༢༠༡༤

  ལོ་ཟླ་ཡུན་གྱིས་རྒས་ཤིང་དུས་ཚོད་ཁད་ཀྱིས་བཞུར། ཚེ་སྲོག་ནི་ཤྭ་འོད་ཇི་བཞིན་འགོག་མེད་དྲག་ཏུ་རྒྱུགས་ལ།སྐད་ཅིག་སྐད་ཅིག་ངང་འཆི་བདག་གི་མདུན་སར་བང་གིས་མཆོངས། འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་འཕེལ་འགྱུར་གྱི་གོ་རིམ་ཁྲོད་ནས་གསར་དུ་སྐྱེས་ཤིང་རྙིང་བར་གྱུར།
  དེ་ནས་སླར་ཡང་གསར་དུ་འཁྲུངས་ལ་སླར་ཡང་རྒས་པའི་འགྱུར་ལྡོག་གིས་འཁོར་བའི་རྟེན་འབྱུང་གི་ཆོས་ཉིད་མངོན་སུམ་མིག་གི་ལྟད་མོར་བཤམས། ས་སྟེང་གི་སྐྱེ་འགྲོ་ཡོད་ཚད་དེ་ལྟར་སྐྱེ་ཞིང་དེ་ལྟར་འཆི་ལ། ཉི་ཟླའི་འཁོར་འགྲོས།
  དུས་བཞི་བརྗེ་རེས་ཀྱིས་འཇིག་རྟེན་མཚམས་མེད་པར་འཁོར་སྐྱོད་ཀྱི་ལས་ལ་བྲེལ།
  ལོ་གསར་བ་ཚུར་བསུ་ཞིང་ལོ་རྙིང་བ་ཕར་སྐྱེལ་བའི་དུས་ཀྱི་སོ་མཚམས་ནས་འགྲེངས་ཚུགས་སུ་བསྡད་དེ།མི་དྲན་ག་མེད་ཀྱི་འདས་ཟླ་དེ་དག་དྲན་པའི་ངོས་སུ་ཆུ་འཁྱག་བྱོ་བ་བཞིན་གྲང་ཤུར་ཤུར་གྱི་ཚོར་བས་ཡོངས་སུ་བཏུམས།སྐབས་དང་སྐབས་སུ་མེ་རོ་སླར་གསོས་པ་ཇི་བཞིན་རྒྱུ་ཞབས་ནས་ཚ་དྲོད་རྒྱས་ཤིང་བྱང་ཁོག་སྟོད་ཀྱི་མཚོ་མོ་ལྷོག་ལྷོག་འཕྱུར།
  ལོ་རྙིང་བའི་འདས་ཟླ་དེ་དག་གི་ནང་དུ།ང་རྒྱུན་འདུག་བྱེད་སའི་རྫོང་མཁར་ཆུང་ངུ་འདིའི་རྣམ་པ་ནི་བྱིས་པ་པྲ་ཚགས་ཤིག་གིས་རྩེད་ར་བསྒྲིགས་ཤིང་ཡང་བསྐྱར་གང་སར་གཏོར་བ་ལྟ་བུའི་ཡ་ཡོ་དང་
ཆ་ཆོ་ཅི་ཡང་མེད་ལ། འཆར་འགོད་དང་ཇུས་གཞི་གང་ཡང་མེད་པར་རྒྱུ་སྤུས་ཞན་ཐག་ཆོད་པའི་བཟོ་བསྐྲུན་སྣ་ཚོགས་ཏེ་ཁྲོམ་ར་དང་ཁང་བརྩེགས། སྲང་ལམ་དང་ལས་ཁུངས། སྡོད་ཁང་སོགས་གང་འདོད་དུ་བསྐྲུན། ལྷག་པར་ཏུ་འབྲོག་དམངས་སྐྱེ་ཁམས་སྤོས་འབངས་སྡེ་གསར་གྱི་འཛུགས་བསྐྲུན་ལས་གཞིའི་རྣམ་གྲངས་རྦ་རླབས་བཞིན་འཕྲོ་རིམ་འཕྲོར་འཕྱུར་ཏེ་རྫོང་མཁར་འདིའི་ཕྱི་ནང་བར་གསུམ་ཀུན་ལ་ཆར་ཤུལ་གྱི་སྤང་རྩྭ་བཞིན་ཁེབས་པར་འདུག
 དེ་དང་ལྷན་དུ་ཨར་འདམ་དང་རྣོ་ལྕགས།སོ་ཕག་དང་བྱེ་རྡོ་སོགས་འཛུགས་བསྐྲུན་གྱི་རྒྱུ་ཆ་མང་པོས་ས་སྟེང་བཀང་བའི་རྡུལ་འཚུབ་ཁྲོད་དུ་བརྐོ་འཁོར་དང་འདྲུད་འཁོར།འདེད་འཁོར་དང་འདེགས་འཁོར་སོགས་འཕྲུལ་འཁོར་མང་པོས་ཉིན་མཚན་མེད་པར་འོ་དོད་འབྱིན་པའི་སྒྲས་རྩྭ་ཐང་ཧྲིལ་བོ་སྐད་ཅིག་ངང་ཁྱུར་མིད་གཏོང་བའི་འཇིགས་སྣང་སྦྱིན།
 ང་རང་ཆུང་བྱིས་པའི་དུས་སུ་མེ་ཏོག་གི་སྐེ་རྒྱན་བསྒྲིགས་ས་དང་ཆུང་ཆུང་ལུ་གུ་འཚོ་སའི་སྤང་ལྗོངས་སྟེ་ཡངས་བའི་རྩྭ་ཐང་ཆེན་མོར་རྨ་ཁ་གྲངས་མེད་བཟོས་ཏེ་ས་དོང་བརྐོ་བ་དང་སྤང་ཤ་བཀོག་པ་སོགས་བྱས་ཏེ་‘མཛེས་པའི་རྩྭ་ཐང་’ཞེས་པ་དེ་བལྟས་བལྟས་རིག་རིག་ལ་མིང་གི་ལྷག་མར་བཏང་།
