་འཚོ་གནས་ཀྱི་ཁོར་ཡུག་ཅིག་གིས་སམ་ཡང་ན་རིག་གནས་ཀྱི་སྲོལ་རྒྱུན་ཞིག་གི་དབང་གིས་གང་ཡིན་མི་ཤེས་མོད། སྡོད་སའི་ཁང་བ་ནས་འགྲོ་འཆག་ཉལ་འདུག་གི་གོ་རིམ་གང་ཏུ་ཡང་ཆེ་མདོག་དང་། དགྲ་རྒྱག རྩང་རྩིང་། རྒྱས་སྤྲོས། ཚོན་མདོག་སོགས་ལ་དད་གུས་བླ་ལྷག་ཅིག་བྱེད་བཞིན་ཡོད་པ་ལས་ལྡོག་སྟེ། ངས་ཉི་ཧོང་ནས་མཐོང་བ་ནི་ཞིབ་ཚགས་དང་། ཁེངས་ཆུང་གི་རིག་གནས་ཤིག་ཡིན་ཏེ། རིག་གནས་དེ་ནི་མངོན་ཆུང་གིས་ཟམ་མི་ཆད་པར་འབབ་པའི་ཆུ་ཐིགས་ཤིག་དང་མཚུངས་པར་ཤང་སྒྲ་ཆེན་པོ་ཐོས་མི་ཐུབ་ན་ཡང་ཁོར་ཡུག་ཚང་མ་དེ་ཡི་བརླན་གྱིས་ཡོངས་སུ་བཟུང་ཡོད་པ་ལྟ་བུ་ཞིག་རེད་སྙམ། ངས་ཨ་རི་བ་ཡིས་བྲིས་པའི་《ལུག་མིག་མེ་ཏོག་དང་རལ་གྲི》ཟེར་བ་དེ་ཀློག་དུས། ཉི་ཧོང་གི་ངོས་གཅིག་ནི་ལུག་མིག་མེ་ཏོག་བཞིན་འཇམ་ཞེས་སྤྱི་བསྡོམས་བཞག་ཡོད་པ་ཡང་གནད་འདི་འདྲ་ཞིག་གི་ངོས་ནས་ལབ་པ་མིན་ནམ་སྙམ།
  གང་ལྟར་ཀྱང་། ཉི་ཧོང་གིས་ང་ལ་སྤྲད་པའི་མཛེས་ཚོར་དྲག་པོ་ཞིག་ནི་ཞིབ་ཚགས་ལས་མངོན་པའི་རིག་གནས་ཀྱི་མཛེས་པ་དེ་རེད། པེ་ཅིན་ནས་སྡོད་དུས་ལོ་འདི་འགར་མི་རྣམས་ཀྱིས་རྒྱལ་ཕམ་ནི་ཞིབ་ཚགས་ལ་རག་ལས་ཞེས་བཤད་བཞིན་པ་ཐོས། ཡིན་ན་ཡང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་རྒྱ་རིགས་བ་དག་གིས་ཀྱང་ཞིབ་ཚགས་ཟེར་བ་དེ་ཉི་ཧོང་གི་ཚད་དེ་འདྲ་ཞིག་ཏུ་སྒྲུབ་ཐུབ་མེད་པར་སྙམ་ཞིང་། རང་རེའི་ཁ་བ་ཅན་རྣམས་ཀྱིས་ནི་དེ་བས་ཀྱང་ད་ལྟའི་བར་དུ་རྩང་ང་རྩིང་ངེར་གོམས་ནས་ཞིབ་ཚགས་ལོགས་སུ་བཞག་ཡོད་པས། ཉི་ཧོང་གི་དོ་ཟླ་ཡེ་ནས་མིན་པ་འདྲ། ཉི་ཧོང་གི་མི་ཡི་ཞིབ་ཚགས་དེ་དག་ངས་ཁོ་ཚོའི་བྱ་སྤྱོད་དང་ཁོར་ཡུག་གི་བཟོ་བཀོད་སོགས་ལས་ག་ས་གར་ཏུ་མཐོང་ཐུབ་ཅིང་། འཛམ་གླིང་དམག་འཁྲུག་མཇུག་སྒྲིལ་རྗེས་གྱང་རོའི་སྟེང་ནས་སླར་ཡང་ཡར་ལངས་ཡོང་བའི་ཏ་ཧུ་མི་རིགས་འདིས་ལོ་ངོ་ལྔ་བཅུ་ལྷག་གི་དུས་ཚོད་ཐུང་ཐུང་ནང་དཔལ་འབྱོར་དང་རིག་གནས་འཛམ་གླིང་གི་རྩེར་སོན་པའི་གྲུབ་འབྲས་བླངས་པ་འདི་ནི། གཞི་ནས་ང་ཚོ་བོད་པ་དག་གིས་དུས་རྒྱུན་དུ་ཁ་ནས་མ་ཎི་འདོན་འདོན་བྱེད་བཞིན་ཡོད་པའི་གཟི་འོད་འབར་བའི་ལོ་རྒྱུས་ཞེས་པ་དེ་མ་ཡིན་ནམ། གཟི་འོད་འབར་བའི་ལོ་རྒྱུས་འདི་བསྐྲུན་པའི་གོ་རིམ་ཁྲོད་དུ་ཉི་ཧོང་བའི་ཞིབ་ཚགས་རིག་གནས་དང་ཁ་བཤད་ཙམ་མ་ཡིན་པར་ལག་ལེན་ཏུ་མཐའ་གཅིག་ཏུ་གཞོལ་བའི་རྒྱུན་འཁྱོངས་ཀྱི་གཤིས་ཀ་སོགས་ནི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་ཉི་ཧོང་ཏུ་སྡོད་རིང་ངའི་བསམ་བློར་ཡང་ཡང་འཁོར་ཡོང་།
