ཁྱེད་ཀྱི་ལམ། ཁྱེད་ཀྱི་ལས་དབང་།

                 ___དགེ་རྒན་དུས་ཆེན་ལ་ཕུལ་བ།

  ཞོགས་པར། མི་རྣམས་ད་དུང་གཉིད་དུ་ཡུར་སྐབས། ཁྱེད་ཀྱིས་ཁ་ལག་གཙང་མར་བཀྲུས། ནངས་ཟས་སྟབས་བདེ་ཞིག་ཟོས་པ་དང་། ནང་དུ་བསླབ་དེབ་བཅུག་པའི་དཔེ་ཁུག་ལག་ཏུ་ཐོགས་ཤིང་མཐའ་ཤན་ནག་པོའི་ཤེལ་མིག་གདོང་ལ་བསྐྱོན་རྗེས་བྲེལ་བྲེལ་གྱིས་གཞུང་སྒྲུབ་ཁང་དུ་སོང་། མེ་དྲོད་དང་གློག་དྲོད་གང་ཡང་མེད་པའི་སྲིབ་ངོས་ཀྱི་ཁང་པ་དེ་ནས། ཁྱེད་ཀྱིས་རི་ལྟར་བརྩིགས་པའི་ལས་བྱ་འབྲི་དེབ་རེ་རེ། གཟབ་ནན་གྱི་སྤྱན་ཟུང་དང་འཁྱག་ཕྱིད་དུ་གྱུར་པའི་ལག་ནང་དུ་ངང་རིང་གིས་བླངས། འཐེན་སྒམ་གྱི་ལྷུ་ཚིགས་སྔ་མོ་ནས་ཐོར་བའི་གཞུང་སྒྲུབ་མདུན་ཅོག་གི་གཡོན་ཟུར་ན། ཚགས་པར་མང་པོ་ཞིག་སྤུངས་པའི་སྟེང་དུ། དགེ་རྒན་གྱི་ཟླ་ཕོགས་གཞུང་ཞབས་པ་ལས་མི་དམའ་བའི་སྲིད་ཇུས་ཀྱི་ཁྱབ་སྒྲོག་ཇི་འདྲ་མང་པོ་ཞིག་བཀོད་འདུག་ཨང་། ལས་བྱ་བཅོས་སྐབས། ཁྱེད་ཀྱི་ཡིད་ལ་སློབ་མ་རེ་རེའི་སློབ་སྦྱོང་གི་སྣང་བརྙན་ཤར་ཞིང་། སློབ་ཁྲིད་གྲ་སྒྲིག་འབྲི་སྐབས། ཁྱེད་ཀྱི་སེམས་སུ་ཁྲིད་ཐབས་སྣ་ཚོགས་ཤར་བ་ལས། ཚགས་པར་སྟེང་གི་ཁྱབ་སྒྲོག་ཡི་གེ་དེ་དག་གི་ནང་དོན་ཟུར་ཙམ་ཡང་ཤར་ཀྱི་མེད། འོན་ཏེ། ཁྱོད་ཀྱི་ཁོམ་དྲགས་པའི་གྲོགས་པོ་གཞུང་ཞབས་པས། ཁྱོད་ལ་ཁ་པར་བཏང་ནས་གཞུང་ཞབས་པ་སྐྱིད་ཚུལ་དང་ཟླ་ཕོགས་མཐོ་ཚུལ་བཤད་དུས། ཁྱེད་ཀྱི་སེམས་ལ་རང་ཤུགས་ཀྱིས་རང་གི་གཞུང་སྒྲུབ་མདུན་ཅོག་སྟེང་གི་ཚགས་པར་དེ་དག་དྲན་ཡོང་བའི་མོད་ལ། སྐད་ཆ་ཚིག་གཅིག་མི་བཤད་པར་ཁུ་སིམ་མེར་གྲོགས་པོའི་ཁ་པར་གཏན་ངེས།
