རླུང་ལ་སྐུར་བའི་མཛའ་འཕྲིན།

འཕྲིན་ལས་བཟོད་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-01-18

  དགུན་ཟླ་རིང་མོར། ཆབ་རོམ་གྱི་ཁམས་ན་ཁ་བ་འབབས་བྱུང་། ཁ་བའི་འབབས་སྟངས་དང་ཁ་བའི་མདོག་ནི་ཅི་འདྲ་མཛེས་ཤིང་ཉམས་དགའ་ཨང་། ཡིན་ཡང་། བུ་མོ་ལགས་ཁྱོད་ཀྱི་ཨེ་ཤེས། ཁ་བའི་མཛེས་སྡུག་ནི་བསླུ་བྲེད་ཅིག་སྟེ། ཁ་བའི་བདག་ལ་འཁུ་ཡོངས་བའི་ལེགས་སྐྱེས་ནི་ནམ་མཁའི་ཡང་སྟིང་གི་བཟོད་དུ་མེད་པའི་གྲང་ཁོ་ན་རེད། གྲང་ངར་ཁོ་ན་ལས་ལུས་མེད་པའི་འཇིག་སྟེན་ན། ངས་ཁྱོད་ཀྱི་དྲོད་ཁོལ་བཅས་ཀྱང་དྲན་ཨང་། ཁུ་བྱུག་མོན་དུ་ལོག་ཅིང་ངང་པ་ཚང་དུ་ཉལ་བའི་དུས་སྐབས་འདི་འདྲ་ལ། ངས་ཁྱོད་རང་ལྷག་ཏུ་དྲན་ཡང་། ངའི་སྙིང་དཀྱིལ་དུ་སྦས་པའི་མཛའ་གཏམ་འཁུ་མཁན་གྱི་ཕོ་ཉ་མི་འདུག་པས། དཔྱིད་ཀྱི་དྲི་བཞོན་གྱི་ཕོ་ཉ་འོངས་བའི་རེ་སྒུག་གིས་སྐར་ཆ་ངས་མ་ཎི་བཞིན་བགྲང་ནས་ཡོད།།
  དགུན་ཟླ་རིང་པོར། ངས་གྲང་ངར་གྱི་ཀློང་ན་སྒུག་སྒུག་པའི་མཐར། ལྗོན་པ་རྣམས་ཀྱིས་གར་ལ་འཆམ་ཤིང་། འཁྲི་ཤིང་ཚོགས་ཀྱིས་མགོ་ལྕོག་ལྡེམ་ལྡེམ་བྱེད་བྱུང་། དེ་དུས་ངས་ཁྱེད་ཡོངས་བ་དངོས་སུ་ཤེས། ངའི་ཡིད་ཀྱི་ཕོ་ཉ་སྟེ། དཔྱིད་ཀྱི་དྲི་བཞོན་ལགས། ཁྱེད་ངའི་བློ་འདོད་ལྟ་ཤར་ནས་ནུབ་ཏུ་ལྡང་བྱུང་། ཁྱེད་འདི་ལྟར་ནུབ་ནས་ནུབ་དུ་ལྡང་དང་། ནུབ་ཀྱི་ནུབ་ན་ངའི་ཕ་ཡུལ་ཏེ། བོད་ཁ་བ་ཅན་དང་ཕྲེང་བ་ཅན་གྱི་དྭངས་གཙང་གི་གནས་མཆོག་ཡོད། གནས་མཆོག་དེའི་དཀྱིལ་འཁོར་མཛེས་སྡུག་མ་ལུས་རྫོགས་པའི་ཞིང་ཐང་གི་ཕང་བ་རུ་མེ་ཏོག་གི་ལྡིང་ཁང་ལྟ་ན་སྡུག་པ་ཡོད་ལ། ལྡིང་ཁང་ནང་དུ་མིག་ཆུའི་ཕྲེང་བ་བར་མེད་དུ་བགྲང་བའི་ངའི་སེམས་ཀྱི་ལྷ་མོ་དེ་བརྩེ་ལྡན་གྱི་བྱམས་པ་དེ་ན་བསྡད་ཡོད།།
