ཀླུ་ཆུའི་སྐོར་བྲོ་དང་རྨ་ཆུའི་རྟ་རྒྱུགས།

རྫས་ལུང་ཚེ་དར།༼ ཀླུ་ཆུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-10-25

  དེ་ཡང་དབྱར་ཟླ་ར་བའི་མཛེས་སྡུག་གི་ལང་ཚོ་ངོམས་པར་རྒྱས་ཤིང་ཕ་ཡུལ་གྱི་རི་ལུང་ཀུན་ལ་བདེ་སྐྱིད་ཀྱི་རྣམ་པ་ངོམས་པར་ཤར་བའི་དུས་ཚོད་ཅིག་སྟེ། སྤྱི་ཟླ་བརྒྱད་པའི་ཚེས་དྲུག་ཉིན་ལ་མདོ་ལྷོ་ཀླུ་ཆུ་རྫོང་གིས་ཀྲུང་གོའི་སྐོར་བྲོའི་ཕ་ས་ཞེས་པའི་མཚན་སྙན་བརྗིད་པོ་ཞིག་བླངས་བའི་དུས་སྟོན་ལ་རོལ་བྱུང་། ཕྲན་ཡང་ཀླུ་ཆུའི་ཡུལ་མི་ཞིག་གམ་རྐང་བ་ན་རག་བར་དུ་ཡར་ལངས་དགོས་པའི་སྤྱིར་བཏང་གི་ལྟད་མོ་བ་ཞིག་གི་དངོས་ནས་རང་གི་མཐོང་ཐོས་དག་དྲན་པ་དང་བསྡེབས་ནས་བརྗོད་ན།

              དང་པོ། ཝ་མོ་ཞྭ་གོན་ལྟ་བུའི་མིང་བྱང་བརྗིད་པོ། 
  
  ས་གནས་ཀྱི་འཕེལ་རྒྱས་དང་དུས་རབས་ཀྱི་དགོས་མཁོར་དམིགས་ནས་མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཕྱིར། བློ་རྒྱ་ཆེ་ཞིང་མིག་རྒྱང་རིང་བའི་དཔོན་རྒན་དག་གི་ཐུགས་བཀོད་བཞིན། ཉིས་སྟོང་བཅུ་གཉིས་ལོ་ནས་རྫོང་ཐོག་གི་ལས་ཁུངས་སོ་སོ་སྐུལ་སློང་གིས་ལོ་རེའི་ཟླབརྒྱད་པའི་ནང་སྐོར་བྲོ་འགྲན་སྡུར་བྱེད་པའི་ལས་དོན་ཞིག་གཏན་དུ་འཁེལ་ཞིང་དེ་ཡི་དོན་དུ་ཉིན་མང་པོར་བྲོ་བ་མང་པོ་བསྡུ་རུབ་ཀྱིས་འཁྲབ་སྦྱོང་བྱས་མཐར། འགྲན་སྡུར་གྱི་རྣམ་པས་ཨང་རིམ་དུ་མར་བགར་ཞིང་དངུལ་སྒོར་མང་པོའི་བྱ་དགའ་མང་དུསྟེར་བྱུང་། དེ་ལྟར་བསྟུད་མར་ལོ་གསུམ་ལ་འགྲན་སྡུར་བྱས་མཐར་གོང་ལ་ཞུ་གཏུག་དང་འོག་ལ་བཙན་སྐུལ་གྱི་བཀའ་དྲིན་འོག ཀྲུང་གོའི་སྐོར་བྲོའི་ཕ་ས་ཞེས་པའི་མིང་བྱང་བརྗིད་པོ་ཞིག་གི་གསོལ་རས་གནང་ཞིང་གཟབ་རྒྱས་ཆེ་བའི་མཛད་སྒོའི་སྟེང་ནས་ཀྱང་ཕ་ཡུལ་ཀླུ་ཆུ་འདི་ཉིད་མདོ་དབུས་མཐོ་སྒང་གི་དཔལ་འབྱོར་དང་ཡུལ་སྐོར་གྱི་ལྟེ་གནས་སུ་བསྔགས་ཤིང་ཡིན་ཆོག་ཆོག་གི་མིང་བྱང་བརྗིད་པོ་དེ་དཔོན་པོ་བསོད་ནམས་ཅན་དག་ལ་བདེན་ཅོག་ཅོག་གིས་རྒྱན་དུ་གནང་སོང་། རང་གིས་ཞིབ་ཏུ་བསམ་ན། ཉེ་སྔོན་ལོ་རྒྱུས་སུ་མངོན་པའི་ཧུ་ཐོག་ཐུ་དང་ཏི་ཤྲི་སོགས་ཀྱི་ཆོ་ལོ་གནང་སྟེ་ཆབ་སྲིད་ཀྱི་ལག་ཟུང་བསྲིངས་པའི་རྔམ་སེམས་ནི་ཅི་འདྲའི་གཡོ་ཇུས་ཆེ་བའི་བྱ་ལས་ཤིག་ཏུ་མཐོང་ནས་འདི་ཡང་དེ་དང་ཆ་མི་འདྲའམ་སྙམ་བྱུང་། གང་ལྟར་ཀླུ་ཆུའི་མི་དམངས་དང་ཞབས་བྲོ་བ་དག་གི་སྡུག་བཞིན་ཁུར་བའི་བརྩོན་འགྲུས་ཀྱི་འབྲས་བུར་འདི་འདྲའི་སྔ་ན་མེད་པའི་འབྲས་བཟང་ཞིང་བླངས་ཤིང་གོང་དཔོན་པོ་དག་གི་ཞལ་ལ་ཡང་བཀྲག་མདངས་བསྣམས་བྱུང་། དོན་དུ་སྐོར་བྲོའི་ཕ་ས་ཞེས་པར་མཚན་ཉིད་ག་འདྲ་ཞིག་འཇོག་ཀིན་པ་ཧ་གོ་སོང་།

              གཉིས་པ། སྐོར་བྲོ་ལས་འཕོས་པའི་རིག་གནས་ཀྱི་མཁའ་དབུགས།

  མདོ་སྨད་ཀླུ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་ཀླུ་ཆུ་རྫོང་ནི་ཡུལ་ཚོ་ལྔ་དང་གྲོང་རྡལ་གཉིས། ཕྱུགས་ར་དང་ནགས་ར་གཉིས་བཅས་ལས་གྲུབ་པའི་རོང་མ་འབྲོག་གི་བོད་རིགས་ཀྱི་རྫོང་ཁག་རྐྱང་རྐྱང་ཞིག་ཡིན། འོན་ཀྱང་ནམ་རྒྱུན་གྱི་བྱ་འགུལ་སྣ་ཚོགས་ལ་རྒྱ་བོད་ཡིག་རིགས་ཀྱི་སྒྲོག་བྱང་ཟུང་དུ་འབྲེལ་ཞིང་མང་ཆེ་བར་རྒྱ་ཡིག་གི་སྟོབས་ཤུགས་བླ་རུ་འཕགས་འདུག ད་དུང་ནམ་ཡང་འབྲལ་ཐབས་མེད་པ་ནི་ཡིག་ནོར་གྱི་འབུ་སྲིན་དེ་དག་ཡིན་པས་བོད་ཡིག་ནི་ཡིག་ནོར་འབྲི་ཆོག་ཆོག་གི་ཡིག་རིགས་ཤིག་ཞེས་པ་ང་ཚོ་ལ་གཟས་པ་དང་ཅིས་མི་འདྲ། དེ་བས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སུ་སྒྲོག་བཞིན་པའི་སྐོར་བྲོ་འདིའི་མགོ་མཇུག་བར་གསུམ་དུའང་བརྡ་ཡིག་དང་གདན་འདྲེན་ཞུ་ཡིག དྲིལ་སྒྲོག་ཁ་གཡང་སོ་སོར་ཡིག་ནོར་གྱི་ཁྱིམ་ལུད་མང་དུ་སྤུངས་ཤིང་ཆེས་རྒྱུན་སྤྱོད་ཀྱི་ཐ་སྙད་དག་ཀྱང་ནོར་འདུག་པས་སྐབས་རེར་བསམ་བཞིན་དུ་བོད་ཡིག་རྩེད་ཆས་བྱེད་བཞིན་འདུག་སྙམ་དགོས་བྱུང་། དེ་ལས་གཞན་དུ། སྐོར་བྲོའི་འགྲན་སྡུར་གྱི་འགོ་རྩོམ་པའི་མཛད་སྒོའི་སྟེང་དུ་ཡང་ས་གནས་བོད་རིགས་མང་ཚོགས་དང་ལས་བྱེད་དག་གིས་ཁེངས་པའི་ཁྲོམ་པའི་གཞུང་དུ་རྒྱ་སྐད་གཅིག་རྐྱང་གི་ཚོགས་གཏམ་གནང་ཞིང་ད་དུང་བོད་རིགས་ལས་བྱེད་དག་གིས་ཀྱང་མི་འགྲན་བུང་བུ་རྟ་ལ་འགྲན་པ་བཞིན་ཨུ་ཚུགས་དང་གླེན་ཚུགས་ཀྱིས་རྒྱ་སྐད་ཀྱི་བཀོད་འདོམས་མང་དུ་བྱས་བྱུང་བས། མང་ཚོགས་མང་པོ་ཞིག་གི་ཁ་སྣ་བརྫེ་རུ་བཅུག་བྱུང་། དེ་ལྟར་སྐོར་བྲོ་འགྲན་སྡུར་གྱི་འགོ་དངོས་སུ་བརྩམ་བྱུང་ལ། དེ་རུ་སྐོར་བྲོའི་མཚན་ཉིད་ལྡན་དང་མི་ལྡན་གང་མང་ཞིག་གིས་དབུགས་ཧལ་ཧལ་གྱིས་རྔུལ་ཆུ་འབྱིན་ཞིང་ས་གནས་དང་མི་རིགས། རྒྱུན་ཆགས་འཚོ་བའི་བྲོ་བ་ལྡན་མིན་སྣ་ཚོགས་ཤིག་གི་འཁྲབ་ཆས་གྱོན་ནས་འཁྲབ་སྟོན་བྱས་བྱུང་། དེའི་གོ་རིམ་ལས་སི་ཁྲོན་ཕྱོགས་ནས་ཡིན་པའི་འཁྲབ་སྟོན་པ་དག་གིས་ས་གནས་འགྲན་ཞུགས་པ་ཚོར་སྐྱེངས་པ་ཅུང་སྟེར་སོང་བ་འདྲ། སྤྱིར་མི་རིགས་ཀྱི་རིག་གནས་ཤིག་ལ་སྲུང་སྐྱོབ་ཀྱི་རྔུལ་ཆུ་འདི་ལྟར་འབྱིན་པ་ནི་སྙིང་གི་ཁོང་དང་རུས་པའི་གཏིང་ནས་ཡི་རངས་བྱ་སའི་གནས་ཡིན་ཡང་སེམས་ཀྱི་གྲུ་ཁ་ཞིག་ན་སྟོང་སེང་ངེར་ལུས་པ་ནི་མི་རིགས་རིག་གནས་ཀྱི་མཁའ་དབུགས་རྔུབ་རྒྱུ་མ་གདང་བས་ཡིན་འདུག