  ཕྱི་དྲོ། ཁྱེད་རང་དུས་ཐོག་ཏུ་སློབ་ཁྲིད་ལ་ཕེབས། ཁྱེད་ཀྱི་ནང་ལ་སྒུར་བའི་ལུས་པོ་དང་། དཀར་ཐིག་བབས་པའི་སྐྲ་འདབ། ཞི་དུལ་བབ་ཆགས་ཀྱི་མིག་འོད་མཐོང་ཚེ། སློབ་མ་རྣམས་རང་ཤུགས་ཀྱིས་ཡར་ལངས་ནས་ཁྱེད་ལ་གུས་འདུད་ཞུས་ཏེ། ཁྱེད་ཀྱིས་གནང་བའི་ཤེས་བྱའི་དགའ་ཚལ་དང་ཤེས་རབ་ཀྱི་འོད་ཟེར་ལོངས་སུ་སྤྱོད་པར་ཞུགས། རང་གི་མདུན་གྱི་མིག་ཟུང་དྭངས་མོ་དང་ལྷད་མེད་ཀྱི་འཛུམ་མདངས་རྣམས་མཐོང་ཚེ། ཁྱེད་ཀྱི་སེམས་ལ་དགའ་བ་དང་སྤོབས་པ་ཅིག་ཅར་དུ་སྐྱེས་ནས། དུས་ཡུན་སྐར་མ་ཞེ་ལྔ་ནི་སྐད་ཅིག་ཙམ་ལ་འདས་འགྲོ། ཁྱེད་ཀྱིས་ས་སྨྱུག་གི་རྡུལ་དཀར་གྱིས་སྦགས་པའི་གོང་བ་དང་ལག་པ་སྣང་ཆུང་གི་ཉམས་ཀྱིས་སྤྲུག་ཙམ་བྱས་ཏེ། གློ་ལུ་ཞིག་བརྒྱབ་ནས་སློབ་ཐུན་གྲོལ་པ་ན། ལུད་པའི་ནང་དུ་རྡུལ་དཀར་ཞིག་འཕྱུར་བ་སུས་ཀྱང་ཚོར་གྱིན་མི་འདུག སློབ་གསེང་སྐབས་སུ། ཁྱེད་ཀྱིས་སློབ་སྦྱོང་ལ་མི་དགའ་བའི་སློབ་མ་ཁ་ཤས་གཞུང་སྒྲུབ་ཁང་དུ་བོས་ཏེ། དུས་ཡུན་རིང་པོ་ཞིག་ལ་ཁོ་ཚོ་དང་ཁ་བརྡ་བྱས། རིག་པ་གཞོན་པའི་དུས་ན་བསླབ། །བ་ནི་དགུན་གྱི་དུས་སུ་གསོ། །ཞིང་ལ་དྲོད་གཤེར་ལྡན་ཚེ་རྨོ། །འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། །རིག་པ་ནངས་པཪ་འཆི་ཡང་བསླབ། །ཚེ་འདིར་མཁས་པཪ་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་པ་ཡི། །ནོར་ལ་ཪང་ཉིད་ལེན་པ་འདྲ། །ཁྱེད་ཀྱིས་སུན་སྣང་མེད་པཪ་གནས་ལུགས་དེ་དག་གི་ཕ་ངོ་མ་ངོ་སྤྲད་ཚེ། མགོ་བོ་སྨད་པའི་སློབ་མ་དེ་དག་གིས་ཀྱང་ཅི་ཞིག་ཧ་གོ་བའི་ཚུལ་གྱིས་འགྱོད་པའི་མིག་ཆུ་ཕྱིས་ཏེ་མགོ་བོ་ཡཪ་དགྱེ་སོང་།
  དགོང་མོ། ཁྱེད་རང་ཚོགས་འདུ་ཞིག་ལ་ཕེབས། མ་གསང་བར་བཤད། ཁྱེད་ཀྱིས་ཚོགས་འདུ་དེ་ནི་དགེ་རྒན་གྱི་ཟླ་ཕོགས་སྲིད་ཇུས་སྐོར་གྱི་ཚོགས་འདུ་ཞིག་ཡིན་ནམ་སྙམ་མོད། དོན་དངོས་སུ། ཚོགས་འདུའི་སྟེང་དུ། རྫོང་རིམ་པའི་མགོ་པས་ཁྱེད་ལ་བཀའ་བཀྱོན་དྲག་པོ་ཞིག་གནང་སོང་། "ཁྱེད་ཀྱི་སློབ་མའི་སྦྱངས་འབྲས་གཞན་ལ་མི་དོ་དོན་ཅི་རེད། ཁྱེད་ཀྱི་སློབ་མར་རང་སྣང་དང་སྐད་མགོ་ཆེ་དོན་ཅི་རེད། ཁྱེད་ཀྱི་དཔྱད་རྩོམ་ལ་བྱ་དགའ་ཐེངས་གཅིག་ཀྱང་མི་ཐོབ་པའི་རྒྱུ་མཚན་ཅི་རེད།" རྒྱུ་མཚན་ཁུངས་འདེད་ཀྱི་ཚོགས་འདུ་དེས་ཁྱེད་ཀྱི་གངས་ལས་དཀར་བའི་སེམས་ཁོང་མུན་ནག་ཏུ་བསྒྱུར་ནས། རྒྱུ་མཚན་བཤད་འདོད་ཀྱི་སྤོབས་པའང་ཕྲོགས་སོང་། སྐབས་དེར། ཁྱེད་ལ་གློ་ལུ་དྲག་པོ་ཞིག་ལངས་སོང་། ཁྱེད་ཀྱིས་མགོ་བསྒུར་ནས་མདུན་ཅོག་འོག་ཏུ་བསྟུད་མར་གློ་ལུ་བརྒྱབ། དེ་ནས་བཟུང་། ཁྱེད་ཀྱི་གློ་ལུ་ཇེ་ཐུར་གྱུར། ཚོགས་འདུ་གྲོལ་རྗེས། ཁྱེད་རང་ཁུ་སིམ་མེར། གློ་ལུ་རྒྱག་བཞིན། ཡ་ཡོའི་འགྲོས་ཀྱིས་རང་ཁྱིམ་དུ་ལོགལམ་བར་དུ། ཁྱེད་ཀྱིས་དུས་ཡུན་རིང་བོ་ཞིག་ལ་རང་གི་བཟའ་ཟླ་དང་བུ་ཕྲུག་ལ་ཁ་པར་མ་བརྒྱབ་པ་དྲན། ཁྱེད་ཀྱིས་གློ་ཁུག་ནས་ཁ་པར་བླངས་ཏེ། བུ་ཕྲུག་གི་ཨང་གྲངས་གནོན་སྐབས། སླར་ཡང་གློ་ལུ་ཞིག་བརྒྱབ་སྟེ། ལག་གི་ཁ་པར་ཡང་ལམ་འགྲམ་གྱི་ཆུ་རྐ་རུ་ལྷུང་སོང་། ཐེངས་དེའི་གློ་ལུ་དེ་སྔོན་ཆད་དང་མི་འདྲ། བྲང་ཁོང་ཧྲིལ་བོ་མེ་ཡིས་སྲེག་པ་བཞིན་ཚ་བེ་རེར་གྱུར། ཁྱེད་ཀྱི་ལག་པས་བྲང་ཁ་དམ་དུ་མི་སྐྱོར་ཀ་མེད་བྱུང་། ཆུ་རྐའི་ནང་གི་ཁ་པར་ལས། སྙིང་ནས་དྲན་པའི་སྐད་ངག་ཅིག་གིས་ཁྱེད་ལ"པ་ལགས"ཞེས་འབོད་པ་ཐོས་ཀྱང་། སྙིང་རྗེ་བྲལ་བའི་གློ་ལུ་དེས་ཁྱེད་ལ་ཁ་པར་ལེན་དབང་དང་སྐད་ཆ་བཤད་དབང་མ་བྱིན།
  མཚན་མོར། ཁོར་ཡུག་ཁུ་སིམ་མེར་གྱུར། མཁའ་ན་ཟླ་བ་མེད་ལ་རྒྱུན་པཪ་མཐོང་དུ་ཡོད་པའི་སྐཪ་ཚོགས་ཀྱང་སྤྲིན་གྱིས་བསྒྲིབས་འདུག ཁྱེད་ཀྱིས་ནད་ཁྲི85པའི་སྟེང་ནས་གློ་ལུ་ཡང་ཡང་རྒྱག་བཞིན་དོན་དག་མང་པོ་ཞིག་ལ་བསམ་བློ་བཏང་། མི་ནི་ལྷག་བསམ་གྱི་དོན་དུ་འཚོ་བ་མིན་ན་མི་ཚེ་ལ་དོན་སྙིང་མེད། འདི་ནི་ཁྱེད་ཀྱི་བསམ་བློ་གཏོང་སྟངས་ཤིག་ཡིན། མི་རིགས་ཤིག་གནས་ཐུབ་པའི་རྩ་བ་དེ་མི་རིགས་དེའི་སྐད་ཡིག་གི་སློབ་གསོར་ཐུག་ཡོད། འདི་ནི་ཁྱེད་ཀྱི་ལམ་གྱི་གདམ་ཀ་ཞིག་ཡིན། འོན་