  ངས་ཉི་ཧོང་གི་སྐད་ཚིག་གཅིག་ཀྱང་མི་ཤེས། གྲོགས་པོ་ཚོས་ང་ལ་ཁྱོད་ཀྱིས་ཉི་ཧོང་བར་རྒྱུས་ལོན་ཡག་པོ་ལེན་མི་ཐུབ་ཟེར། བརྒྱ་ལ་དེ་ལྟར་ཡིན་ངེས་མོད། འོན་ཀྱང་དེ་ཡང་མཐུན་རྐྱེན་ཅིག་མིན་པའི་ངེས་བ་མེད་དེ། ངས་ཉི་ཧོང་གི་སྐད་མི་ཤེས་པས་ཉི་ཧོང་བས་རང་ཉིད་ནི་འདི་འདྲ་འདི་འདྲ་ཞིག་ཡིན་ཞེས་ངོ་སྤྲོད་ཀྱི་སྐད་ཆར་ཉན་ནས་རང་གིས་བརྡར་ཤ་གཅོད་པར་བར་ཆད་མི་བཟོ། ཡོད་ཚད་ང་རང་གི་མིག་མཐོང་ལག་ཟིན་གྱི་ཉམས་མྱོང་ལས་ཐོན་པ་འབའ་ཞིག་ཡིན་པས། མཚམས་རེར་འདི་ཡང་ང་ལ་མཚོན་ན་རང་ཉིད་ནི་ད་སོ་མར་འཇིག་རྟེན་འདིར་བསླེབས་པའི་ཕྲུ་གུ་ཞིག་དང་མཚུངས་བར་ཡོད་ཚད་སྐད་ཆར་མ་བརྟེན་པར་རང་གི་དབང་བོར་བརྟེན་ནས་འཇིག་རྟེན་ལ་ངོས་འཛིན་བྱེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་དེ། འདི་ལྟ་བུའི་ངོས་འཛིན་ནི་ངོས་འཛིན་ཡང་དག་ཅིག་མིན་པའི་ངེས་པ་མེད།
  ང་ཉི་ཧོང་དུ་སྡོད་པའི་ཐོག་མའི་ཟླ་རེ་གཉིས་ཀྱི་རིང་ལ། ཧ་ཅང་ཁེར་རྐྱང་གིས་ཁུ་སིམ་མེར་རྒྱལ་ཁབ་འདིའི་ནང་ཁྲོལ་ལྟ་བུའི་གྲོང་ཁྱེར་གྱི་སྲང་ལམ་ཆེ་ཆུང་ཀུན་ཏུ་ཡར་འཁྱམ་མར་འཁྱམ་བྱས་པ་ཡིན། སྐབས་ཤིག་ལ་ངས་ཉི་ཧོང་ནི་ཚོས་མདོག་ཆུང་བའི་རྒྱལ་ཁབ་ཅིག་ཡིན་པ་ཚོར། དེ་ནི་ངས་ཉི་ཧོང་གི་མི་རྣམས་ཀྱི་གྱོན་གོས་ཀྱི་ཚོས་མདོག་ལས་ཐོག་མར་མཐོང་བྱུང་། ཉི་ཧོང་གི་མི་རྣམས་ནི་གྱོན་གོས་མདོག་མེད་གྱོན་རྒྱུར་དགའ། ཁྱོད་ཀྱིས་ཟིང་ཟིང་དུ་འགྲོ་བའི་མི་ཚོགས་ཁྲོད་ང་ཚོ་གངས་ཅན་བོད་པས་གོས་ཆེན་ཁྲ་ཁྲ་རིག་གྱོན་ནས་འགྲོ་བ་ལྟར་གྱི་གྱོན་གོས་མདོག་ཆེན་ཁྲ་རིག་གྱོན་མཁན་ཞིག་རྙེད་དཀའ་བའི་ཚུལ་དུ་འདུག ཉི་ཧོང་གི་མོ་གཞོན་ཚོ་ནི་རྐང་ལ་རྟིང་ཀ་མཐོ་བའི་ཀོ་ལྷམ་མམ་ཡང་ན་ཀོ་ལྷམ་ཡུ་རིང་གྱོན་པར་དགའ་ཞིང་། སྨད་ལ་དྲ་མིག་ཅན་གྱི་རྐང་འབོལ་ཡུ་རིང་གྱོན་པའམ་ཡང་ན་ཅི་ཡང་མི་གྱོན་པར་བྱིན་པ་དང་བརླ་ཤ་དཀར་པོའི་ཆ་ཤས་ཕྱི་རུ་མངོན་པར་བྱེད། ཡང་ལ་ལ་ཞིག་གིས་སྨད་གཡོགས་ཐུང་ཐུང་རེ་རེ་ལྷུག་གྱོན་བྱེད་ཅིང་། དེ་ནི་དགུན་འཁྱག་གི་དུས་སུ་ཡང་དེ་ལྟར་རེད། ཁོག་སྟོད་དུ་ཁོབས་ཡངས་བའི་སྟོད་གོས་རིང་བོ་ཞིག་གཡོགས་པར་བྱེད། ཁོ་མོ་ཚོ་གདོང་ལ་སྐག་ཚོས་བསྐུ་བར་དགའ་ཞིང་། འགྲམ་པ་གཉིས་སུ་སྐག་དམར་བོ་ཞིག་མངོན་ཆུང་གིས་བསྐུས་ཡོད། ཡག་བཏོད་སྟངས་འདི་ནི་རྒན་མོ་བགྲེས་སོང་ལོ་ན་བརྒྱད་ཅུར་སོན་