སྤྱོད་ལམ་དང་ཁྲིམས་ལུགས།

བོན་སྐོར་དོན་གྲུབ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-07-26

  ད་ལྟ་མི་མང་པོ་ཞིག་གི་བསམ་པའི་སྣང་ངོར།།གཞན་གྱི་ནང་སེམས་ཀྱིས་བསྐྱེད་པའི་ཕྱིའི་ལུས་ངག་གི་བྱ་སྤྱོད་ཚད་ལས་བརྒལ་བས་སྤྱི་ཚོགས་ཀྱིས་མནར་གཅོད་ལྷག་མ་ཞིག་ངས་མི་འདོད་ཀྱང་གལ་སྙིགས་བཞིན་བདག་གི་མགོ་རུ་འཕོ་ཡོང་བསམ་གྱིན་འདུག ད་ལྟའི་ཆར་རང་སེམས་ལ་བྱི་དོར་དང་དག་ཐེར་བྱས་ཏེ།གཞན་གྱི་ཁེ་ཕན་དང་བདེ་སྡུག་ལ་འཚམ་པའི་སྐད་ཆ་ལབ་མཁན་ནི་མཚན་མོའི་ཉི་མ་བཞིན་ནོ།། གནའ་ནས་ད་ལྟའི་བར་དུ།བྱིས་པ་ཞིག་ལ་མཚོན་ནས་བཤད་ནའང་།རང་གི་གནས་ལུགས་དང་རང་གི་རྒྱལ་ཁའི་ཕྱིར་དུ་གནས་ལུགས་ལྟར་སྣང་ཞིག་འཚོལ་ཐབས་བྱེད་ཀྱི་ཡོད།དེ་ནི་འགྲོ་བ་མིའི་རིགས་ལ་ངན་ཆགས་སུ་སོང་བའི་ཐུན་མོང་གི་གོམས་གཤིས་ཤིག་རེད་དེ།བདེ་འདོད་སྡུག་བྲལ་དགའ་བསམ་སྐྱོ་སུན་མི་བྱེད་མི་ནི་སུ་ཞིག་མཆིས་སམ།ཡིན་ཀྱང་།འཕགས་པའི་གང་ཟག་གིས་“སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པའི་རྒྱུ་དང་མི་འབྲལ་བར་གྱུར་ཅིག”ཅེས་དང་།གཞན་དོན་འགྲུབ་ན་ནི་རང་དོན་རང་ཤུགས་ཀྱིས་འགྲུབ་པའི་རང་ལས་གཞན་བསམ་གྱི་བསམ་པ་མཐའ་ཡས་པ་ཞིག་མིའི་རིགས་ཀྱི་བསམ་བློའི་རྒྱགས་ཕྱེར་བསྩལ་འདུག་མོད།འོན་ཀྱང་།དེ་ནོར་བུར་བགྲང་མཁན་ནི་ཤིན་ཏུ་ཉུང་།དེ་ནི་གཙོ་བོ་རང་གི་རྒྱུ་མཚན་དང་གནས་ལུགས་ལྟར་སྣང་ལ་དུངས་ཞེན་ཆེ་བའི་ལན་པ་འདྲ།དེ་ལ་དེ་འདྲའི་དུངས་ཞེན་ཆེ་དོན་ཡང་བདག་ཅེས་འཛིན་ཏུ་མེད་པའི་ཕུང་བོ་འདིའི་ཁུད་དུ་རྒྱུ་བའི་ཚོགས་དྲུག་གི་འདོད་པ་དོན་དུ་གཉེར་བ་ཐལ་བས་ལན་པ་འདྲ།དཔེར་ན།གལ་ཏེ་བསམ་གཟས་ནས་མི་བསད་ནས་ནག་ཉེས་བསགས་པའི་ཉེས་ཅན་ཞིག་སྲོག་ཁྲིམས་ལ་འགྲོ་དགོས་པར་ཐུག་ཚེ།དེས་ཀྱང་རང་གི་མཐར་ཐུག་གི་རང་ཉིད་ཀྱི་ཆེད་དུ་རང་གབ་ནས་གཞན་དེར་སྐྱོན་ཆ་ཅི་རིགས་ཤིག་ཡོད་མདོག་སྟོན་པའང་རྩ་བའི་རྒྱུ་གང་ཞིག་ལ་རག་ལས་སམ།གནད་དེ་རྙེད་ཅིང་རྙེད་ནས་ཀྱང་ཉམས་སུ་ལེན་ནུས་ན་ནི་མཐར་ཐུག་གི་མཛེས་པའང་དེ་རུ་མཆིས་ཤིང་།དཀྱེལ་ཡངས་དང་གུ་ཡངས་གནང་ཕོད་པའི་སྤྱོད་ལམ་གྱི་སྤྱི་འགྲོས་རླབས་པོ་ཞིག་གི་རྒྱུན་ཆགས་ནུས་པ་ཡིན་ལ།འཕེལ་རྒྱས་ཀྱི་གཞི་རྩའང་ཆགས་སྲིད།དེ་ལྟར་གྱུར་ན་ཁྲིམས་ལུགས་ཀྱི་འདུ་ཤེས་འཛིན་སྟངས་དེའང་འགན་འཁྲི་ཞིག་ཏུ་མི་འགྱུར་བར་མིའི་རིགས་ཀྱི་གོང་བཀུར་བྱེད་འོས་པའི་རིན་པོ་ཆེའི་གཞུང་དང་མིག་དཔེར་འཛིན་ས་ཞིག་ཏུ་འགྱུར་རོ།།
  ད་ལྟའི་དུས་སུ།སྤྱིའི་ཆ་ནས་མི་དེས་ང་ལ་དང་གཞན་དེ་མིན་རྒྱུ་ན་ཟེར་ལ།རོ་སྡོང་དེ་མེད་རྒྱུ་ན།རོ་བྱ་དེ་མེད།རོ་བྱ་དེ་འཕུར་རྒྱུ་ན་མེད་རྒྱུ་ན་ངའི་རྟ་འདྲོགས་ནས་ང་ཐང་ལའང་ལྷུང་མེད་ཅེས་པ་བཞིན།རང་གི་བསམ་བློ་དང་ཀུན་སྤྱོད།མི་ཚེའི་རིན་ཐང་གི་ལྟ་ཚུལ་དང་མི་གཞིའི་མཛེས་དཔྱོད་ཀྱི་ལྟ་ཚུལ་ལ་བྱུང་བའི་ཆག་སྐྱོན་དང་འདྲེད་བརྡབས་ལ་མི་གཟབ་པར་ཕ་རོལ་བའི་མགོ་ལ་ནག་ཉེས་ཀྱི་དྲེག་པ་སྦྱར་ཡོང་།དེ་ནི་ལྷ་ཆོས་དང་མི་ཆོས་ལ་འགལ་ཞིང་།སྤྱོད་ལམ་ཀྱིས་ཁྲིམས་ལུགས་ལ་རྒྱབ་འགལ་བྱས་པའི་སྣང་ཚུལ་ཞིག་ཀྱང་རེད་སྙམ།དེ་བས།སྤྱོད་ལམ་ཡག་པོ་དང་སྤྱོད་ལམ་གྱི་མ་ལག་གང་ཡང་འཐུས་ཚང་དུ་གྱུར་ཚེ།ཁྲིམས་ལུགས་ཀྱི་མ་ལག་ལའང་མཛེས་རྒྱན་དང་སྤྲས་ཤིང་།ཁྲིམས་ལུགས་ཀྱིས་ཁུར་བའི་སྤྱི་ཚོགས་ལྟ་སྐྱོང་གི་ནུས་པའང་མཐོར་འདེགས་བཏང་བ་རེད།
  ཁྲིམས་ལུགས་ནི་གནའ་བོའི་དུས་སུ་ཤེས་རིག་མ་འཕེལ་བའམ་མིའི་རིགས་ཀྱི་བསམ་བློའི་གོ་རྟོགས་མཐོར་མ་བྱུང་གོང་།མིའི་རིགས་ཀྱི་བྱ་སྤྱོད་མི་ལེགས་པ་དག་ལ་ལེགས་བསྒྱུར་བྱེད་པར་དྲན་སྐུལ་བྱེད་པའམ།ཡང་ན།དམུ་རྒོད་ཀྱི་སྤྱོད་པ་ཚུལ་དང་མི་མཐུན་པ་དག་ལ་འཇིགས་སྐུལ་བྱེད་ཀྱི་ལག་ཆ་བཙན་པོ་ཞིག་རེད་སྙམ།འོན་ཀྱང་་།དེང་གི་དུས་སུ།མི་ཀུན་གྱིས་རང་གི་སྤྱོད་ལམ་ལ་དོ་སྣང་མི་བྱེད་པར་རྩམ་པ་རང་གིས་ཟོས་རྗེས་རྩམ་ཁུག་གཞན་མགོར་སྐོན་པའི་གོམས་སྲོལ་ཞིག་ཆགས་ཡོད་དེ།རང་གི་ཧམ་པས་བསྐྱེད་པའི་སེམས་ཀྱི་འཁྲུག་ཟིང་མཐའ་དག་གི་རྒྱུ་རྐྱེན་མི་འཚོལ་བར་ད་ལྟའི་དུས་རབས་ནི་དངོས་ནས་འདྲེ་ཡི་མི་སེམས་བསླུ་བའི་དུས་ཤིག་རེད་ཟེར།ལག་པ་བྲང་ཁར་བཞག་ནས་བསམ་བློ་ཞིག་བཏང་ན།མི་ནི་འདྲེ་རེད་དེ།སེམས་ཀྱི་ཞི་བདེ་མི་འཚོལ་བའི་འདྲེ་རྒོད་ཤ་སྟག་རེད།དུས་རབས་ཀྱི་འགྲན་རྩོད་ཟེར་བའང་གདོན་བདུད་འཇིགས་རུང་ཞིག་གི་ཆོ་འཕྲུལ་རེད་སྙམ་གྱིན་འདུག དོན་དམ་དུ།སེམས་ཀྱི་ཆོག་ཤེས་བོར་བའི་དུས་སུ་མི་ནི་འདྲེ་རུ་འགྱུར་སླ་ཞིང་།ཁྲེལ་དང་ངོ་ཚ་བོར་བའི་སྤྱོད་ལམ་ཡ་མ་ཟུང་གིས་དུས་རབས་ཀྱི་སློབ་གསོ་དང་ཚོང་ལས་ལའང་ཚོན་རྩི་བྱུགས་ཤིང་།ཞིང་འབྲོག་ལས་གཉེར་བའི་བར་དུའང་སྤྱོད་ལམ་ཡ་མ་ཟུང་གིས་དཀྲུགས་པའི་རྙོག་དྲ་བཟོ་བཞིན་འདུག་ལ།རྙོག་དྲ་དེ་དག་མཇུག་མཐར་བསྡུམས་པ་པོ་ནི་ཁྲིམས་ལུགས་ཡིན་དགོས། དེ་བས་བསྐལ་བ་སར་ཆགས་ཤིང་བ་སོ་ཁར་ཐོགས་ནས་མི་ལོ་གྲངས་མེད་ཅིག་འདས་ཀྱང་།མིའི་རིགས་ཀྱིས་ད་དུང་ཡང་ཁྲིམས་ལུགས་ཀྱི་རམ་འདེགས་ལ་བརྟེན་ནས་ལམ་ཀ་འཚོལ་བཞིན་པ་ནི་གཞི་རྩའི་ཐོག་མིའི་རིགས་ཀྱི་བསམ་པའི་ཆུ་ཚད་ནི་ད་དུང་ཡང་ལོ་རྒྱུས་ཀྱི་དམའ་ས་ཞིག་ཏུ་ལྷག་འདུག་པ་མཚོན།ཕྱོགས་གཞན་ཞིག་ནས་བཤད་ན།སྤྱོད་ལམ་གྱི་དར་རྒུད་ནི་ཁྲིམས་ལུགས་ཀྱི་དམིགས་འབེན་རེད་དེ།མིའི་སྤྱོད་ལམ་གྱིས་བསྐྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་མི་འདྲ་བ་རེར་དམིགས་ནས་དེར་བསྟུན་གྱི་ཁྲིམས་ཤིག་ཀྱང་གསར་བཟོ་གནང་དགོས།གལ་སྲིད་མིའི་སྤྱོད་ལམ་འཐུས་ཚང་ངང་འཕེལ་རྒྱས་ཀྱི་རྩེར་སོན་ནུས་ན་ནི་ཁྲིམས་ཀྱང་མི་དགོས་མོད།དེ་དང་བར་ཐག་ཤིན་ཏུ་རིང་བྱུང་།དེ་བས་སྤྱོད་ལམ་ནི་དུས་རབས་ཀྱི་འགག་རྩ་ཞིག་རེད།མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་རྨང་རྡོ་ཞིག་ཀྱང་རེད་འདོད་དེ།ད་ལྟའི་དུས་སུ་ཀུན་གྱིས་མི་རིགས་རྗེས་སུ་ལྷག་ཐལ་ཟེར་ནས་ཚོང་ལས་གཉེར་བ་དང་།ཁེ་ལས་དང་བཟོ་གྲྭ་སོགས་འཛུགས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་གྱི་འདུག་མོད།འོན་ཀྱང