ཀྱང་། ཁྱེད་ཀྱི་བསམ་བློ་གཏོང་སྟངས་དང་ལམ་གྱི་གདམ་ཀ་དེ་ལ་དགའ་བསུ་ཐོབ་མཁན་གྱི་སྤུན་ཟླ་མང་པོ་མེད། ཁྱེད་ཀྱི་སྤུན་ཟླ་མང་ཆེ་བ་ཞིག་ཁ་ནས་དོན་དག་གཅིག་བཤད་དེ་ལག་ནས་དོན་དག་གཞན་ཞིག་སྒྲུབ་མཁན་ཤ་སྟག་ཡིན། དེ་ནི་ཇི་འདྲའི་རྒྱུ་འབྲས་བློ་མིག་གིས་སྟོང་པའི་ལམ་ཕྱོགས་ཤིག་རེད་མོད། ཁྱེད་ཀྱི་འགྲམ་དུ་སྡོད་པའི་ལས་གྲོགས་དང་། ཁྱེད་ཀྱི་གོང་དུ་བཞུགས་པའི་མགོ་ཁྲིད་དེ་དག་གིས་ཀྱང་ཁོག་ནས་ལམ་ཕྱོགས་དེ་ལ་སྙིང་ནས་གུས་འདུད་ཞུ་བཞིན་ཡོད་པས། ཁྱེད་ལ་ཐབས་ཅི་ཡོད་དམ། ཁྱེད་ཪང་ཁེར་རྐྱང་ཅི་ལ་མིན། ཁྱེད་ཀྱི་གཞོན་པའི་ལང་ཚོ་གང་ལའང་མ་ཟད་སློབ་གསོའི་དོན་དུ་ཟད་ནས། ད་ནི་གློ་བ་ས་སྨྱུག་གིས་འཚངས། མགྲིན་པ་སྐམ་ཞིང་འགགས། མིག་གི་རྣོ་འོད་ཉམས་ཁཪ་སྙིང་ནད་ཀྱིས་ཀྱང་ཁྱེད་ཀྱི་བདེ་ཐང་ལ་ངེས་མེད་རྒོལ་རྡུང་བྱེད་དུས། ཁྱེད་ལ་ཐོབ་པ་ནི་མགོ་ཁྲིད་ཀྱི་སྡིགས་མོ་དང་ཁྱིམ་བདག་གི་ལེ་བདའ་ལས་ཅི་ཡང་མེད་པ་འདྲ་ཡང་། ཁྱེད་ཀྱིས་དེ་ལྟཪ་གཏན་ནས་འདོད་མེད། ཁྱེད་ཀྱིས་ནམ་ཡང་ཐག་རིང་ཞིག་ལ་བསམ་བློ་བཏང་ཡོད། ཁྱེད་ཀྱིས་བཤད་ན། བདེ་སྐྱིད་ནི་ལྷག་བསམ་བརྩོན་ལེན་གྱི་འབྲས་བུ་ཡིན་ཟེར། སྐབས་དེར། ཁྱེད་ཀྱི་སློབ་བུ་ཞིག་གིས་ཁ་བཏགས་དཀཪ་པོས་མེ་ཏོག་ཆུན་པོ་ཞིག་གི་ཕོན་ཐག་བྱས་ཏེ། "དགེ་རྒན་ལགས།ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ"ཞེས་ཕུལ་པ་ན། ཁྱེད་ཪང་ད་གཟོད་ནད་ཁྲི་ལས་རོ་སྟོད་དགྱེ་ཞིང་། བྱམས་བརྩེས་ཁེངས་པའི་འཛུམ་གྱིས་རིན་ཐང་བྲལ་བའི་ལེགས་སྐྱེས་བཞེས་པཪ་བྲེལ་སོང་།
  ཁྱེད་ནི་ཁུ་སིམ་མེར་གོམ་ཁ་བརྟན་མོས་རང་གི་ལམ་དུ་འགྲོ་བ་ཞིག ཁྱེད་ནི་ལྷག་བསམ་གྱི་དོན་དུ་འཚོ་བའི་ཀྲུང་གོའི་ལས་བྱེད་དབུལ་བོ་ཞིག