པ་དག་གི་གདོང་ནས་ཀྱང་མཐོང་ཐུབ་ལ། དེ་ནི་ང་ཚོ་བོད་མོ་ཚོའི་རང་བྱུང་ལྷན་སྐྱེས་ཀྱི་མཁུར་ཚོས་དམར་བོ་དང་མཚུངས་ཤིང་། ངས་དེ་དག་མཐོང་དུས་བོད་པ་དག་གིས་བུ་མོ་མཛེས་མར་བསྟོད་ར་འཐེན་དུས་དཀར་ལ་དམར་མདངས་ཆགས་པ་ཞེས་བརྗོད་པར་དགའ་བ་དེ་དྲན་ཡོང་། གང་ལྟར་ཀྱང་རང་ཅག་དང་ཉི་ཧོང་བའི་མཐོང་ལམ་དུ་མཁུར་ཚོས་དམར་པོ་ཡག་སྣང་དུ་མཐོང་བ་ནི་རིག་གནས་སེམས་ཁམས་ཀྱི་ཐུན་མོང་གི་ཆ་ཞིག་ཡིན་པ་འདྲ། སྐྱེས་པ་ཚོ་རྐང་བར་ལྷམ་ཆེན་པོ་རེ་གྱོན་པར་དགའ་ཞིང་། ཚུལ་དེ་བུ་མོ་ཚོ་ཡང་དེ་བཞིན་རེད། ཁོ་ཚོ་ལམ་དུ་བསྐྱོད་དུས་ལྷམ་ཆེ་དྲགས་ནས་དྲུད་འགྲོ་བཞིན་ཡོད་པའི་སྣང་བ་སྟེར། འདི་འདྲ་ཞིག་ཡིན་པའི་རྒྱུ་རྐྱེན་ངས་ད་ལྟ་ཡང་ཅི་ཡིན་ཧ་མི་གོ། ཁྱེའོ་ཏའོ་ནས་མཚམས་རེར་ཉི་ཧོང་གི་སྲོལ་རྒྱུན་གྱི་གྱོན་ཆས་སྤྲས་མཁན་རེ་གཉིས་མཐོང་ཐུབ་ཅིང་། ཚུལ་འདི་ཡང་རང་ཅག་གི་ཟི་ལིང་གྲོང་ཁྱེར་ནས་མཚམས་རེར་བོད་ལྭ་གྱོན་མཁན་རེ་གཉིས་མཐོང་ཐུབ་པ་ལྟར་རེད། ལྷག་པར་དུ་ཉི་ཧོང་གི་དགོན་པ་དག་ནས་སྲོལ་རྒྱུན་གྱི་གྱོན་ཆས་སྤྲས་མཁན་མང་པོ་མཐོང་ཐུབ་པ་ཡང་རང་ཅག་དང་གཅིག་པར་སྣང་།
  ཉི་ཧོང་ནས་ང་དགོན་པ་མང་པོར་བསྐྱོད་པ་ཡིན། ཉི་ཧོང་གི་ནང་བསྟན་ཐེག་ཆེན་གྱི་ལུགས་སུ་གཏོགས་ཤིང་རང་ཅག་ལྟར་གྲུབ་མཐའ་མི་འདྲ་བ་མང་པོ་ཞིག་འདུག དགོན་པ་ཆེན་པོ་དག་མ་དགོན་གྱི་ཚུལ་དུ་གནས་པ་དང་དེར་བུ་དགོན་མང་པོ་གྲོང་དང་གྲོང་ཁྱེར་གྱི་གྲུ་ག་གང་སར་ཁྱབ་ཡོད་སྐད། རང་ཅག་གི་དགོན་པ་ནི་གྲོང་རུ་དགོན་ཞེས་ས་གནས་དེའི་ཐུན་མོང་གི་དད་ལྡན་མང་ཚོགས་ལ་དབང་བ་དང་མི་མཚུངས་པར། ཉི་ཧོང་གི་དགོན་པ་མང་ཆེ་ཤོས་ནི་མི་སྒེར་ལ་དབང་བ་དང་ཁྱིམ་རྒྱུད་གཅིག་གིས་མི་རབས་ནས་མི་རབས་སུ་དགོན་པར་བདག་གཉེར་བྱེད་བཞིན་འདུག དགོན་པའི་བཟོ་བཀོད་ཀྱི་རྒྱུ་ཆ་ཕལ་ཆེ་བ་གསོམ་ཤིང་ཡིན་ཞིང་པང་གཅལ་སྣུམ་པོར་བཏིངས་ནས་ནང་དུ་མཆོད་མཇལ་དང་ལྟ་བསྐོར་ལ་བསྐྱོད་སྐབས་ཕྱི་ནས་ལྷམ་ཕུད་དེ་འགྲོ་དགོས། ཉི་ཧོང་གི་དགོན་པ་རང་ཅག་གི་དགོན་པ་བཞིན་ཚོན་མདོག་གིས་བརྒྱན་པ་ཞིག་མ་ཡིན་པར་ཕྱིའི་བཟོ་བཀོད་ནས་ནང་སྐུ་གསུངས་ཐུགས་རྟེན་སོགས་ཚོས་མདོག་མིག་ལ་འཚེར་བ་མི་འདུག