                གསུམ་པ། སྐོར་བྲོའི་ཕ་ས་ན་འཚང་བའི་དཔོན་འབངས་ཀྱི་ཕོག་ཐུག

  སྐོར་བྲོ་འགྲན་སྡུར་ནི་དེ་ལྟར་འགོ་བརྩམས་ཤིང་དེ་ལྟར་མཇུག་རྫོགས་སོང་། ཡིན་ཡང་། བསམ་བློ་གཉིད་དུ་ཡུར་མི་ཐུབ་པ་ཞིག་ནི་ས་གནས་མང་ཚོགས་དང་གཞུང་མྱི་དག་གི་བར་དུ་དོད་པའི་གས་སྲུབས་དེ་ཡིན་ལ། གས་སྲུབས་དེ་དོན་དུ་ཕན་ཚུན་ལ་བཟོས་པའི་ཕོག་ཐུག་ཨེ་ཡིན་ནམ་སྙམ། སྐོར་བྲོ་འཁྲབ་སྦྱོང་གི་གོ་རིམ་ཁྲོད་དུ་ལས་སྣེ་བ་སོ་སོས་རིམ་པ་ལུགས་འགྲོས་ཀྱིས་བཙན་གྱིས་དེད་ཅིང་ནན་གྱིས་སྐུལ་བས་དཔོན་དང་བློན་གྱི་བར། བློན་དང་འབངས་ཀྱི་བར། ཐ་ན་འབངས་ཀྱི་ཐབ་རྩ་དག་ནའང་མནར་སྡུག་ཅིག་ངང་ངམ་ཤུགས་ཀྱིས་འཁོར་ཞིང་འོངས་བཞིན་པས་སོ་སོས་བཟོས་པའི་ཕོག་ཐུག་ནི་གཡོལ་དུ་མི་འདུག་པས། འགྲན་སྡུར་གྱི་ཡུལ་དངོས་ན་ཡང་ལྟད་མོ་བ་ཉུང་ཞིང་མགོ་ནག་མི་ཡི་འཁྲབ་སྟོན་ལས་འདོ་རིགས་རྟ་ཡི་བང་རྩལ་ལ་ཧད་མཁན་མང་སྟེ། དམངས་ཁྲོད་ཀྱི་སྐད་ཆ་ཞིག་སྟེ། ལས་བྱེད་པ་རྒན་རྒོན་དག་གི་ཞབས་བྲོ་ལ་བལྟ་རྒྱུ་ཞིག་ཨེ་ཡོད་དམ་ཟེར་བ་དེ་ཡིན་ལ། དེ་ནི་གཞན་གྱི་རྟ་དང་རང་རེའི་མི་ཡི་གོ་ཐང་ནོར་སོང་བ་ཨེ་ཡིན་སྙམ། འཁྲབ་སྟོན་མཇུག་སྒྲིལ་རྗེས་ཁྲོམ་པ་དག་ལ་ཉོ་ཚོང་གི་ཁོར་ཡུག་གིས་སྟོང་བས་ས་གནས་དཔལ་འབྱོར་འཕེལ་རྒྱས་ཟེར་བ་དེ་གང་ཞིག་ནས་འགོ་རྩོམ་བཞིན་པ་མི་ཤེས་པས་མང་ཚོགས་ཚོ་རང་རང་སར་ལོག་འགྲོ་ལ། གཞུང་མྱིའམ་ལས་བྱེད་དག་ནི་ཉིན་དུ་མའི་ངལ་རྩོལ་གྱི་འབྲས་བུ་ལོངས་སུ་སྤྱད་པའི་འབྲས་རྟགས་སུ་གང་བལྟས་ས་ནས་མཐོང་བ་ནི་བཟི་བོ་དག་གི་ཆོ་འཕྲུལ་དང་གྲུབ་རྟགས་ཡིན་ལ། ད་དུང་རྒྱས་སྤྲོས་ཆེ་བའི་སྟོན་གུར་རེ་རེ་ན་སྟོན་པ་དག་གི་བསྟན་པ་ཇི་འདྲ་དར་བཞིན་པ་ནི་འཆར་ཡན་གྱི་རི་མོའི་དངོས་སུ་འཆར་ཡོང་རྒྱུ་ཞིག་རེད། འགྲན་པ་རྟ་ཕོའི་བང་རྩལ་ཡིན་ཡང་གཟེངས་སྐྱེས་བདག་པོས་འཁྱེར་བ་འདི་དང་འདི་འདྲ་ནི་ཉེ་ལམ་སྤེལ་བཞིན་པའི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་པའི་འབྲས་སུ་ཨེ་ཡིན་སྙམ། དེ་ལྟར། ཁྲ་དང་འུག་པའི་དམིགས་འདུན་མ་གཅིག་པའི་གཏམ་རྒྱུད་འདི་ལས་འཕྲོས་ཏེ་གཞུང་དང་སྒེར་གྱི་གས་སྲུབས་ཤིག་ཆེ་རུ་ཕྱིན་ནས་རིམ་བཞིན་སློབ་གསོ་དང་སྲིད་གཞུང་གི་བྱ་བའང་ཐ་དད་དུ་གྱུར་ཞིང་མགྲོན་པོ་དང་གཞིས་བདག་གི་ཕྱོགས་རིས་ཤུགས་ཀྱིས་ལྡང་བཞིན། སྐད་ཡིག་གི་ལས་ཀ་གཉེར་མཁན་ནི་གཞི་རིམ་སློབ་གསོའི་སྟེང་ན་འབྱར་ཞིང་སྲིད་གཞུང་གི་དཔོན་ཚང་སྲུང་མཁན་ནི་དེ་ལས་ལྡོག་པའི་ཆེད་མཁས་པ་ཞིག་གདན་ཞུ་ཡིས་གཉེར་བཞིན་ཡོད་པར་མཐོང་།