 དྭངས་གཙང་གཡུ་ཡི་མེ་ལོང་ལ་སྣ་ཚོགས་གཟུགས་བརྙན་འཆར་སའི་ཆུ་བོ་སྟེ།ཁ་ཞེང་ཆེ་ལ་བཞུར་རྒྱུན་རིང་བ།ཤུགས་དྲག་པའི་མ་ཡུམ་རྩེ་ཆུ་སྔོན་མོ་ནི་ས་འདིའི་སྐྱེ་འགྲོ་ཡོངས་ཀྱི་ཚེ་སྲོག་གི་རྟེན་གཞི།འཚོ་གནས་ཀྱི་འབྱུང་ཁུངས།ལུས་ཟུངས་གསོ་བའི་འཆི་མེད་བདུད་རྩིའི་འབབ་རྒྱུན་ཅི་ལ་མིན།
  ཉེ་ཆར་རྩེ་ཆུའི་འགྲམ་རྒྱུད་ཀུན་ཏུ་ཟེགས་དོང་མང་པོ་བརྐོས་ཏེ་ཟེགས་མ་མང་པོ་ཉིན་མཚན་མེད་པར་སྐྱེལ་འདྲེན་བྱས་པ་དང་ཆུ་ལག་མང་པོ་བཟོས་ཏེ་གང་སར་ཆུ་དྲངས་བ་དང་ཚོད་མེད་དུ་བེད་སྤྱོད་བྱས་པས། སྔོན་ཆད་ཀྱི་གཡུ་འབྲུག་ས་ལ་འཁྱུག་འདྲའི་རྩེ་ཀླུང་སྔོན་མོ་ཞེས་འབོད་པ་དེ་ངག་རྒྱུན་དང་ལྷ་སྒྲུང་ཙམ་དུ་གྱུར་ཞིང་།ད་ལྟ་ཉག་ཕྲ་བའི་རྐ་ཆུ་ཆུང་ཆུང་ཞིག་ཏུ་གྱུར་འདུག་པའི་མངོན་སུམ་ཁྲ་ཆུང་མིག་གིས་ལྟར་མི་བཟོད་ཅིང་དར་ལུང་རྣ་བས་ཉན་མི་བཟོད་པའི་གནས་སུ་ལྷུང་འདུག
  རང་བྱུང་ལྷུན་གྱིས་གྲུབ་པའི་རྐན་གཟར་བྲག་རི་མང་པོ་སྐད་ཅིག་ཉིད་ལ་གསིལ་བར་གཏོར་ཞིང་ཐལ་བའི་རྡུལ་དུ་བརླགས་ཏེ་རྡོ་འཐག་འཕྲུལ་འཁོར་གྱི་ཁ་ཟས་སུ་གྱུར་ནས་ཕ་བོང་མང་པོ་བྱེ་མར་བཏང་བ་སོགས་ནི་ང་ཚོའི་ཕ་མ་ཚོས་བརྒྱུད་མྱོང་པའི་འདས་དུས་ཀྱི་“རིག་གསར”་སྐབས་ཀྱི་“མཆོངས་བསྐྱོད་ཆེན་མོའི”་ལས་འགུལ་ཞེས་བརྗོད་པའི་སྨྱོན་པའི་ལོ་ཟླ་དེ་ཕྱིར་སླེབས་པ་མིན་ནམ་སྙམ་པའི་འཚུབ་ཆ་སྐྱེས་འོངས་།
  དེ་དང་བསྟུན་ནས་རིམ་གྱིས་སྐྱེ་ཁམས་ཉམས་ཞན་དུ་འགྲོ་བ་མངོན་སུམ་གྱིས་ཚབས་ཆེ་སྟེ།རྩེ་ཆུའི་འབབ་རྒྱུད་ཀྱི་དུད་ཁྱིམ་དང་མི་སྡེ་མང་པོར་ལོ་རེར་ཆར་ཆུ་དུས་སུ་མི་འབབ་པ་དང་དབྱར་དཔྱིད་ཀྱི་དུས་སུ་རྩྭ་མི་སྐྱེ་བ་དང་དགུན་གྱི་དུས་སུ་འཐུང་ཆུ་དཀོན་པ་སོགས་མི་ཕྱུགས་གཉིས་ཀ་དཀའ་ཁག་དཀའ་ངལ་ལ་འཕྲད་པའི་ཉེན་ཁ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་འདུག འདས་ཟླ་དེ་དག་གི་རིང་ལ་བདག་ནམ་རྒྱུན་གཏོས་ཆེ་བའི་དངོས་པོ་ལྕི་མོ་ཞིག་གིས་གློ་བུར་མནན་པ་བཞིན་དབུགས་གཏོང་དཀའ་བའི་མནར་གཅོད་མྱོང་དུ་བཅུག