ཕྱི་ནས་བལྟས་ན་དཀར་ནག་གཉིས་ཀྱིས་གྲུབ་ཅིང་ནང་གི་སྐུ་རྟེན་ནི་གསེར་མདོག་ཅན་འབའ་ཞིག་རེད། ཉི་ཧོང་གི་དགོན་པ་མང་ཆེ་ཤོས་ནི་དངོས་ནི་དགོན་པ་ཞེས་པའི་ཐ་སྙད་འདིའི་ཐོག་མའི་ནང་དོན་དང་འགལ་མི་འདུག་སྙམ་ཏེ། དེ་ནི་དགོན་པ་མང་ཆེ་ཤོས་ཅུང་དབེན་འཇགས་ཡིན་པ་དང་ཡུལ་བསྐོར་དང་མཆོད་མཇལ་བྱེད་མཁན་མང་ན་ཡང་མང་ཆེ་ཤོས་ཀྱིས་ངག་བསྡམས་ནས་ཁུ་སིམ་མེར་འགྲོ་ཞིང་། བརྒྱ་ལ་སྐད་ཆ་ཤོད་མཁན་ཡོད་ན་ཡང་སྐད་མགོ་དམའ་རུ་བཏང་ནས་བཤད་བཞིན་འདུག ང་ཉི་ཧོང་གི་དགོན་པ་ཁག་ཏུ་བསྐྱོད་དུས་སེམས་སུ་རང་ཅག་གི་དགོན་པ་དག་ཡང་ཡང་འཁོར་ཡོང་། ཉི་ཧོང་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། དཔལ་འབྱོར་ཆེས་ཆེར་དར་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་ཏུ་ནང་བསྟན་གྱི་དགོན་པའི་གནས་སྟངས་ལ་དཔྱད་པ་གཏོང་དུས་རང་རེའི་དགོན་སྡེ་དག་གི་མདུན་ལྗོངས་ལ་ཡང་ངེས་ཤེས་བག་ཙམ་རེ་འདྲོངས་རྒྱུ་འདུག རང་ཅག་དང་བསྡུར་ན། ཉི་ཧོང་གི་དགོན་སྡེའི་ནང་དུ་གྲྭ་བཙུན་ཕལ་ཆེར་མཐོང་རྒྱུ་མི་འདུག བརྒྱ་ལ་རེ་གཉིས་མཐོང་རྒྱུ་ཡོད་པ་ཡང་རང་ཅག་གི་གྲྭ་བཙུན་གྱི་སྣང་བརྙན་དང་གཏན་ནས་མི་མཚུངས། གཞན་ཉི་ཧོང་གི་དགོན་སྡེའི་ནང་དུ་སྐུ་གསུངས་ཐུགས་རྟེན་བལྟོས་བཅས་ཀྱིས་ཤིན་ཏུ་ཉུང་། རང་རེའི་དགོན་པ་དག་ཏུ་སངས་རྒྱས། བྱང་སེམས། ཡི་དམ། ཆོས་སྐྱོང་། དེ་མིན་བོད་པ་རང་གི་སྐྱེས་ཆེན་དམ་པ་དག་གི་སྐུ་བརྙན་མང་པོ་བསྒྲིགས་ཡོད་པ་ལ། དེ་རེ་རེར་ཐོད་པ་གཏུགས་ན་དགོན་པ་གཅིག་་གི་ནང་དུ་ཡང་མཆོད་མཇལ་རྫོགས་མེད་པ་ཞིག་ཞུ་རྒྱུ་ཡོད་པ་ཀུན་གྱིས་ཤེས་གསལ་རེད། དེ་བཞིན་རང་རེའི་བོད་པ་དག་གི་མི་ཚེ་གཅིག་གི་རིང་ལ་གཞན་གྱི་ཞབས་ལ་དད་པས་ཐོད་པ་གཏུགས་པའི་ཚད་ནི་འཛམ་གླིང་གི་མི་རིགས་གང་གིས་ཀྱང་དོ་ཟླར་མི་ཡོང་བ་འདྲ། དེ་ལས་ལྡོག་སྟེ་ནང་བསྟན་ཡིན་པ་འདྲ་འདྲ་ཡིན་ན་ཡང་། ཉི་ཧོང་གི་དགོན་པའི་ནང་དུ་སྤྱིར་བཏང་གཙོ་སྐུ་གཅིག་མ་གཏོགས་མཐོང་རྒྱུ་མི་འདུག རྣམ་ཀུན་ཚོགས་ཆེན་འདུ་ཁང་གི་གསོམ་པའི་པང་གཅལ་གཙང་མར་ཕྱིས་ནས་འོད་ཡུག་ཡུག་བྱེད་ཅིང་། དད་ལྡན་དག་པང་གཅལ་གྱི་ཐོག་ནས་དཀྱིལ་ཀྲུང་ངམ་པུས་བཙུགས་སུ་བསྡད་ནས་དགོན་པའི་ཁྲི་བའི་གསུངས་ཆོས་ལ་ཉན་བཞིན་པ་རྟག་པར་མཐོང་ཐུབ།
  ཉི་ཧོང་གི་མི་མང་ཆེ་བ་ཕར་བལྟས་ཚོད་ཀྱིས་གདོང་དུ་ལྷོད་ཉམས་ཤིག་མངོན་འདུག