ཁྱེད་ཀྱི་འགན་དུ་ལྕི་བའི་བྱ་བ་ཐམས་ཅད་མེས་རྒྱལ་དང་མི་རིགས་ཀྱི་ལས་དབང་ལ་དམ་དུ་འབྲེལ་བ་སུས་ཀྱང་ཤེས་མོད། ཁྱེད་ཡོད་སའི་ནམ་མཁའ་དང་བཪ་སྣང་གིས་ཁྱེད་ཀྱི་འཚོ་གནས་ལ་དེ་འདྲ་ཐུགས་ཁུར་མི་བྱེད་དོན་ག་རེ་ཡིན་ནམ། མི་ལ་ལས། ཁྱེད་ཀྱི་བྱ་བ་དེ་གནམ་འོག་གི་ཆེས་རླབས་ཆེན་ཡིན་ཚུལ་བཤད་ཀྱང་དེ་ནི་ཁ་བསྟོད་ཙམ་སྟེ། མི་དམངས་ཀྱི་ལས་ཁུངས་གང་སར་ཐོག་མར་བསུ་བ་ནི"དམག་མི"ལས"དགེ་རྒན"ག་དུས་ཡིན་མྱོང་། མི་ལ་ལས། ཁྱེད་ལ་དགེ་བའི་བཤེས་གཉེན་ཞེས་གུས་ཚིག་གིས་འབོད་ཀྱང་དེ་ཡང་ཕྱི་ཚུལ་ཙམ་སྟེ། ཁྱིམ་ཚང་སློབ་གསོའི་ནང་གི་འཚོལ་སྙེགས་སློབ་གསོ་ནི"གཞུང་ཞབས་པ"ལས"དགེ་རྒན"ནམ་ཞིག་ཡིན་མྱོང་། ཁྱེད་ནི་གནོན་ཤུགས་དང་མཐོང་ཆུང་དེ་འདྲའི་ཁ་འོག་ནས་ཡཪ་ལངས་པ་ཞིག་ཡིན་པས། ང་ནི་སྙིང་རུས་ཅན་གྱི་ཁྱེད་ལ་ཇི་འདྲས་དགའ་ཞིང་། ཁྱེད་ཀྱི་ལས་གནས་ལ་ནི་དེ་བས་དགའ། སྙིང་རུས་དང་། ཤེས་རབ། བྱམས་བརྩེ་བཅས་ཀྱི་ནུས་ཁུངས་བཙལ་བཙལ་ཀྱང་། ཁྱེད་མིན་ན་སུ་ཞིག་གིས་གཏེཪ་ཁ་དེ་དག་སྔོག་ཐུབ། མེས་རྒྱལ་དང་མི་རིགས། མི་ཪབས་གསཪ་བའི་རེ་བའང་བོས་བོས་ཀྱང་། ཁྱེད་མིན་ན་སུ་ཞིག་གིས་འོད་སྣང་དེ་དག་འདྲེན་ཐུབ། འཚོལ་ཤེས་ན། ཁྱེད་ནི་དུས་རབས་ཀྱི་བླ་སྲོག་བཟོ་མཁན་ལགས། སྐྱོང་ཤེས་ན། ཁྱེད་ནི་ཤེས་རིག་གི་བདེ་སྐྱིད་སྐྲུན་མཁན་ལགས། ཀྱག་ཀྱོག་ངང་གནམ་མཐཪ་འཐེན་པའི་ཁྱེད་ཀྱི་ལམ་མམ། ཁ་ཆཪ་བུ་ཡུག་གི་གཡུལ་དུ་བསྐྱོད་པའི་ཁྱེད་ཀྱི་ལས་དབང་ཡིད་ལ་ཤཪ་ཐེངས་རེ་རེར། བདག་གི་སེམས་པ་ནམ་ཡང་བདེ་ལ་འབབ་མ་མྱོང་། རྒྱུ་མཚན་དེའི་དབང་གིས།དུས་གསུམ་གང་དུའང་། ངའི་སྐད་གསེང་མཐོན་པོའི་རྒྱང་འབོད་ཁྱེད་ཡིན། ངའི་གངས་དཀཪ་སེམས་ཀྱི་འཛིན་པའང་ཁྱེད་ཡིན།