  ཉེ་བའི་ལོ་འདི་འགའི་རིང་‘‘བོད་ཁུལ་འཛུགས་སྐྲུན’’དང་‘‘བདེ་བརྟན་འཛུགས་སྐྲུན’’་‘‘གྲོང་བརྡལ་ཆུང་བ་འཛུགས་སྐྲུན’’་སོགས་དམངས་ཕན་སྲིད་ཇུས་ཀྱི་འབོད་པ་རྩྭ་ཐང་ཡོངས་སུ་ཁྱབ།འབྲོག་པ་ཚོས་དུས་ཀྱི་འགྱུར་བ་དང་སྲིད་ཇུས་ཀྱི་འབོད་སྐུལ་དྲག་པོའི་བསླུ་བྲིད་ལྡོག་མ་ནུས་པར།ཨ་གསར་དང་ཧོལ་རྒྱུགས་ཀྱིས་སྔོན་ཆད་ཀྱི་སྦྲ་ནག་ལྟེབས།ནོར་ལུག་བཙོང་།རྩྭ་ཐང་བསྐྱུར་ཏེ་རྫོང་དང་གྲོང་བརྡལ་ལ་སྤར་ནས་སྡེ་གསར་ཁྲོད་ཀྱི་ཁང་མིག་གྱན་རེ་གཉིས་ནས་ཁྱིམ་གཞི་བསྐྱར་དུ་བཙུགས། འཚོ་བ་བསྐྱར་དུ་རོལ་མགོ་བརྩམ།
  རང་རང་གི་དཔལ་འབྱོར་གྱི་ཆ་རྐྱེན་དང་འཇོན་ནུས་ལྟར་ཁ་ཤས་ཀྱིས་འདྲུད་འཐེན་འཁོར་ལོ་རེ་ཉོས་ཏེ་རྡོ་འདྲུད་པ་དང་ཟེགས་མ་སྐྱེལ་བ། འགའ་ཤས་ཀྱིས་རླངས་འཁོར་བཀྲུ་བ་སོགས་ལས་སྒོ་སྣ་ཚོགས་གཉེར་མགོ་བརྩམས། བུ་མོ་རྣམས་ཟ་ཁང་དང་ཚོང་ཁང་།སྐྲ་གཞར་ཁང་།ཇ་ཁང་དང་ཆང་ཁང་དུ་ཞབས་ཕྱིའི་ལས་ལ་ཞུགས། ལ་ལས་ཞོར་ལས་ལ་སོང་ནས་བཟོ་བ་ཆུང་ངའི་ལས་ཀར་ཞུགས་ཏེ་ས་བརྐོ་འདམ་བརྫིའི་ལས་ལ་འབད། ཅི་ཡང་ལས་མི་འདོད་པ་ཚོས་ཉིན་མཚན་མེད་པར་སྲང་ལམ་དུ་འཁྱམས་ནས་ཆང་དང་རྒྱན་པོར་རོལ་བའི་ལས་ལ་མགོ་འཐོམས།
  ཐེངས་ཤིག་བདག་གི་ཉེ་འཁོར་གྱི་མི་ཚོའི་ཁ་བརྡ་ལས་གོ་ཐོས་བྱུང་བ་ནི་ད་ལོའི་སྟོན་ཁ་འམ་དཔྱིད་ཀར་འབྲོག་པ་རྣམས་རྫོང་མཁར་དང་གྲོང་རྡལ་གྱི་འཚོ་བར་མ་གོམས་པ་འམ།སྔོན་ནས་རྩྭ་ཐང་གི་འཚོ་བར་གོམས་པའི་དབང་གིས་ལྷིང་འཇགས་དང་སོས་དལ་ལ་སྨོན་པ་ཤོར།རྫོང་མཁར་གྱི་འུར་ཟིང་དང་རྙོག་འཛིང་ལ་སུན་སྣང་དང་ཡིད་ཆད་སྐྱེས། འབྲོག་པ་རྣམས་མ་གཞི་ནས་ཞབས་ཞུའི་ལས་རིགས་ལ་བྱང་ཆ་མེད་པ་དང་།ལྷག་པར་དུ་ཐོན་ལས་གཉིས་པ་དང་གསུམ་པ་གཉེར་བའི་ཤེས་ཚད་དང་ཉམས་མྱོང་མེད་པས།ཞོར་ལས་དང་ལས་ཀ་སྣ་ཚོགས་ནས་རང་འགུལ་ཀྱིས་བུད་པ་འམ་བདག་པོའི་ཕྱིར་ཕུད་བཏང་བ་སོགས་རིམ་གྱིས་ཅི་ཡང་མི་ནུས་པའི་མི་ལྷག་མར་གྱུར།ཡུན་གྱིས་འཚོ་ཐབས་སྐྱོ་བོར་གྱུར་ཞིང་འཚོ་བ་ཐབས་སྡུག་ཏུ་ཆགས་ཏེ་གནས་འདི་ནས་སྐད་ཅིག་ཙམ་ལ་ཡང་འདུག་འདོད་མི་སྐྱེ་བར།ཕྱིར་རང་གི་རྩྭ་ཐང་དང་སྦྲ་ནག ནོར་ནག་དྲན་ཞིང་ཕུ་ནུ་དང་རུ་སྡེར་འཁྲེང་ནས་མཆི་མ་བཞུར།
  གཟའ་ཉི་མའི་ཉིན་མོ་ཞིག་ལ་ཕ་ཡུལ་གཅིག་པའི་གྲོགས་པོ་ཞིག་གི་ངག་ནས་ཐོས་པ་ནི་སྡེ་གསར་ནང་གི་
  ཁྱིམ་ཚང་རྣམས་གཅིག་རྗེས་གཉིས་མཐུད་གྱིས་ཕྱིར་རྩྭ་སའི་སྟེང་དུ་འགྲོ་བཞིན་འདུག།ལ་ལས་སྡེ་གསར་ནང་གི་འདུག་ཁང་སླ་བཙོང་བྱས།ལ་ལས་ཁང་སྟོང་ལ་སྒོ་ཟྭ་བརྒྱབ་སྟེ་བུད་སོང་བ་དང་ལ་ལས་ལོ་ལོན་དང་བྱིས་པ་ཤུལ་དུ་བཞག་ནས་འགྲོ་བཞིན་འདུགསྔོན་ཆད་ཀྱི་མི་དེ་འདྲའི་མང་པོ་མེད་ལ་སྡེ་གསར་ཧྲིལ་བོ་སྟོང་ཤིག་གེར་གྱུར་འདུག་ཟེར།གཏམ་དེ་གོ་མ་ཐག་ངའི་སེམས་པ་ལྗིད་ཏིག་གེར་གྱུར།ད་ཁོ་ཚོ་གང་ལ་འགྲོ ནོར་ལུག་རྩ་རྫོགས་བྱས་ཚར།རྩྭ་སར་ཨ་བྲ་དང་བྱི་ལོང་གིས་གནོད་པ་ཐེབས་ཏེ་ས་ཐང་ནག་ཏུ་གྱུར།ས་ནག་པོར་སོ་འདེབས་པ་ལས་ཅི་ཡང་མེད།ཁ་ཟས་འཚོ་བར་དཀའ་ཁག་ཧ་ཅང་ཆེ།ངས་ཡར་མར་ལ་འདང་བརྒྱབ་ནས་མཚན་གང་བོར་གཉིད་མ་ཁུག དངོས་གནས་མནར་གཅོད་རེད།