              ཀྲུང་གོའི་རྟ་རྒྱུག་གི་ཕ་ས་སྟེ། རྨ་ཆུ།

  རྨ་ཆུ་དང་ཀླུ་ཆུ་ནི་མདོ་ལྷོ་ཁུལ་གྱི་བོད་རིགས་རྐྱང་བ་དང་བོད་གཤིས་རྣལ་མ་སྐྱོང་སའི་རྫོང་ཁག་ཡིན། ཀྲུང་གོའི་རྟ་རྒྱུག་གི་ཕ་ས་སྟེ། མདོ་སྨད་རྟའི་ཆོལ་ཁའི་ཡ་གྱལ་གྱི་རྨ་ཆུ་རྫོང་ན་ཡང་རྟ་རྒྱུག་འགྲན་ཚོགས་ཀྱི་རྣམ་པ་རྒྱ་ཆེར་སྤེལ་བཞིན་པས་རང་ཡང་ཐེངས་དང་པོར་ཡོ་ལང་འདིར་ཞུགས་པ་ཡིན། འདི་ནས་ཀྱང་རང་ཉིད་ཀྱི་ཟིན་བྲིས་འགའ་རིས་སུ་ཕབ་པ་ནི།

               དང་པོ། རྟ་རྒྱུག་འགྲན་ཚོགས་ཀྱི་ཡོ་ལང་།

  རྟ་རྒྱུག་ནི་འབྲོག་པའིའཚོ་བ་སྐྱོང་ཞིང་རྟ་ཐོག་ནས་འཚར་ལོངས་བྱུང་བའི་མི་རིགས་ཤིག་ལ་མཚོན་ན་ཆེས་ཁྱད་དུ་འཕགས་པའི་བྱ་འགུལ་ཞིག་ཡིན་ཞིང་། བོད་པ་མང་ཚོགས་ཀྱིས་དགའ་བསུ་བླ་ལྷག་ཏུ་བྱེད་པའི་ལྟད་མོ་ཞིག་ཡིན་འདུག དེ་བས། རྨ་ཆུ་རྫོང་ལ་ཡང་ཀྲུང་གོའི་རྟ་རྒྱུག་གི་ཕ་ས་ཞེས་པའི་ཆོ་ལོ་བསྩལ་ཞིང་བྱ་དགའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གནང་ཀིན་འདུག
རྨ་ཆུའི་རྟ་རྒྱུག་འགྲན་ཚོགས་འདི་རུ་ཀྲུང་གོའི་ནང་ཁུལ་གྱི་ས་ཕྱོགས་དང་མི་རིགས་སོ་སོའི་རྒྱུག་རྟ་ཡོད་ཅིང་རྒྱུག་ཐག་གི་རིང་ཐུང་གང་མོས་སུ་འདེམ་ཆོག་འདུག དེ་ལྟར། དབྱར་ཟླ་ར་བའི་དྲོད་སྐྱིད་ཀྱི་གསེབ་ནས་རྟ་རྒྱུག་འགྲན་ཚོགས་ཀྱི་ཡོ་ལང་རྒྱས་ཤིང་དངུལ་ལོ་ཡི་རྩེད་འཇོ་རྒྱ་ཆེར་སྤེལ་བས། ཕྱོགས་སོ་སོའི་ལྟད་མོ་བ་ཁྲི་ཕྲག་དུ་མ་ཆེད་དུ་བཟོས་པའི་རྟ་རྒྱུག་འགྲན་ཚོགས་ཀྱི་ཚོགས་རར་མ་བགྲོས་རང་མཐུན་གྱིས་འདུས་འདུག་ལ། འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་ན་རྟ་ཐོག་དཀྲོལ་ལེན་དང་རྟ་ཐོག་ནས་ཁ་བཏགས་འཐུ་བའི་རྣམ་པ་དག་ལ་ས་གནས་དང་འབྲོག་པའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པས་མྱོས་སོང་ལ། དེ་རུ་རྟ་བདག་དག་གི་རྔམ་སེམས་དང་དངངས་འཚབ་རྒོད་ཅིང་དྲག་སྤྲས་དཔའ་བོའི་ཟིལ་ཤུགས་ངར། དེ་རུ་བོད་པ་ཚང་གི་གཉུག་གཤིས་ལུད་ཅིང་ལག་གསུམ་རྐུན་མའི་སྟངས་སྟབས་མྱུར།