ཡིན་ན་ཡང་ཁོ་ཚོ་ལམ་དུ་བསྐྱོད་དུས་གོམ་ཞེང་ཆེན་པོས་མདུན་ལ་མགྱོགས་མོར་བསྐྱོད་བཞིན་འདུག་ཅིང་། ཚུལ་དེར་བལྟས་ན་ཁོ་ཚོ་ཅི་ཞིག་གི་རྗེས་སུ་ལུས་དོགས་ཀྱི་སེམས་ཁྲལ་ཆེ་བ་ལྟར་སྣང་བ་དང་། ཁོ་ཚོའི་གོམ་མཚམས་་དེ་ལམ་མདོའི་གློག་དམར་པོ་དེས་མ་གཏོགས་འགོག་མི་ཐུབ་པ་འདྲ། ཉི་ཧོང་གི་གྲོང་ཁྱེར་དུ་ལམ་མདོའི་གློག་དམར་པོ་དང་ལྗང་གུའི་སྒྲིག་ལམ་བརྩི་སྲུང་བྱེད་པ་ནི་སྤྱིར་བཏང་གི་ཀུན་སྤྱོད་ཅིག་ཏུ་གྱུར་འདུག་ཅིང་། ལམ་འགྲམ་དང་སྤྱི་བའི་ས་ཆ་གང་དུ་ཡང་གད་སྙིག་བླུགས་སྒམ་ཕལ་ཆེར་མཐོང་རྒྱུ་མི་འདུག་ལ། ཁོ་ཚོས་རང་རང་གིས་བཟོས་པའི་གད་སྙིགས་སོ་སོའི་ཁུག་མར་བླུགས་ནས་ཁྱིམ་དུ་འཁྱེར་ཏེ་གད་སྙིགས་ལ་དབྱེ་བ་བགར་ནས་སྒྲིག་ལམ་ལྟར་དོར་བར་བྱེད། ཚུལ་འདི་དག་རང་རེའི་བོད་ཁུལ་ཏུ་གཡག་འགྱིང་འགྱིང་གིས་འགྲོ་བའི་གངས་ཅན་པ་དག་གི་བྱ་ལུགས་དང་གཏན་ནས་མི་མཚུངས་བར་སྣང་ངོ་།།
  སྔོན་ཆད་གྲོགས་པོ་ཞིག་གིས་ཉི་ཧོང་གི་འདོད་སྲེད་ཀྱི་འོད་སྡེར་ལ་བལྟས་རྗེས་སྤྱི་བསྡོམས་འདི་འདྲ་ཞིག་བྱས་མྱོང་ཡོད་དེ། ཨ་ཡ་མཚར། ཉི་ཧོང་གི་ཕོ་དེ་ཚོས་ཁོ་ཚོའི་བུད་མེད་ཀྱི་ལུས་པོ་ཡང་ཁོ་ཚོས་བཟོ་སྐྲུན་གནང་བའི་གློག་རྡུལ་གྱི་འཕྲུལ་ཆས་དེ་དག་གི་ཚུལ་དུ་བཞག་ཡོད་པ་འདྲ་སྟེ། ཁོ་ཚོས་འདོད་སྤྱོད་བྱེད་དུས་བུད་མེད་ཀྱི་ལུས་ཐོག་ཏུ་ཧ་ཅང་ནན་ཏན་གྱིས་ཐབས་སྣ་ཚོགས་སྤྱོད་པ་ནི་ཧ་ལས་ཤིང་ཧང་སངས་པའི་ཚད་དུ་གདའ་ཟེར། དེ་ལས་ལྡོག་ན་རང་རེའི་བོད་པ་ནི་མཁས་དབང་དགེ་ཆོས་ལགས་ཀྱིས་སྤྱི་བསྡོམས་བྱས་པ་བཞིན་མུན་པའི་ནང་ནས་ཙི་གུས་བརྐུ་བྱེད་པ་བཞིན་དགའ་སྦྱོར་བྱེད་པ་དང་། ངོས་དེ་ནས་བལྟས་ན་ཉི་ཧོང་བའི་བྱ་སྤྱོད་དེར་ཧ་ལས་པར་ཡང་ཁག་མི་འདུག་སྙམ། ང་ཉི་ཧོང་དུ་སྡོད་དུས། ངས་ཉི་ཧོང་གིས་དང་དོད་བྱེད་པ་ནི་བུ་མོའི་ལུས་པོའི་ཐོག་གི་ཚོར་བ་སྐྱེན་ས་དེ་དག་ཁོ་ན་མ་ཡིན་པར། ཁོ་ཚོས་བཟའ་བཏུང་གི་རིགས་སུ་ཡང་དེ་ལྟ་བུའི་དང་དོད་ནན་མོ་བྱེད་པ་མཐོང་བྱུང་། ཉི་ཧོང་གི་ཟས་རིགས་ནི་དངོས་གནས་ཕུན་སུམ་ཚོགས་པོ་འདུག ཁ་དོག་དང་བྲོ་བ་མཉམ་དུ་བསྡེབས་ནས་ཤེལ་སྒོའི་ནང་དུ་བཤམས་ཡོད་པ་དེ་དག་མིག་གི་ལོངས་སྤྱོད་ཙམ་མ་ཡིན་པར་ཞིམ་མངར་གྱི་དགའ་སྟོན་ཞིག་རེད། ཉི་ཧོང་བས་ཟ་མ་འཕྲོ་བརླག་ཏུ་གཏོང་བ་ནི་ངོ་ཚ་ཞིག་ཏུ་བསམས་བཞིན་ཡོད་པ་འདྲ། ངས་ཟ་ཁང་གང་དུ་ཡང་ཟས་ལྷག་འཐུང་ལྷག་བསྐྱུར་ཡོད་པའི་སྣང་ཚུལ་གཅིག་ཀྱང་མཐོང་མ་བྱུང་། ཞིབ་ཏུ་དཔྱད་ན། ལྷག་མ་མི་བསྐྱུར་བ་དེ་ནི་ཉི་ཧོང་གི་ཁ་ཟས་གཡོས་སྦྱོར་བྱེད་སྟངས་ལ་ཡང་རག་ལས་སྟེ། ཁོ་ཚོས་ཁ་ཟས་བཟོ་དུས་རྡོག་རྡོག་ཆུང་ཆུང་ངམ་ཡང་ན་ཁུ་བ་ཕོར་བ་ཆུང་ཆུང་རེ་བཟོ་བར་བྱེད། ཉི་ཧོང་ལ་རྒྱུས་མངའ་ཡོད་པའི་གྲོགས་པོ་ཞིག་གིས་ང་ལ་ཉི་ཧོང་གི་མི་རྣམས་དུས་རྒྱུན་དུ་ཕོ་བ་བགྲང་གི་ཡོད་པ་མ་རེད་ཟེར་བ་དེ་ཡང་གནད་འདི་ལ་ཐུག་མེད་དམ་སྙམ་པའི་ངོས་ཟིན་ཞིག་བྱུང་། ངས་ཉི་ཧོང་ནས་བརྙན་འཕྲིན་གྱི་ཁ་འབྱེད་དུས་ལེ་ཚན་མང་ཆེ་བར་ཟས་རིགས་གཡོས་སྦྱོར་བྱེད་སྟངས་ངོ་སྤྲོད་བྱེད་བཞིན་པ་མཐོང་མྱོང་། ཚུལ་དེ་ལ་དཔྱད་ན་ཉི་ཧོང་ནི་བཟའ་བཏུང་ལ་དང་དོད་ནན་མོ་བྱེད་པའི་མི་རིགས་ཤིག་ཡིན་པའི་སེམས་ཚོར་རེ་སྤྲད་ཡོང་། ང་ཕྱིར་རྒྱལ་ནང་དུ་ལོག་རྗེས་ཀྱང་ཉི་ཧོང་གི་ཟས་མཆོག་དེ་དག་གི་བྲོ་བ་བརྗེད་མི་ཐུབ་པས། མཚམས་རེར་པེ་ཅིང་དུ་ཡོད་པའི་ཉི་ཧོང་གི་གསོལ་ཁང་དུ་བསྐྱོད་དེ་ཟས་ལ་རོལ་ན་ཡང་ཉི་ཧོང་གི་བྲོ་བ་རྣལ་མ་དེ་འདྲ་ཞིག་མ་ཡིན་པར་འགྱུར་འདུག་པའི་ཕངས་སེམས་བྱུང་།
  ཕྱིས་སུ་ང་ཉི་ཧོང་གི་རྒྱལ་ས་ཐའོ་ཁེའོ་དང་། གྲོང་ཁྱེར་ཆེན་པོ་ཡོ་ཁོ་ཧ་མ། ན་གོ་ཡ། ན་ར། ཨོ་ས་ཀ་སོགས་ལ་ཡུལ་བསྐོར་ལྗོངས་རྒྱུར་ཕྱིན་པ་ཡིན། གྲོང་ཁྱེར་དེ་དག་ལ་བསྐྱོད་དུས་ངའི་ཡིད་དུ་སྐྱེས་པ་ཕོ་ཞེས་པ་དེ་ཡང་ཡང་འཁོར་ཡོང་། པེ་ཅིན་དུ་ཡོད་དུས་ངས་དྲ་བའི་ཐོག་ནས་རྩོད་གླེང་འདི་འདྲ་ཞིག་བྱེད་པ་མཐོང་། རྒྱ་རིགས་ཕོ་ཞིག་གིས་ང་ཚོའི་རྒྱ་མོ་ཚོ་ནི་དངོས་ནས་ངོ་ཚ་རྒྱུ་མི་འདུག་ཨང་། ཕྱི་གླིང་བ་སྐྲ་སེར་དེ་ཚོར་དགའ་མོས་ཐལ་དྲགས་བྱས་ནས་དེ་དག་ལ་ཉལ་པོ་བྱེད་པ་ནི་དཔེ་མི་སྲིད་པ་ཞིག་རེད་ཨང་ཞེས་གླེང་བསླངས་པ་ལ། མི་མང་པོ་ཞིག་གིས་རྒྱབ་སྐྱོར་གྱི་སྐད་ཆ་མང་པོ་བཤད་འདུག དེ་ལ་བུ་མོ་ཞིག་གིས་ལན་འདི་འདྲ་ཞིག་བཏབ་འདུག་སྟེ། ང་ཚོ་ཕྱི་གླིང་སྐྲ་སེར་ལ་དགའ་བར་རྒྱུ་མཚན་ཡོད་དེ། ངེད་ཅག་རྒྱ་རིགས་སྐྱེས་པ་དག་ནི་ཁ་ནས་གཏམ་འཇོན་པོ་ལབ་པར་མཁས་པ་ལས་ལག་ནས་ཅི་ཡང་མི་འཁྱོངས་པའི་ནུས་མེད་འབའ་ཞིག་ཡིན། ཁྱེད་ཅག་སྐྱེས་པ་ཚོས་ང་ཚོ་རང་ཉིད་ཀྱི་ཁྱིམ་གཞིས་ལྟ་བུའི་ཁོར་ཡུག་འདི་འཛུགས་སྐྲུན་བྱེད་ཚུལ་ལ་ལྟོས་དང་། སྦག་བཙོག་གིས་ལྷད་ནས་ད་ནི་ང་ཚོ་བུད་མེད་ཚོས་ཕྲུ་གུ་ཡང་བཙའ་མི་ཐུབ་པའི་ཚད་དུ་བཏང་འདུག དེ་ལས་ལྡོག་སྟེ་ཕྱི་གླིང་བའི་སྐྱེས་པ་དག་གིས་སོ་སོའི་ཁྱིམ་གཞིས་སྐྱོང་སྟངས་ལ་ལྟོས་དང་། ལྗང་མདོག་ཅན་དང་བདེ་སྐྱིད་ཅན་དུ་བཏང་ནས་བཟའ་མི་དང་མི་རིགས། རྒྱལ་ཁབ་ལ་སྲུང་སྐྱོབ་ཅི་འདྲ་བྱས་འདུག ང་ཚོ་ཁོ་ཚོར་དགའ། ཁྱོད་ཚོ་འཇོན་ན་སྐྲ་སེར་ནང་བཞིན་འཁྱོངས་བར་བྱོས་ཤིག་ཟེར། རྣམ་ཀུན་ངས་ཁྱིམ་ཚང་ཞིག་གམ། མི་རིགས་ཤིག