  ང་འདུག་སའི་རྫོང་མཁར་འདི་ས་བབས་མཐོ་ཞིང་གྲང་རླུང་རྒོད་པས།དུས་བཞིར་དབྱེར་མེད་དུ་ཁ་ཆར་དང་དྲག་རླུང་རྒྱུན་དུ་འཚུབ། གྲང་འཁྱག་གིས་རུས་རྐང་གཟེར་བའི་དགུན་གྱི་ཉིན་ཞིག་ལ་ངའི་གྲོགས་པོ་རྡོ་རྗེས་ཁ་པར་བཏང་ཡོང་སྟེ་ཁོ་ཚང་གི་འདུག་ཁང་གི་ཉི་ཁྱམས་ཀླད་ཀྱི་ཤེལ་ལེབ་ཚང་མ་རླུང་འཚུབ་གཡུག་ཐེངས་གཅིག་གིས་རྒྱང་དུ་ཁུར་ཞིང་ཤེལ་ཁང་ཧྲིལ་བོ་ཧྲུག་ཆག་ཏུ་བཏང་བ་དང་རྩིག་གྱང་འགྱེལ་ནས།གློ་བུར་དུ་ཁྱིམ་མི་གང་བོ་ཟང་ཟིང་དུ་གྱུར་ཞིང་འདུག་ཐུབ་མེད་པར་བཏང་པས།མྱུར་དུ་ཞིག་གསོ་བྱེད་པའི་བཟོ་བ་ཞིག་འཚོལ་རོགས་ཟེར།(གྲོགས་པོ་རྡོ་རྗེ་ནི་ང་དང་ཕ་ཡུལ་གཅིག་པའི་མི་ཡིན་ལ།སྐྱེ་ཁམས་སྤོས་འབངས་སྡེ་བར་གནས་སྤར་ཡོང་བའི་སྡེ་མི་ཐོག་མའི་གྲས་ཀྱི་གཅིག་ཡིན།)དེ་མ་ཐག་ང་རྒྱ་སྲང་དུ་རྒྱུགས་ནས་གང་སར་བཙལ་ན་འང་།ལོ་གསར་ལ་ཐོན་ལ་ཉེ་བས་བཟོ་བ་རྣམས་རང་རང་གི་ཡུལ་ལ་བུད་སོང་བས་ཅི་བྱ་གཏོལ་མེད་དུ་གྱུར།(ས་འདིའི་བཟོ་བ་དང་ལག་རྩལ་པ།ཚོང་གཉེར་བ་མང་ཤས་ནི་ས་གཞན་ནས་ཡོང་བའི་མི་ཡིན།)
  ཉིན་འགའི་རྗེས་སུ།  ཁོས་ས་གནས་ཀྱི་བཟོ་ཆུང་ཞིག་ལ་ཞུ་བ་ཡང་ཡང་བྱས་ནས་ཁྲིད་ཡོང་སྟེ་རིན་གོང་མཐོན་པོ་སྤྲད་དེ་འདུག་ཁང་གི་ཉི་ཁྱམས་དང་རྩིག་པ་ཧྲིལ་བོ་བསྐྱར་གསོ་ཐུབ་པ་བྱུང་། ད་དུང་སྡེ་གསར་ནང་གི་ཁྱིམ་ཚང་འགའི་ཁང་ཀླད་ཀྱི་རྫ་གཡམ་རླུང་གིས་ཁུར་ཡོང་སྟེ་མི་ལ་རྨས་སྐྱོན་བཏང་བ་དང་སྒོ་དང་སྒེའུ་ཁུང་བཅག་ནས་འདུག་ཐབས་མེད་པར་བཏང་བ་སོགས་དོན་རྐྱེན་སྣ་ཚོགས་བྱུང།དེ་དོན་འཕྲལ་དུ་འབྲེལ་ཡོད་སྡེ་ཁག་དང་གོང་རིམ་ལ་ཡར་ཞུ་ཐེངས་འགར་ཞུས་ཏེ་རོགས་དངུལ་ཁ་གསབ་སྟེར་བའམ་ཞིག་གསོ་བྱེད་པའི་རེ་བ་བྱས་ནའང་།མཇུག་འབྲས་ཅི་ཡང་མེད་པར་གྱོང་གུད་ཡོད་ཚད་རང་གིས་འཁུར་དགོས་བྱུང་།ངས་དབང་མེད་དུ་ཉིན་འགའི་སྔོན་ལ་བཀླགས་ཚར་བའི་སྒྲུང་གཏམ《ཝ་ནག་ལུང་བ།》ཞེས་པའི་ནང་གི་མི་སྣ་སངས་རྒྱས་ཚང་བདེ་སྐྱིད་སྤོས་འབངས་སྡེ་བའི་ནང་གི་ཁང་བར་གནས་སྤར་ནས་ཡུན་རིང་མ་འགོར་བར་ཞིག་རལ་དུ་གྱུར་བའི་རྣམ་པ་ཡིད་ལ་འཁོར་བྱུང་།དེ་དང་ཆབས་ཅིག་དགུན་ཁ་འདིའི་གྲང་ངར་ཇི་བཞིན་གར་ཡོང་མི་ཤེས་པའི་ཙག་རླུང་ལྡོམ་པོ་ཞིག་གིས་ངའི་ལུས་སེམས་ལ་གྲང་ཟུག་བར་མེད་དུ་བྱིན།