               གཉིས་པ། རྔམ་སེམས་ཀྱིས་སྐྱེད་པའི་དཔའ་ངར།

  འགྲན་སྡུར་གྱི་བྱ་དགའ་མཐོ་བས་ཡིན་ནམ་སྙན་གྲགས་ཉི་ཚེ་བ་ཞིག་གིས་དེད་པ་ཡིན་ནམ། ཉེ་འཁོར་གྱི་བོད་པ་ཚང་མ་གནས་འདི་རུ་འདུས་ཡོད་དམ་སྙམ་པར་འཇུག་པའི་མི་ཚོགས་དང་རྟ་བདག་ཚོས་ཀི་བསྭོ་དང་ལྷ་རྒྱལ་སྒྲོག་ཅིང་དགྲ་ལྷ་འགུག་པའི་རླུང་རྟས་བར་སྣང་འགེངས་པར་བྱས།
རྒྱ་བོད་གཉིས་ཀྱི་རྟ་ཡི་རྣམ་གྲངས་བགར་བའི་འགྲན་སྡུར་འདི་ཡིས་རྙོག་དྲ་འགའ་ཞིག་མེད་པར་བཟོས་ཡང་དཔའ་ངར་འགའ་ཞིག་སྔར་བཞིན་སློང་ཡོང་ཀིན་པ་འདྲ་སྟེ། དེ་རུ་རྔམ་སེམས་དྲག་པོའི་ཤུགས་ཀྱིས་དེད་པས་མིས་མི་ཟ་བ་མནའ་ཟེར་བ་དེ་ཡང་དོན་དུ་མི་སྤྱི་མ་དགོས་བོད་ཀྱིས་ཀྱང་མནའ་ཟས་པའི་མཇུག་འབྲས་སུ་ཐར་ལམ་མེད་པའི་གནས་སུ་སྐྱལ་བ་ནི་རང་གི་དད་མོས་དང་རིག་གནས་ལ་རྒྱབ་འགལ་བྱས་པའི་རྒྱུ་འབྲས་ཐད་ཀར་སྨིན་པ་ལོས་ཡིན་སྙམ་བྱུང་། ད་དུང་བྱོལ་སོང་དུད་འགྲོ་ཡིན་ཡང་མི་ཡི་རྣམ་ཤེས་ལྡན་ཟེར་བ་བཞིན་རང་ཉིད་རང་གིས་རྟོགས་ཏེ་རྒྱུག་མི་ཐུབ་པའི་གནས་བབ་རྟོགས་ཀྱང་བཙན་གྱིས་བྲབ་ཅིང་དེད་པས་འཆི་ལམ་དུ་བརྫངས་པའི་གནས་ཚུལ་ནི་ཆོས་ལྡན་བོད་པའི་ཡ་ང་བའི་གཤིས་སྤྱོད་དུ་འདོད་ཅིང་། རང་འདོད་དམར་པོའི་དོན་ཐོག་ཏུ་མ་བབས་པས་ཉིན་རྒྱུན་ལས་ཚེགས་ཆེ་བའི་ལས་སྣེ་བ་དག་གི་སྟེང་དུ་སྟག་བཞིན་མཆོང་བ་ནི་མིས་མི་བརྩིས་ན་བླ་མ་དང་དཔོན་པོ་ཟེར་བའི་ལེགས་བཤད་དང་འགལ་ཞིང་རང་ཅག་ལ་སྐྱེས་བུ་དམ་པ་འཁྲུངས་དཀོན་པའི་གནད་ཀྱང་འདི་དག་ལ་ཐུག་ལོས་ཡོད་ཀྱང་སྙམ་བྱུང་། ཉིན་གང་བོར། མདོ་འཛིན་པས་ཀྱང་མིད་པ་འགག་རག་བར་དུ་བརྗོད་ཀྱིན་ཡོད་ལ་སྟོན་ཀྱིན་ཡོད་ཀྱང་གླེན་ཚུགས་ཀྱི་ཕ་བོང་ཞོན་ཞིང་རང་སའི་སྟག་མོར་གྱུར་བ་འགའ་རེ་ནི་ནམ་ཡང་སྤྱང་ཀིའི་རྣ་བར་ཆོས་བཤད་དུ་གྱུར་འདུག