རྒྱལ་ཁབ་ཅིག་གང་ཡིན་ན་ཡང་། དེ་ཁྱིམ་གཞིས་ལྟར་སྐྱོང་བའི་འགན་གཙོ་བོ་དེ་སྐྱེས་པ་དག་ལ་འགན་ཁུར་ཆེན་པོ་ཡོད་པའི་ལྟ་ཚུལ་བཅངས་ཡོད། སྐྱེས་པ་དག་གི་བློ་རིག་དང་། སྙིང་སྟོབས་ཀྱིས་ཁྱིམ་མི་སྐྱོང་ལ་ཕ་རོལ་དགྲ་བོ་འགོག ཉི་ཧོང་གི་གྲོང་ཁྱེར་དེ་དག་ལ་བསྐྱོད་དུས་ངས་ཉི་ཧོང་གི་སྐྱེས་པ་དག་ནི་ཅི་འདྲའི་འཇོན་པོ་ཅན་ཏག་ཏག་རེད་ཨང་སྙམ་བྱུང་། ཁོ་ཚོས་ཁོར་ཡུག་དང་། བཟོ་བཀོད། སྲང་ལམ། ཐ་ན་ཆུ་ཡུར་ཞིག་ཡིན་ཡང་། སྤུས་དག་ཅིང་སྙིང་དུ་སྡུག་པ་རྐྱང་རྐྱང་བཟོས་འདུག་ལ། གྲོང་ཁྱེར་ཅི་འདྲ་ཆེ་ན་ཡང་ག་ས་གར་དུ་ཁྱིམ་གཞིས་དྲོན་མོའི་སྣང་བ་འགོག་མེད་ཏུ་སྤྲད་ཡོང་། དེ་དང་བསྡུར་ན། རང་ཅག་བོད་པའི་སྐྱེས་པ་དག་ནི་ཅི་འདྲའི་ནུས་མེད་འཇོན་ཞན་ཅན་ཞིག་རེད་ཨང་། ང་ཚོས་རང་གི་ཁྱིམ་བཟའ་ཚང་དང་། འཚོ་གནས་ཀྱི་ཁོར་ཡུག་ལ་བདག་སྐྱོང་བྱེད་ཐུབ་ཡོད་དམ། ལོ་རྒྱུས་ཡར་དེད་ན་ཡང་འདྲ་མར་དེད་ན་ཡང་འདྲ། ང་ཚོས་རང་ཉིད་ལ་བློ་རིག་ཡོད་རབས་ཟེར། དཔའ་སྤོབས་ཆེ་རབས་ཟེར། མིག་རྒྱང་རིང་རབས་ཟེར། ཡིན་ན་ཡང་། ངེད་ཅག་གི་སྐྱེས་པ་དག་གིས་དོན་དམ་དུ་ཅི་ཞིག་འཁྱོངས་ཡོད་མིན་ལ། ངས་ཉི་ཧོང་གི་གྲོང་ཁྱེར་དེ་དག་ནས་བསམས་གཞིགས་མང་པོ་གཏོང་དགོས་བྱུང་།
  མེ་འཁོར་ལ་བསྡད་ནས་སིན་ཀན་སན་ཟེར་བའི་འཛམ་གླིང་ཐོག་ཆེས་མྱུར་བའི་ལྕགས་ལམ་དེ་བརྒྱུད་དེ་ཁྱེའོ་ཏའོ་ལ་ལོག་པའི་ལམ་ཏུ། ངས་མེ་འཁོར་གྱི་སྒེའུ་ཁུང་ནས་ཉི་ཧོང་གི་མཚོན་བྱེད་ལྟ་བུར་གྱུར་བའི་ཧྥུ་ཧྲི་རི་བོ་ཉི་ནུབ་ཀྱི་འོད་སེར་བོ་ཞིག་གིས་གཡོགས་ཡོད་པ་མཐོང་། མེ་འཁོར་ནང་དུ་ལམ་འགྲོན་ཀུན་ཁུ་སིམ་མེར་རང་རང་གི་འཇིག་རྟེན་ལ་གཡེང་འདུག་སྟེ། ཁ་ཤས་ཤིག་གིས་དཔེ་ཆར་ལྟ་བཞིན་འདུག་ཅིང་། ཁ་ཤས་ཤིག་གིས་རྣ་བའི་ནང་དུ་ཉན་བྱེད་བཙུགས་ནས་མིག་ཟུམ་སྟེ་སྡོད། ཉི་ཧོང་དུ། ཁྱེད་རང་འགྲོ་ཤེས་ན་འགྲིམ་འགྲུལ་སྟབས་ཤིན་ཏུ་བདེ་པོ་འདུག གྲོང་ཁྱེར་དུ་མི་རྣམས་ས་འོག་དང་ས་ཐོག་གི་ལྕགས་ལམ། དེ་མིན་སྤྱི་སྤྱོད་རླངས་འཁོར་སོགས་སུ་སྡོད་ནས་འགྲོ་ཞིང་། སྐབས་དེ་དག་ཏུ་ངས་ཉི་ཧོང་གི་མི་རྣམས་ཀྱི་གདོང་དུ་ཐང་ཆད་པའི་རྣམ་འགྱུར་སྡུག་པོ་རེ་སྤྲིན་པ་ནག་པོ་ཞིག་དང་མཚུངས་བར་འཐིབས་ཡོད་པ་མཐོང་། གྲོགས་པོ་ཞིག་གིས་ཉི་ཧོང་གི་མི་རྣམས་རྣམ་ཀུན་ཕོ་བ་བགྲང་བཞིན་མེད་པ་ལས་གཞན། གཉིད་ཀྱང་འདང་གི་མེད་ཟེར། ཁོ་ཚོའི་སྤྱི་ཚོགས་ནི་འགྲོས་མྱུར་བའི་སྤྱི་ཚོགས་ཤིག་ཡིན་ལ། ཁོ་ཚོའི་འཚོ་བ་ནི་ཇུས་འགོད་ཞིབ་མོར་བཟོས་ཡོད་པའི་འཚོ་བ་ཞིག་རེད། ཉི་ཧོང་གི་མི་རྣམས་བྲེལ་བྲེལ་བ་འཚུབ་འཚུབ་ཀྱིས་མི་ཚེ་གཅིག་ལ་ལས་ཀར་བརྩོན་བཞིན་ཡོད་པ་ནི། རང་རེས་བརྗོད་པའི་ལས་ལ་བརྩོན་པ་ཞེས་པ་དེའི་མཚོན་གཞི་ཡིན་པ་འདྲ། ཁོ་ཚོ་དེ་ལྟར་ཉིན་མཚན་མེད་པར་ལས་ཀར་གཞོལ་དགོས་པར་བརྟེན། ཐང་ཆད་པའི་བཟོ་ལྟ་མི་ཚང་མའི་རྣམ་འགྱུར་དུ་མངོན་འདུག