  དྲི་བཞོན་ལགས། ངས་དབྱར་གསུམ་གྱི་དྲག་ཆའི་ཁྲོད་དུ་མིག་ཆུའི་བསྐྲུན་ཞིང་དགུན་གསུམ་གྱི་གྲང་ངར་ཁྲོད་དུ་རྨི་ལམ་གྱིས་བསྐྲུན་པའི་བརྩེ་དུང་གི་ལྷག་བསམ་ལས་བྱུང་བའི་མཛའ་འཕྲིན་གྱི་མུ་ཏིག་འདི་ཁྱེད་ཀྱིས་ཁྱིར་རོགས་གནང་དང་། ཐག་རིང་གི་གཡོ་ལོ་བཀོད་པའི་ལྗོངས་ན། དྲན་གདུང་གི་མནར་བའི་བུ་མོ་ཞིག་གིས་ངའི་འཕྲིན་པ་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་སྒུག་བཞིན་ཡོད་པས། ཁྱེད་ཀྱིས་ཁོ་མོའི་དཀར་གསལ་གྱི་གདོང་ལ་བྱིལ་བྱིལ་བྱེད་ཞོར། ངས་བསྐུར་བའི་མཛའ་འཕྲིན་འདི་དབྱངས་རྟ་ངག་གིས་ལེན་རོགས། བརྗེད་པ་མ་གནང་། དྲི་བཞོན་ལགས།།
  དཔྱིད་དཔལ་ཤིན་ཏུ་མཛེས་པས། ཁུ་བྱུག་མོན་ནས་ལོག་ལ། མེ་ཏོག་ས་ནས་འཕྱུང་ཞིང་། ཆུ་མོ་གངས་ནས་བཞུར་བྱུང་། ཡིན་ཡང་། ཡོད་ཚད་ཀྱི་ཡོད་ཚད་བོར་ཟིན་པ་དང་འདྲ་བའི་ངའི་སེམས་པ། མཛེས་སྡུག་གི་ལྗོངས་ན་སྟོངས་ལྷང་ལྷང་། གྲང་ཤུར་ཤུར་ངང་གནས། ངས་དུས་ཡོན་རིང་པོ་དཔྱིད་རླུང་གི་ཁྲོད་ན་ཅི་ཞིག་བོར་བ་ལ་འཁྱིར་སོ་བྱས་ཚེ། ཐག་རིང་གི་ཐག་རིང་ན། བསེལ་བུས་སྐྲ་ལོ་རྒྱ་ལྕང་བཞིན་གཡོ་བའི་བུ་མོ་ཞིག་གིས་ངའི་མཛའ་འཕྲིན་ལ་སྒུག་བཞིན་ལོས་ཡོད་སྙམ་གྱིན། སྙན་ངག་ལྟ་བུའི་དཔྱིད་དཔལ་རྒྱས་པའི་ལྡུམ་ར་ནང་དུ། ངས་སྙན་ངག་ལྟ་བུའི་མཛའ་འཕྲིན་ཞིག་བྲིས་རྗེས། སྙན་ངག་ལྟ་བུའི་དཔྱིད་རླུང་ལ་སྐུར་མགོ་རྩམ།།
  ངས་བུ་མོ་ཁྱོད་རང་དྲན་པའི་སེམས་འགྲོས་དང་བསྟུན་ནས་ལྡུམ་རའི་ཁྱོན་ཀུན་གོམ་པའི་གཞལ་དུས། ལྡུམ་ར་འདི་ནི་འོ་གཉིས་ཀྱི་བརྩེ་དུང་གི་ལྗོངས་ལྟར་མཛེས་ཨང་། མེ་ཏོག་དཀར་སེང་སེང་ངང་བཞད་པའི་ཀུ་ཤུའི་སྡོང་བོ། མེ་ཏོག་དམར་ལྷང་ལྷང་དུ་གྲོལ་བའི་ཁམ་བུའི་སྡོང་བོ། གཡོ་ལོ་སྔོ་ལྗང་ལྗང་དུ་རྒྱས་པའི་རྟར་གའི་སྡོང་པོ། ད་དུང་ཁེར་རྐྱང་རྐྱང་དུ་འགྲེང་བའི་བུ་ཆུང་ང་བཅས་ལྡུམ་ར་འདིའི་ནང་དུ་བསྟིམས་པས། ང་རང་ཡང་སེམས་མེད་ཀྱི་སྡོང་བོ་ཞིག་ཡིན་སྣང་འཆར། ངས་ལྡུམ་རའི་མཛེས་སྡུག་དབང་པོ་ལྔའི་མྱོང་མཐར། ལྷོད་ལྷོད་ངང་ཁ་ནས་རྒྱུ་བའི་འབུགས་རྒྱུན་དང་། ལྡིམ་ལྡིམ་ངང་འཕར་བའི་སྙིང་། ཤིག་ཤིག་ངང་རྒྱུགས་པའི་ཕྲག འདི་ལྟར། དབུགས་ཀྱི་རྒྱུ་བ་དང་སྙིང་གི་འཕར་འགྲོས་ལས། ངའི་ལྷིང་ལྷིང་དུ་གནས་པའི་འདུ་བཅས་ཀྱི་ཕུང་པོ་འདི་གཞི་ན་ནས་ཚེ་སྲོག་དང་རྣམ་ཤེས་ཀྱི་རྒྱན་པ་ར་སྤྲོད་གསལ་པོ་བྱེད། གལ་སྲིད་ང་གཉིས་མཉམ་དུ་ལྡུམ་ར་འདའི་ནང་དུ་ཡོད་ན། ལྡུམ་རའི་མཛེས་སྡུག་ཐམས་ཅད་འོ་གཉིས་ཀྱི་ལྟ་བྱ་ཡིན་པ་ལས། ངས་རང་ཉིད་བོར་བའི་དགོས་པ་ག་ལ་ཡོད།།
  བུ་མོ་ཁྱོད་ནི་བདག་གི་ཡིད་ཀྱི་མཚེའུ་ངོས་སུ་དྲོད་སྣང་དང་མཛེས་སྡུག་སྦྱིན་མཁན་གྱི་ལྷ་བྱ་ཁྲུང་ཁྲུང་དཀར་མོ་དེ་ཡིན་པས། དཔྱིད་ཀ་སྔ་ས་ནས་ཚེས་ཀྱང་། ཁྱོད་ད་དུང་ངའི་ཡིད་ཀྱི་མཚེའུ་རུ་མི་འབབས་པ་ཅི་ཡིན། ཁྱོད་རང་མེད་པའི་བགྲང་བྱ་རིང་མོར། ངའི་ཡིད་ཀྱི་མཚེའུ་ལ་གྲང་ངར་གྱི་འཁྱགས་པས་བསྡམས་བྱུང་། གལ་སྲིད་དཔྱིད་ཀྱི་ཉིན་འོད་འཇམ་པོས་མཚེའུ་ཡི་ཆབ་རོམ་བཞུར་བའི་བསྐལ་བ་བྱུང་ན། ཁྱོད་ཀྱི་བརྩེ་མདངས་ཀྱི་གཤོག་པའི་འདབ་བརྒྱ་གྲོལ་གྱིན། བརྩེ་དུང་གི་སྟར་ཕྲེང་སྒྲིབ་ནས། བདག་ཕྱོགས་སུ་ཉིན་མཚན་མེད་པ་འཕུར་ཤོག་ཨ། བརྩེ་བའི་བདག་མོ་ལགས།།
བུ་མོ་ཁྱོད་ནི་ངའི་སེམས་ཀྱི་ཁ་རྒྱན་དུ་འགྱུར་བའི་སྐར་་ཕྲན་དེའང་ཡིན་པས། གལ་སྲིད། ཁྱོད་ཀྱིས་ངའི་ཚེ་སྲོག་གི་མཛེས་རྒྱན་དུ་འོད་ཐག་ཁབ་སྐུད་ཙམ་ཞིག་མ་འཕྲོ་ན། ང་ནམ་མཁའ་ཡིན་ཡང་འཇིག་འགྲོ བུ་མོ་ཁྱོད་ནི་ངའི་ཚེ་སྲོག་གི་རྫིང་བུ་རུ་རྟག་ཏུ་བབས་པའི་ཆབ་རྒྱུན་དྭངས་མོ་དེ་ཡིན། གལ་སྲིད། ཁྱོད་རང་ཆུ་ཐིགས་ཀྱི་ཟེགས་མ་བཞིན་སྐད་ཅིག་ཏུ་ཡལ་ལམ་ལྦུ་བ་བཞིན་སྐད་ཅིག་ཏུ་སྟོངས་པ་ན། ངའི་ཚེ་སྲོག་གི་རྫིང་བུ་དེའང་སྐད་ཅིག་ཏུ་བསྐམས་འགྲོ་ཨང་། བུ་མོ་ཁྱོད་རང་མེད་པའི་འཁོར་བ་ཁབ་གྱི་རྩེ་མོ་རུ། ངས་རང་ཉིད་ལ་དབང་བའི་ཤམ་བྷ་ལའི་ཞིང་ཁམས་སམ་དགའ་བདེའི་གླིང་ཕྲན་ཞིག་རྩ་བ་ནས་བསྐྲུན་ཐུབ་གྱི་མི་འདུག་བས། འབྱུང་བ་ལྔ་ལས་གྲུབ་པའི་འདུ་བཅས་ཀྱི་ཕུང་པོ་ཡང་ཙག་ཙོག་གི་སྲིད་པའི་སྒང་ན་འཚོ་བའི་སྙིང་པོ་ག་ལ་ཡོད།
  བུ་མོ་ཁྱོད་ནི་བརྩེ་དུང་གི་དམར་མདངས་རྒྱས་པའི་རྒྱ་སེར་མེ་ཏོག་དེ་ཡིན་ལ། བུ་ཆུང་ང་ནི་བཀྲིས་བསྐོམས་ཀྱི་གདུང་བའི་གཡུ་སྦྲང་བུང་བ་དེ་ཡིན། སྔ་སོང་འཁོར་བའི་ཟུར་ལམ་ཞིག་ཏུ་འོ་གཉིས་ལས་དབང་གིས་མཉམ་དུ་འཛོམས་མྱོང་། སྦྲང་བུ་ང་རང་ཁྱོད་ཀྱི་མེ་ཏོག་གི་འདབ་མ་ལ་འཁྱུད་ཐེངས་རེར། བདག་ལ་དཔག་ཏུ་མེད་པའི་དྲོད་ཁོལ་དང་སེམས་གསོ་ཐོབ། སྦྲང་བུ་ངས་ཁྱོད་ཀྱི་མེ་ཏོག་གི་ཟེའི་འབྲུ་ལ་འོ་ཐེངས་རེར། ངས་འཇིག་སྟེན་གྱི་ཡོད་ཚད་བརྗེད་ཅིང་། རྫོགས་སུ་མེད་པའི་རྟོགས་ལྗོངས་སྙེད། ངས་ཁྱོད་ཀྱི་སྦྲང་བརྩེ་ལ་དུང་བས་རོལ་དུས། སྲིད་པའི་ཀླུང་ན་བདག་ཁོ་ན་ལ་དབང་བའི་མངར་ཁ་རྙེད། ཡིན་ཡང་མི་ཡུལ་གྱི་མེ་ཏོག་བཀྲ་བའི་ལྡུམ་ར་འདིའི་ནང་དུ། བུ་མོ་ཁྱོད་རང་མེད་པས། ལྡུམ་ར་འདི་ནི་དོན་དངོས་ཀྱི་བྱེ་ཐང་རང་ཡིན།
  ཡུལ་དང་དུས་ཀྱིས་འགྱུར་བ་དཀའ་བའི་ཁྱོད་རང་དྲན་པའི་ལྗོངས་ན། རྔུལ་ཆུ་ཁྲུམ་ཁྲུམ་དུ་འབབས་པའི་མཚན་མོ་རིང་པོར། ཁྱོད་ནི་ང་ལ་བསེལ་བའི་རང་བཞིན་སྦྱིན་མཁན་གྱི་ཟླ་བ་ལྷ་མོ་ཡིན་ལ། ཁེར་རྐྱང་རྐྱང་གི་ཉིན་མོ་རེ་རེར། ཁྱོད་ནི་ངའི་སྟོངས་སྣང་གི་སེམས་པའི་རྨ་ཁ་གསོ་བྱེད་ཀྱི་བྱེའུ་ཆུང་གི་འགྲིན་གླུ་ཡིན། ངས་ཁྱོད་རང་དྲན་པ་ནི་ཉིན་མོའི་འཁྲུལ་སྣང་མེད་ལ། མཚན་མོའི་རྨི་ལམ་ཡང་མ་ཡིན་པར། རྟག་བསྟན་གྱི་ཚད་མ་གྲུབ་པའི་སེམས་བྱུང་ཞིག་ཡིན། དེ་དང་དེ་འདྲ་བར། བུ་མོ་ཁྱོད་ནི་འགུན་གྱི་ཁ་བའི་འདབ་མ། དཔྱིད་ཀྱི་གསར་བཞད་པད་མ། དབྱར་གྱི་རྒྱར་ལྕང་ལོ་མ། སྟོན་གྱི་འབྲུ་དྲུག་སྙེ་མ་་་་་་་།