  འདས་ཟླ་དེ་དག་གི་ནང་ཨ་གསེར་གཞུང་ལམ་སྟེང་གི་རླངས་འཁོར་ཆེ་ཆུང་མང་པོའི་འགྲོ་འོང་གི་རྒྱུ་བ་སྔར་ལས་མང་ཞིང་མགྱོགས་ཚད་སྔར་ལས་མྱུར།སྔོན་ཆད་ཨ་གསེར་གཞུང་ལམ་ས་ལམ་དང་རྡེའུ་ཟེགས་ཡིན་ལ་འབའ་འབུར་དང་ཀྱག་ཀྱོག་ཆེ་བས་ཉིན་གང་གི་དུས་ཚོད་སྤྱད་ན་ད་གཟོད་དམིགས་སར་སླེབས་ཐུབ།
  དུས་ཀྱི་འཕོ་འགྱུར་དང་བསྡོངས་ནས་ད་ལྟའི་ཨ་གསེར་གཞུང་ལམ་ཡང་བདེ་ཞིང་ཡངས་པའི་གནག་སྣུམ་གྱི་ལམ་ཆེན་དུ་བཟོས་ཚར་འདུག་པས།སྔོན་ཆད་ཀྱི་རེབ་རྩེ་བར་གྱི་ཉིན་གཅིག་གི་དུས་ཚོད་དེ་ད་ལྟ་ཆུ་ཚོད་གཅིག་དང་ཕྱེད་ཀས་སླེབས་སྲིད།དུས་ཀྱི་འཕེལ་རྒྱས་ཀྱི་མྱུར་ཚད་ནི་ཅི་འདྲའི་ཧ་ལས་ཤིང་བློ་ཡུལ་ལས་འགོངས་པ་ཞིག་རེད་ཨང་། འཕྲུལ་ཆས་ཀྱི་ཁ་དར་བའི་དེང་གི་དུས་འདིར།འཕྲུལ་ཆས་ཀྱིས་མིའི་ཚབ་བྱེད་ཅིང་།འཕྲུལ་ཆས་དང་མིའི་གནད་དོན་ཚབས་ཆེན་དུ་གྱུར་ཞིང་།མི་དང་འཕྲུལ་ཆས་ཀྱི་འགལ་བ་ཛ་དྲག་ཏུ་གྱུར།མིའི་རིགས་ཀྱིས་རང་གི་བདེ་སྐྱིད་ཀྱི་ཆེད་དུ་འཕྲུལ་ཆས་གང་མང་གསར་གཏོད་བྱས་ནའང་།དེ་ལས་ལྡོག་དེ་མིའི་རིགས་ལ་ཆག་འཇིག་དང་སྡུག་བསྔལ་མཚམས་མེད་པར་བསྐྱལ་འོངས་།ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་ཁ་གཞན་ཞིག་ལྷགས་ཡོང་གིན་འདུག
  ལྷག་པར་དུ་འདས་ཟླ་དེ་དག་གི་ནང་དུ་ཨ་གསེར་གཞུང་ལམ་སྟེང་དུ་མཐོང་ན་འཇིགས་ཡེར་ཞིང་ཐོས་ན་རྣར་གཟན་པའི་འགྲུམ་འགྲུལ་ཆག་སྒོ་བསྟུད་མར་བྱུང་བ་རྒྱུན་དུ་ཐོས་འཛིན་གྱི་བུ་གར་མཆེད་ཡོང་།། རླངས་འཁོར་དང་རླངས་འཁོར་གདོང་ཐུག་བརྒྱབ་ནས་འབར་གས་བྱུང་།མི་དང་རླངས་འཁོར་ཐུག་བརྒྱབ་ནས་ཤུལ་མེད་དུ་གྱུར།རླངས་འཁོར་དང་འཕྲུལ་རྟ་ལྷན་ཏུ་གཡང་ལ་ལྷུང་བ་སོགས་དམར་པོ་ཁྲག་གི་གཏམ་རྒྱུད་ཀྱིས་མི་སེམས་ལ་བཟོད་དཀའ་བའི་མྱ་ངན་དང་འོ་དོད་བྱིན།
  ལོ་འདིའི་ནང་ཨ་གསེར་གཞུང་ལམ་སྟེང་དུ་ཁྱོན་བསྡོམས་འགྲིམ་འགྲུལ་དོན་རྐྱེན་ཉེར་ལྔ་བྱུང་འདུག་ལ།དེའི་ནང་འཆི་ལམ་དུ་བརྫངས་པའི་མི་བཅུ་གསུམ་དང་རྨས་སྐྱོན་ཚབས་ཆེན་ཐེབས་པའི་མི་ཉི་ཤུ་བཅས་ཡོད་པས།ཁུལ་ཡོངས་ཀྱི་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ཆེས་མང་པའི་རྫོང་ཨང་དང་པོར་གྱུར་པ་སོགས་གཏམ་ངན་དེ་དག་གིས་བདག་སེམས་སྐད་ཅིག་ཙམ་ལ་ཡང་བདེ་ལ་འབབ་ཐབས་མེད་པར་བཏང་།