  སློབ་མ་དེས་ཕུལ་བའི་མེ་ཏོག་ཆུན་པོ་དེས། མགྲིན་པ་འགགས་ཤིང་གློ་ནད་ཀྱིས་ཉལ་སཪ་ལྷུང་བའི་ཁྱེད་ཀྱི་སེམས་པ་ཡང་ཡང་གཡོས། འདི་ནི་དགེ་རྒན་གྱི་དུས་ཆེན་སྐབས་སུམ་ཅུ་བ་སྟེ། ཁྱེད་ཀྱིས་དགེ་རྒན་ཀྱི་ཕྱག་ལས་གནང་ནས་ལོ་ངོ་མང་པོ་ཞིག་འགོར་བའམ། རང་གི་ལང་ཚོའི་གཟི་དཔལ་ཕངས་བསྲི་མེད་པར་མི་རིགས་སློབ་གསོའི་དོན་དུ་ཕུལ་ནས་ལོ་ངོ་སུམ་ཅུ་འདས་པ་མ་ཡིན་ནམ། སློབ་མ་དང་། སྒོ་སམ། ས་སྨྱུགདཔེ་ཆ། ལས་བྱ་དང་འགྲོགས་པའི་ལོ་ཟླ་ཡིད་ལ་ཤཪ་ན། ཁྱེད་ཀྱི་སེམས་ལ་བདེ་སྐྱིད་ཀྱི་སྣང་བ་ཅི་ཡང་རྒྱས་མོད། ད་ཐེངས་ཁྱེད་ཀྱི་ལུས་ཟུངས་སྔོན་མ་དང་མི་འདྲ་བཪ་ཤིན་ཏུ་ཞན་པ་ཁྱེད་ཁོ་ནཪ་གསལ། སང་ཉིན། ཁྱེད་རང་ཡར་ལང་མི་ཐུབ་པའི་དབང་དུ་བཏང་ཡང་། ཁྱེད་ཀྱི་སེམས་ལ་འགྱོད་པ་སྐྱེ་བཞིན་མེད་དེ། ཁྱེད་ཀྱིས་མི་ཡུལ་འདིར་རིག་པ་སྣ་ཚོགས་སྨྲ་བའི་སློབ་མ་གང་མང་གསོ་སྐྱོང་བྱས་ཡོད་པས། བདེ་སྐྱིད་ནི་རང་གི་བྱས་རྗེས་དང་འབྲེལ་བ་ཟབ་མོ་ཡོད་པའི་གནས་ལུགས་ཀྱིས་ཁྱེད་ཀྱི་སེམས་ལ་ཟད་དུ་མེད་པའི་བདེ་སྐྱིད་བསྩལ། སྐབས་དེར། ཁྱེད་ཀྱིས་སྔར་ནས་གྲ་སྒྲིག་བྱས་པའི་ཁ་བཏགས་དང་དཔེ་དེབ་ཅིག་རང་གི་བུ་ཕྲུག་ལ་གཏད་དེ"ངའི་དགེ་རྒན་དམ་པར་བྱིན"ཟེར། དཔེ་དེབ་དེ་ནི་ཁྱེད་ཀྱིས་ལོ་མང་རིང་བྲིས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་ཡིན་ལ། ཤོག་ལྷེ་དང་པོའི་ངོས་སུ། "དགེ་རྒན་ལགས།ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུའོ"བྲིས་འདུག དཔེ་དེབ་དེ་དང་། དེའི་ངོས་ཀྱི་ཤིས་ཚིག་དེ་མཐོང་བ་ན། ངའི་སེམས་པའང་འཇིག་རྟེན་པའི་བརྩེ་སེམས་ཀྱིས་ཤུགས་དྲག་གཡོས་པ་དང་མཉམ་དུ། རང་ལ་ཤེས་རིག་མཛོད་ཁང་གི་ལྡེ་མིག་གནང་བའི་དགེ་རྒན་དམ་པ་རྣམས་དྲན་ཞིང་། ངག་ནས་ཀྱང་རང་དབང་མེད་པཪ་འདི་ལྟར་ཐལ་སོང་། "དགེ་རྒན་ལགས། ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ།"

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ཀྱི་ལམ། ཁྱེད་ཀྱི་ལས་དབང་།

2015-01-13 ཧུ་ར་འཇའ་པེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།