་།ཁོ་བོ་ཚོས་དཀའ་ལས་ཅི་ལྟར་བརྒྱབ་ཀྱང་རྔོ་ཐོགས་མི་སྲིད་ལ་ཕུགས་ཀྱང་མི་བརྟན་པར་ཨ་གསར་རྔ་ལོར་གྱུར་འགྲོ།དེའི་རྒྱུ་རྐྱེན་གང་ཡིན་ནམ།དེ་ནི་སུས་ཀྱང་རང་ཉིད་ཕྱོགས་ལས་རྣམ་པར་རྒྱལ་འདོད་ཀྱང་།ཅི་ལྟར་རྒྱལ་བའི་ཐབས་སམ་གནད་ལ་བསམ་གཞིག་མ་བཏང་བས་རེད།ཕྱོགས་མང་པོ་ནས་བཤད་མི་དགོས་ཏེ།དཔེར་ན།ད་ལྟ་གླུ་བ་སྙན་གྲགས་ཅན་ཞིག་གི་ཟེར་སྡེར་ཁྲོམ་རར་བཀྲམ་ཚེ།དེ་འཚོང་མཁན་གྱིས་ཉོ་མཁན་གྱི་ཁེ་ཕན་དང་སྐྱིད་སྡུག་ལ་ཐུགས་བསམ་མི་གཏོང་བར་རང་ཉིད་གཙོ་བོར་བྱེད་ལ།མཐར་རང་གི་ཧམ་པ་མི་གང་བའི་མི་ཚད།ཚོང་ལས་དེ་གཉེར་བའི་ལམ་ཡང་མེད་འགྲོ་བ་རེད།དེ་ནི་རང་ཉིད་ཉམས་པར་བྱེད་པའི་རྒྱུ་ལགས་ཏེ།རྒྱུ་དེ་རྨང་ནས་བཅོམ་དགོས་ཚེ།རང་སེམས་གྱོང་བོ་འདུལ་དགོས་ཤིང་།རང་སེམས་གྱོང་བོ་འདུལ་བ་ནི་ཕྱོགས་ལས་རྣམ་རྒྱལ་གྱི་འགག་རྩ་ཡིན་ཞེས་བཤད་པ་བཞིན་ཤིན་ཏུ་མད་དོ། རང་སེམས་གྱོང་བོ་འདུལ་ནུས་ན་ནི་གནས་ལུགས་ཀྱིས་ཕྱུག་པའི་འབོལ་རྩོམ་ཡང་དེ་ཡིན་ལ།ཆེ་བ་རྒྱལ་ཁབ་དང་ཆུང་བ་ཁྱིམ་ཚང་གང་ཞིག་ལ་མཚོན་ནའང་།དེའི་ནང་གི་གྲུབ་ཆར་གྱུར་བའི་མི་རེ་རེའི་རང་སེམས་གྱོང་བོ་འདུལ་ན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གང་དེ་ཉིད་ཀྱིས་ཀྱང་ཉོན་མོངས་ཀྱི་རྩ་བར་གྱུར་བའི་སེམས་ཉིད་འདུལ་སྦྱངས་བྱས་ནས་བསྐལ་བ་སྟོང་ཕྲག་དུ་མར་ཚོགས་བསགས། སེམས་ཀྱིས་བསྐྱེད་པའི་སྤྱོད་ལམ་སྣ་ཚོགས་ལ་འདུལ་སྦྱངས་བྱས་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་བོ།།
  དེ་བས།སེམས་ཉིད་འདུལ་རྒྱུ་གལ་ཆེ་ཞིང་།སེམས་བཏུལ་ཏེ་སེམས་ཀྱི་ཁྲིམས་ལུགས་སེམས་ཀྱིས་འཚོས་ནས་སེམས་ཀྱི་ཞི་བདེ་བརྩོན་ལེན་བྱེད་རྒྱུ་ནི་དེང་གི་དུས་སུ་ཁ་ཚ་དགོས་གཏུག་གི་དོན་གལ་ཆེན་ཞིག་ཡིན་ནོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱོད་ལམ་དང་ཁྲིམས་ལུགས།

2015-07-26 བོན་སྐོར་དོན་གྲུབ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།