  ངས་དུས་རྟག་ཏུ་བུ་མོ་ཁྱོད་དང་བྲལ་རྗེས་ཀྱི་ཉིན་ཞག་དང་སྐར་ཆ་རེ་རེ་ཡང་བརྩིས་ནས་ཡོད། ང་རང་མྱ་ཁམས་ན་གནས་པ་ལྟ་བུའི་བགྲང་བྱ་དེ་དག་གི་རིང་། ངའི་འཚོ་བའི་དགུན་ཁ་ནི་དགུན་ཁ་མེད་ལ། དཔྱིད་ཀ་ནི་དཔྱིད་ཀ་མ་རེད། ཉིན་ཀ་ནི་ཉིན་ཀ་མེད་ལ། མཚན་མོ་ནི་མཚན་མོ་དེ་བས་ཀྱང་མ་རེད། ངའི་དགུན་ཟླ་གསུམ་པོ་རྗེས་དྲན་གྱི་མེ་ལྕེ་ཁྲོད་ནས་ཟད་ཅིང་། དཔྱིད་ཟླ་གསུམ་དྲན་གདུང་གི་བ་མོ་དཀྱིལ་དུ་ཡལ་ལ་ཁད། ཉིན་མོ་རེ་རེར། ཁྱོད་ཀྱི་འདྲ་པར་སྙིང་ཧྲུལ་དེ་ལ་ལྟ་བཞིན་མིག་ཆུ་དོག་པའི་ཀོ་གདོང་བཀྲུས་ཅིང་། མཚན་མོ་རེ་རེར། དཀར་གསལ་ཀྱི་ཟླ་བའི་འོད་མདངས་བཏུང་བཞིན། ཁྱོང་རང་རྨི་ལམ་ནང་དུ་དྲོད་སྣང་གི་སྦྲུམ་ནས་ཡལ། དགོད་སྒྲ་མེད་ལ་ངུ་སྒྲ་དབེན་པའི་དུས་འདི་འདྲ་ལ། ངས་ཁྱོད་ཀྱི་འདྲ་པར་ལྷ་སྐུ་བཞིན་བརྩེ་ཞིང་གཅེས། ཁྱོད་ཀྱི་ཐ་ཚིག་ལུང་བསྟན་བཞིན་སྲུང་ཞིང་ཡིད་རང་བྱས། མདོ་བསྡུས་ན། ངའི་དྲན་གདུང་གི་མདའ་མོས། འོ་གཉིས་ཀྱི་སེམས་པ་ལ་རྡོ་རྗེའི་མདུད་པ་རྒྱབ་པ་འདོད།།
  ངོ་མ་དུས་ནམ་ཞིག་འོ་གཉིས་ཕྲད་པའི་བསྐལ་བ་བྱུང་ན། ང་མི་ཚོགས་ཀྱིས་འཁང་རའི་འཕང་བའི་ཉག་ཕྲན་ལ་མི་སྐྲག ང་སྲོལ་རྒྱུན་གྱི་དུག་གི་རལ་གྲི་ལ་མི་འཇིགས། ང་གོམས་གཤེས་ཀྱི་བཙན་རྫོང་ལ་མི་སྐྲག་པར། ངས་ཁྱོད་ལ་འོ་ལན་གསུམ་བྱས་ཆོག ཕྱག་ལན་གསུམ་འཚལ་ཆོག འོ་མ་ལྟ་བུའི་འོ་ཞིག སྒོ་གསུམ་གུས་པའི་ཕྱག་ཅིག།
  ཀྱེ་ཀྱེ། དྲི་བཞོན་ལགས་བརྗེད་པ་མ་གནང་། ངའི་བརྩེ་དུང་གི་འོ་རྒྱུན་ལས་བྱུང་བའི་སྙན་ངག་གི་མ་གསར་ཐར་ཐོར་འདི། སྒུལ་བཞིན་པའི་བུ་མོ་དེའི་རྣ་ལམ་དུ་དབྱངས་ཀྱི་གྱེར་བ་མཛད་རོགས། བརྗེད་པ་མ་གནང་། ཕོ་ཉ་ལགས།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་ལ་སྐུར་བའི་མཛའ་འཕྲིན།

2015-01-18 འཕྲིན་ལས་བཟོད་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།