ད་ནི་གཞི་ནས་ལོ་མཇུག་ལ་སླེབས་ཟིན་པས།གོང་རིམ་རྩ་འཛུགས་ཁག་གིས་ལོ་མཇུག་བྱ་བའི་སྤྱི་བསྡོམས་དང་སང་ལོའི་བྱ་བའི་འཆར་འགོད་སོགས་ཀྱི་ཚོགས་འདུ་ཆེ་ཆུང་མང་པོ་སྐོང་འཚོགས་བྱེད་པར་བྲེལ་བཞིན་འདུགདེ་དང་ལྷན་དུ་གཞི་རིམ་ཞང་དང་སྡེ་བར་བསྐྱོད་དེ་བདེ་འཇགས་བརྟན་བརླིང་བྱ་བར་དམ་འཛིན་དང་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱེད་པ།“བརྩེ་སེམས་འབུལ་བ”་དང་“དྲོད་ཁོལ་སྐྱེལ་བ”་སོགས་ཀྱི་བྱ་བ་མགོ་བརྩམ། ང་ཡང་རྩ་འཛུགས་ཀྱི་མངགས་བཅོལ་ལྟར་གཞི་རིམ་སྡེ་བ་ག་གེ་མོར་སོང་སྟེ་འཚོགས་འདུ་བསྡུས་ནས་འབྲེལ་ཡོད་ཡིག་ཆ་དྲིལ་སྒྲོག་དང་དུད་ཁྱིམ་རེ་རེར་སོང་ནས་ཁ་བརྡ་བྱེད་པ།དབུལ་ཕོངས་ཁྱིམ་ཚང་རེར་སྒོར་བརྒྱ་དང་ཕྱེ་རྒྱ་མ་ཉིས་བརྒྱའི་དྲོད་ཁོལ་བསྐྱལ་བ་བཅས་རྩ་འཛུགས་ཀྱིས་བཅོལ་བའི་འགན་ཁུར་ཡོངས་སུ་འགྲུབ་པར་བྱས།
  གཞི་རིམ་གྱི་སྡེ་བ་ནས་བདུན་ཕྲག་གཅིག་ལྷག་འགོར་ནས་ཕྱིར་རྫོང་ཐོག་ལ་ལོག་དུས། ཁ་བ་མཐུག་པོ་བབས་ནས་རྩེ་གཞུང་ཧྲིལ་བོ་གངས་ཀྱིས་གཡོགས་པའི་རྒྱལ་ཁམས་ཤིག་དང་གཉིས་སུ་མ་མཆིས།ཁ་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས་རྩྭ་མེད་ཆུ་སྡུག་གི་དཀའ་ངལ་བྱུང་སྟེ་མི་ཕྱུགས་གཉིས་ཀ་འཁྱག་ལྟོག་གི་སྡུག་བསྔལ་ཀློང་དུ་ལྷུང་། འབྲོག་པ་རྣམས་ལ་འཚུབ་ཆ་ལངས་ནས་ཕྱོགས་ཡར་མར་ལ་གཟན་རྩྭ་ཉོ་བར་རྒྱུགས་བཞིན་འདུག ཁོ་ཚོར་མཚོན་ན་ནོར་ལུག་ནི་འབྲལ་ཐབས་མེད་པའི་འཚོ་གནས་ཀྱི་བརྟེན་ས་དང་རིན་ཐང་བྲལ་བའི་ནོར་བུ་ཡིན། ཉིན་མཚན་རྟག་སྦྲེལ་གྱིས་རྩྭ་ཐང་ཆེན་མོར་འཐབ་འཛིང་བྱེད་པའི་དམིགས་ཡུལ་ཡང་དེ་ཡིན།
  སྐབས་འདིར་རྩྭ་འཚོང་ཁེ་བ་ཚོའི་རྫོགས་ལྡན་དུས་སྐབས་ཏེ།ཁོ་ཚོས་གླགས་དང་བསྟུན་ཏེ་རྩྭ་རིན་མཐོན་པོར་འཕར།ཟོང་སྐྱེལ་རླངས་འཁོར་ནང་དུ་གཟན་རྩྭ་གཏོས་ཆེ་བ་རེ་བརྩིགས་ཏེ་སྲང་ལམ་གཡས་གཡོན་དུ་བསྟར་དུ་བསྒྲིགས་ཏེ་ཚོང་གཏམ་བྱེད་བཞིན་འདུག
  བསྟུད་མར་ཁ་བ་འབོར་ཆེན་བབས་པས་གཞུང་ལམ་དང་སྐྱས་ལམ་རིའི་འགག་སྒོ།ཉག་ཁིས་སོགས་ལ་ཁངས་སྤུངས་བརྒྱབ་སྟེ་འགྲོ་ལམ་ཡོངས་སུ་བཅད་འདུག
  ཨ་གསེར་གཞུང་ལམ་སྟེང་གི་རྒྱུ་འགྲུལ་ཡང་ཆད་དེ་ཉིན་འགའ་འགོར་འདུག་ལ།སྒོར་མོ་མ་གཏོགས་ཅི་ཡང་མི་དགོས་པའི་ཁ་ལོ་བ་ཞིག་མིན་ན་མ་གཏོགས་འགྲོ་ཕོད་མཁན་མི་འདུགཁ་ཤས་ཀྱིས་གོ་སྐབས་དང་བསྟུན་ཏེ་སྲོག་བསྡོས་སྒོས་འགྲོ་མཁན་ཡོད་ལ།རེབ་རྩེ་བར་ལ་སྤྱི་ལེ་དགུ་བཅུ་གོ་བདུན་ལས་མེད་ལ་རྒྱུན་ལྡན་དུ་མི་གཅིག་ལ་སྒོར་ཉེར་གཉིས་ཀྱི་ལམ་གླ་མ་གཏོགས་མི་དགོས་ཀྱང་། ཧེབ་རྒན་སྐོར་ཞིག་གིས་ལམ་གླ་ལྡབ་འགྱུར་གྱིས་འཕར་ཏེ་མི་རེར་སྒོར་བརྒྱད་ཅུ་ནས་བརྒྱ་བར་ལེན་གྱིན་འདུག
  ཉིན་འགའི་རྗེས་སུ་འགྲིམ་འགྲུལ་ཅུང་རྒྱུན་ལྡན་དུ་གྱུར་པས།ང་ཡང་གངས་ཀྱིས་གཡོགས་པའི་གཞུང་ལམ་བརྒྱུད་དེ་རོང་བོ་གྲོང་རྡལ་དུ་བདེ་བླག་ངང་འབྱོར་སོང་།
  ལོ་རྙིང་བ་ཕར་སྐྱེལ་བར་བདུན་ཕྲག་གཅིག་ལས་མི་འདུག་ལ།ལོ་གསར་བ་ཚུར་བསུ་བར་ཡང་དེ་ཙམ་ལས་མི་འདུག
  རོང་བོ་གྲོང་རྡལ་གྱི་སྲང་ལམ་ཆེ་ཆུང་ཀུན་ཏུ་འཁྲུག་ཆ་ཆེ་ལ་འདུ་འཛིས་ཁེངས། ལོ་གསར་ལ་རོལ་བའི་སྟ་གོན་གྱི་རྣམ་པས་གྲོང་རྡལ་ཧྲིལ་བོར་གསོན་ཤུགས་དང་བཀྲག་མདངས་རྒྱས།
ལོ་གསར་བསུ་བའི་ཟས་རིགས་སྣ་ཚོགས་ཐང་མར་བརྡལ་འདུག་ལ།རྒྱུ་སྤུས་ཞན་པའི་ཀ་ར་སྣ་ཚོགས་དང་བཏུང་བ།ཤོག་སྦག་དང་འོད་སྡེར་རྫུན་མ་མང་པོ།སིལ་ཏོག་ཕྱིད་པ་སོགས་ཚོང་རྫས་རྫུན་མ་མང་པོས་སྲང་ལམ་ཡོངས་སུ་འགད་ལ་ཁད་དུ་སྣང་།
  རོང་འབྲོག་མང་ཚོགས་ཀྱིས་རི་ལྟར་སྤུངས་བའི་ཟས་རྫུན་མང་པོའི་ཁྲོད་དུ་ཡར་ཉུལ་མར་ཉུལ་གྱིས་ལོ་གསར་གྱི་མཁོ་དངོས་ཉོ་བཅའ་བསྒྲིགས་པར་བྲེལ་བྲེལ་འཚུབ་འཚུབ་བྱེད་བཞིན་འདུག
༢༠༠༩ལོའི་ཟླ་༢པའི་ཚེས་༢༨ཉིན་རང་རྒྱལ་གྱིས་《ཟས་རིགས་སྨན་རིགས་བདེ་འཇགས་ཁྲིམས་ལུགས》་གཏན་འབེབས་ཀྱིས་ལག་བསྟར་ཁྱབ་བསྒྲགས་བྱས་ཡོད་ལ།ལོ་རེར་ཟས་རིགས་བདེ་འཇགས་སྐོར་གྱི་ཚོགས་འདུ་སྐོང་འཚོགས་བྱས་ཏེ་ཚོང་རྫས་རྫུན་མར་ཞིབ་བཤེར་དང་སྔོན་འགོགམི་ལུས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་སྒྲོག་བཞིན་ཡོད་ནའང་།རྫུན་དང་བརྫུས་མས་སྤྱི་ཚོགས་ཧྲིལ་བོ་ཟ་བཞིན་པའི་དེང་གི་དུས་འདིར།ཟས་རྫུན་དེ་དག་འགོག་ཐབས་མེད་པར་ཐལ་རྡུལ་ཇི་བཞིན་དུས་ཀྱི་བར་གསེང་གང་རུང་ནས་མི་ཚང་མའི་ཁ་མིག་ཏུ་འཚངས་ཡོང་།
ལོ་འདི་འགར་རང་རྒྱལ་གྱི་ས་ཁུལ་སོ་སོ་ནས་ཟས་རིགས་རྫུན་མས་མིའི་ཚེ་སྲོག་དང་བདེ་ཐང་ལ་གནོད་པ་ཚབས་ཆེན་བཏང་བའི་གནས་ཚུལ་རྒྱུན་དུ་བརྙན་འཕྲིན་དང་དྲ་བ་སོགས་ནས་མཐོང་ཐོས་སུ་གྱུར་བ་ཝ་ལེར་དྲན་པས། ང་ཡང་བསྐྱར་སེམས་ཁྲལ་གྱིས་མནར།
  ལོ་གསར་བའི་ནང་དུའང་བཀྲ་མི་ཤིས་པའི་གཏམ་ངན་དང་ཆག་སྒོ་ཅི་ཞིག་འོང་བར་སེམས་ཁུར་དང་གདུང་བས་སྐད་ཅིག་མནན།དེ་དང་ལྷན་དུ་སེམས་པ་ཧ་ཅང་མི་སྐྱིད་པར་གྱུར་ཞིང་འཇིགས་ཡེར་བའི་ཁ་དབུགས་སྟུག་པོ་ཞིག་གིས་ཕྱོགས་དང་ཕྱོགས་ནས་བཏུམས།སྐབས་དེར་བདག་གི་ཚེ་རབས་ཀུན་དུ་འབྲལ་མེད་དུ་སྒོམ་པའི་ཡི་དམ་གྱི་ལྷ་དེ་སྐད་ཅིག་ཡིད་ལ་ཤར་ཞིང་སྨིན་མཚམས་ཐད་གྱི་ནམ་མཁར་བཞུགས་པའི་ཉམས་སྣང་བྱུང་།