              གསུམ་པ། ལྷང་ལ་བུད་པའི་བོད་མིའི་གཡོ་ལྷད།

  འགྲན་ཚོགས་ཀྱི་ཡོ་ལང་ཆེན་པོའི་ཕྱི་རོལ་ན་ཡོད་པ་ནི་གཡོ་སྒྱུ་དང་ལེ་ལོ། རུལ་སུངས་ཀྱིས་སྦགས་པའི་ལས་ཀ་སྟེ། རྒྱན་ཤོག་གིས་གཙོས་པའི་མགོ་སྐོར་གྱི་ཁ་གཡང་གིས་རྣ་བ་འགེངས་ཡོང་སྟེ། རྒྱན་ཤོག་དུ་བྱ་དགའ་མང་བ་དང་ཆེ་བ། རྒྱན་ཤོག་སྟོང་བ་གཅིག་ཀྱང་མེད་ཚུལ་སོགས་མདོར་ན་ཡོད་ཚད་གཞན་ལ་འབུལ་བཞིན་པའི་སྙིང་སྟོབས་ཤིག་ངོམས་བཞིན་འདུག དེ་མིན་མགོ་གཡོག་མགོ་སྐོར་གྱི་རྒྱན་འཇོག་སྟངས་དང་རྩེད་མོའི་རྣམ་གྲངས་མང་པོས་མི་ཚོགས་མང་པོ་བསླུས་ཤིང་བཅོམ་པས་ལོ་ཆུང་གསར་བུ་མང་པོ་ཞིག་ཁུག་མ་སྟོང་བར་མངགས་པ་མིག་མཐོང་དུ་གྱུར། དེ་ལྟར། ང་ཚོ་ནི་ནམ་དཔལ་འབྱོར་གྱིས་ཕོངས་ཞིང་དབུལ་བས་འགོ་བརྩམ་པ་ནས་ལམ་ལོག་ཏུ་འཕྱན་ཞིང་ནང་ལོགས་ཀྱི་རྒྱ་མི་དེ་ཚོ་ནང་བཞིན་གྲོང་མཐའི་མི་དག་གཡོ་ཁྲམ་གྱི་རྒྱ་རྙི་འཛུགས་པར་གོམས་ཤིང་འབྲོག་ཕྱོགས་ཀྱི་ས་མཐའི་བླུན་པོ་དག་བསམ་བཞིན་རྙི་ལ་མཆོང་བར་དགའ། དེ་ལས་བཟོད་པར་བྲལ་བ་ནི། སྤྲང་རྫུན་དེ་དག་སྟེ། ཞ་ར་དང་འོན་པ། ཞ་འཐེང་། འབྱུང་བཞིའི་གོད་ཆག་ཐེབས་པ། ད་དུང་ཆོས་གོས་ཀྱིས་གཅུད་པའི་ཉ་སྲོག་ཐར་གཏོང་མཁན་སོགས་མང་པོ་མང་པོ་ཞིག་གིས་དྲིན་ཕ་མས་གནང་བའི་གསེར་གྱི་ལག་ཟུང་རེ་རེ་སློང་མོའི་ཕོར་སྟོང་དུ་བསྲིངས། གང་ན་བོད་པའི་འདུ་འཛོམ་ཆེ་ན་དེ་རུ་སྤྲང་པོའི་ཁྱུ་ཚོགས་སྟུག་པ་འདི་ལ་བསམ་ན། བོད་པ་ནི་བྱམས་དང་སྙིང་རྗེའི་བདག་པོ་ཡིན་པས་དེའི་གནད་རྩ་ནས་བཟུང་སྟེ་སྤྲང་པོ་ཡིན་མིན་གང་མང་ཞིག་གིས་བོད་པའི་རྒྱུད་ཀྱི་དྲང་བདེན་དག་བཀོལ་སྤྱོད་བྱེད་བཞིན་པར་འདོད་དེ། ཉ་ཡང་དེ་བཞིན་དེ་སུ་གཅིག་གིས་མ་བཟུང་བར་རྩ་བ་དྲུངས་ནས་བཀག་གྱུར་ན་དེ་ལ་བསམ་བཞིན་སྒོར་མོ་སྤྲད་དེ་ཉོས་ཤིང་ཡང་ཕྱིར་སྲོག་ཐར་དུ་གཏོང་དགོས་དོན་ཨེ་འདུག་ཐེ་ཚོམ་དུ་གྱུར་བྱུང་།
དེ་ལྟ་དེ་ལྟར། དབྱར་གནང་གི་ཉི་མ་འདི་དག་འཕུད་ཐབས་ཙམ་མམ་སྐད་ཕྲིན་གྱི་བར་སྟོང་གཅོད་བྱེད་ཙམ་དུ་སྤེལ་བའི་རང་གི་མཐོང་ཐོས་དྲན་གསུམ་གྱི་ཟིན་ཐོ་འདི་གཉིས་བསམ་བློ་བག་འཁུམ་དུ་མ་སོང་བའི་དན་རྟགས་ཙམ་ལས་ཡོད་ཚད་འགྲིག་ཚུལ་དང་མཁས་ཚུལ་སོགས་ནི་དེ་ལས་ཀྱང་མ་ཡིན་ནོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླུ་ཆུའི་སྐོར་བྲོ་དང་རྨ་ཆུའི་རྟ་རྒྱུགས།

2015-10-25 རྫས་ལུང་ཚེ་དར།༼ ཀླུ་ཆུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།