མེ་འཁོར་ནང་མི་མང་པོ་ཞིག་གིས་མིག་ཟུམ་ནས་གཉིད་དུ་ཡུར་འདུག གཉིད་དུ་ཡུར་མེད་པ་དེ་དག་གིས་ཀྱང་དཔེ་དེབ་རེ་ཀློག་བཞིན་འགྲོ། དེ་བས་ཉི་ཧོང་གི་སྤྱི་སྤྱོད་འགྲིམ་འགྲུལ་འཁོར་ལོའི་འཁོར་སྒམ་ནང་དུ་རང་ཅག་དང་མཚུངས་བར་ཟ་ང་ཟིང་ངེ་ཞིག་མ་ཡིན་པར་ལྷིང་འཇགས་སུ་གནས། ང་ངལ་བས་དུབ་པའི་ངོ་གདོང་དེ་དག་གི་ཁ་གཏད་དུ་སྡོད་དུས། སེམས་སུ་བདེ་སྐྱིད་ཟེར་བ་དེ་དོན་དམ་དུ་ཅི་ཞིག་ཡིན་ནམ་ཟེར་བའི་དོགས་གཞི་ཞིག་སེམས་ནས་མདུད་པ་བཞིན་བརྒྱབ་བྱུང་།
  བདེ་སྐྱིད་ཟེར་བ་ཅི་ཞིག་ཡིན་ནམ། ཧྥུ་ཧྲི་རི་བོ་ཉི་ནུབ་ཀྱི་ཟེར་མས་བྲན་འདུག གོ་ཐོས་སུ་ཧྥུ་ཧྲུ་རི་བོའི་འདབས་ཀྱི་ནགས་ཚལ་དུ་སྲོག་ལྕེབས་ནགས་ཟེར་བ་ཞིག་ཡོད་རབས་ཟེར། ནགས་དེའི་ནང་དུ་ལོ་རེར་ཉི་ཧོང་གི་འཚོ་བའི་གནོན་ཤུགས་དང་། ཚེ་སྲོག་གི་ལྗིད་ཚད་མ་ཐེག་པར་རང་སྲོག་གཅོད་མཁན་གྱི་མི་མང་པོ་ཡོང་ནས་རང་སྲོག་ལྕེབས་བཞིན་ཡོད་ཅིང་། ད་ལྟ་ཡང་ག་ས་གར་དུ་རུལ་མྱགས་སུ་གྱུར་བའི་རོ་མང་པོ་མཐོང་རྒྱུ་ཡོད་ཟེར། ངས་འཛམ་གླིང་ཐོག་ཆེས་མྱུར་བའི་མེ་འཁོར་གྱི་སྒེའུ་ཁུང་ནང་ནས་ཧྥུ་ཧྲི་རི་བོར་གྱེས་ཕྱག་འབུལ་སྐབས། ཉི་ཧོང་གི་མགྱོགས་ཚད་ཚོར་བར་མ་ཟད། ཉི་ཧོང་གི་མགྱོགས་ཚད་ཀྱི་འགྲམ་ངོགས་སུ་ལུས་པའི་རང་སྲོག་ལྕེབས་མཁན་དག་གི་མི་རོ་དེ་དག་དྲན་བྱུང་། དོན་དམ་དུ། ཤར་གྱི་གླིང་ཕྲན་འདིར་ཆགས་པའི་རྒྱལ་ཁབ་འདིས་ཀྱང་འཕེལ་རྒྱས་ཀྱི་མྱུར་ལམ་ནས་བདེ་སྐྱིད་ཀྱི་བདེན་པ་འབོར་བཞིན་ཡོད་དམ།
  ཕྱིར་ཁྱེའོ་ཏའོ་ལ་ལོག་པའི་ལམ་དུ། ངས་བདེ་སྐྱིད་ཀྱི་སྐོར་ལ་བསམ་བློ་བཏང་ནས་ཡོང་དུས། ཉི་ཧོང་གི་ལམ་འགྲོན་རྣམས་མེ་འཁོར་གྱི་འཁོར་སྒམ་དུ་ངལ་བས་དུབ་ནས་གཉིད་དུ་ཡུར་འདུག

༢༠༡༤ལོའི་ཟླ་༡༢པའི་ཚེས་༣ཉིན་ལྷ་ས་ནས།

རྩོམ་འདིའི་པར་དབང་བོད་རྩོམ་ཉི་འགྱུར་མའི་དུས་དེབ《གསེར་ཉ》ལ་དབང་བས་གཞན་གྱིས་དགོལ་མི་རུང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བྱམས་རྒྱལ་གྱི་རྩོམ་གསར་བ། བོད་པ་ཞིག་གི་མིག་ནང་གི་ཉི་ཧོང་།

2014-12-14 ལྷ་བྱམས་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།