  གློ་བུར་ང་རང་རོང་བོ་གྲོང་བརྡལ་གྱི་ལྷོ་ལམ་ཚོང་ཟོང་རྫུན་མ་སྤུངས་བའི་བར་གསེང་བརྒྱུད་དེ་སྒྲོལ་མའི་ཐང་ཆེན་གྱི་ཕྱོགས་སུ་དབང་མེད་གོམ་ཁ་བསྒྱུར།
  རོང་བོ་དགོན་པའི་ཉེ་འདབས་སུ་སླེབས་མ་ཐག བསང་དུད་ཀྱི་དྲི་མ་དང་བོད་སྤོས་ཀྱི་བསུང་ཞིམ་གང་སར་ཁྱབ་པས་ལུས་སེམས་ལ་སྨྲ་མི་ཤེས་པའི་དགའ་བདེའི་སྣང་བ་བཅོས་མིན་དུ་བྱིན།
ང་རང་རྗེ་བཙུན་སྒྲོལ་མའི་སྐུ་མདུན་དུ་དྲང་ཚུགས་སུ་འགྲེང་སྟེ་གསོལ་འདེབས་དང་སྨོན་ལམ་རྣམ་དག་རྩེ་གཅིག་ཏུ་ཞུས།རྒྱུན་སྲོལ་ལྟར་ཐལ་མོ་སྤྱི་གཙུག་ཏུ་བཞག་ཅིང་།དེ་ནས་མགྲིན་པར་བཞགདེ་ནས་སྙིང་ཁར་བཞག་སྟེ་ཕྱག་གསུམ་འཚལ།ངག་ནས་བར་མེད་དུ《སྒྲོལ་བསྟོད》་བཟློ་བཞིན་གསོལ་བ་ཤུགས་དྲག་ཏུ་བཏབ། ལོ་རྙིང་བའི་ནང་གི་རང་གི་བྱས་ཉེས་ལ་བཟོད་གསོལ་དང་ཚེ་འདས་ཀྱི་རྣམ་ཤེས་ཡོད་ཚད་ལ་བསྔོ་སྨོན་ཞུས་ཤིང་།
  སླེབས་ལ་ཉེ་བའི་ལོ་གསར་བའི་ནང་མི་ལ་ཚེ་རིང་བདེ་སྐྱིད། བགེགས་དང་ཉེར་འཚེ་མེད་པའི་སྐྱབས་འཇུག་ཞུས།
  རྗེ་བཙུན་སྒྲོལ་མའི་གསེར་ཞལ་ལ་ཡུན་རིང་བལྟས་པས།ཁོང་གི་ཤེས་རབ་དང་སྙིང་རྗེའི་འོད་ཀྱིས་ཁེངས་པའི་སྤྱན་ཟུང་གིས་རྟག་ཏུ་གཡེལ་བ་མེད་པར་འགྲོ་བ་ཡོངས་ལ་རྒྱང་གཟིགས་མཛད་འདུག
གསོལ་འདེབས་མཇུག་རྫོགས་རྗེས།ང་དལ་བུར་དགོན་འདབས་ཀྱི་སྲང་བར་བརྒྱུད་དེ་ཡུལ་ལ་ཆས། ལམ་བར་ནས་བསང་དུད་དང་བོད་སྤོས་ཀྱི་དྲི་ཞིམ་ཡང་བསྐྱར་སྣ་ལམ་དུ་བར་མེད་འཐུལ། བོད་ཡུལ་གྱི་དགོན་པ་མང་པོར་ཐུན་མོང་དུ་ཡོད་པའི་དྭངས་གཙང་ལྷད་མེད་ཀྱི་དྲི་བསུང་གིས་བདག་སེམས་དབང་མེད་བཀུག སེམས་ཀྱི་ངལ་དུབ་དང་སྐྱོ་གདུང་ལྷག་ལུས་མེད་པར་ཡལ།
རྗེ་བཙུན་སྒྲོལ་མའི་གསེར་ཞལ་ངའི་མདུན་གྱི་ནམ་མཁར་ཡང་ཡང་མངོན་ཞིང་།ཁོང་གིས་ ཞལ་གསུང་འབྱོན་བཞིན་པ་རྣ་ལམ་དུ་གྲག དེ་ནི་ངའི་སྣང་བ་ཡིན་པ།ངས་ཤེས་ཡོད།ང་མུ་མཐུད་དུ་དལ་བུར་མདུན་དུ་བསྐྱོད།
  ཁྱིམ་དུ་འཛུལ་མ་ཐག ཆུང་མ་དང་བུ་མོས་ང་ཡོང་བར་སྔར་ནས་སྒུག་འདུག་ལ། དགའ་བའི་འཛུམ་གྱིས་བསུས།
  ངེད་བཟའ་མི་གང་བོ་ལྷན་འཛོམས་ཀྱིས་ཡང་བསྐྱར་ལོ་གཅིག་སར་བའི་སྟ་གོན་གྱི་སྤྲོ་དགའ་ལ་ཆས་སོང་།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༤

2015-10-24 མོག་ཟླ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།