ནམ་མ་ལངས་པའི་སྔ་རོལ།

མཛོད་སྐྱ་བོ།༼ ལན་ཀྲུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-11-13

  ཡོད་ཚད་འཇམ་ཐང་ངེར་གནས་ཤིང་སྐྱ་རེངས་དང་ཆེས་ཐག་ཉེ་བའི་དུས་དེ། གཉིད་ཀྱི་བདེ་བ་དང་ཁོར་ཡུག་གི་མིག་ཟུང་ཡོད་ཚད་ཕྱི་རོལ་དུ་གད་སྙིགས་བཞིན་དོར་དུས། ནང་སེམས་ཀྱི་ཚོར་བ་རྗེན་པ་གཅིག་པུ་ཤུལ་དུ་ལུས་ཤིང་། དྲི་ངད་དང་བརྩེ་བས་ཕྱུག་པའི་རྨི་ལམ་གྱི་ལྷ་མོ། སྙིང་གི་ལྗིད་ཚད་དང་དོ་མཉམ་དུ་སོང་བའི་དགའ་མ་དེར་བར་ཐག་གི་མཆེ་བ་གཅད་སོང་། ཚུལ་འཆོས་ཀྱི་སྡེར་མོ་བཀུམ་རྗེས། ནང་སེམས་ལ་བྱ་ར་བྱས་པའི་དྲོད་འཇམ་གྱི་སྙིང་གཏམ། ལག་ཟུང་ལ་དགའ་བདེས་འཁྱུག་པའི་རེག་བྱ་སྙི་མོ། མགོ་བོ་པང་དུ་བསྙེས་བའི་འཇིག་རྟེན་འདིའི་ཕར་ངོགས་ཀྱི་གསང་བ་ཐ་དག་ནི་ཇི་འདྲའི་སྨྲ་བསམ་བརྗོད་འདས་ཀྱི་ལྐོག་གྱུར་བའི་བདེ་སྣང་ཞིག་དང་། ཡུན་རིང་བཙལ་ཡང་བརྙེད་དུ་མེད་པའི་མི་ཡུལ་གྱི་རླབས་ཆེན་མཛེས་སྡུག་གི་ངོ་བོ་ཅན། ཡང་ན། ཚེ་སྲོག་གི་ཁ་དོག་ཅི་རིགས་སུ་བསྒྱུར་བའི་དོན་སྙིང་ཞིག་ཏུ་འཁུམ། ཡུན་ཐུང་ཡང་བརྗེད་དུ་མེད་པ་དེ་ང་ཚོས་རྟག་པར་སེམས་སུ་ཉར་བའི་གལ་བོ་ཆེའམ། རེ་སྒུག་གི་ལག་ཟུང་རིང་དུ་བསྲིང་བའི་འདུན་མ་བརྟན་པོ། ཡང་ན་སེམས་ཀྱི་ཆེས་ཟབ་སར་སྒོམ་ཞིང་ཉར་བའི་གང་དེའི་ཡོད་ཚད་ཀྱི་ཡོད་ཚད་མ་ཡིན་ནམ། ལག་པའི་ནང་ལ་ལག་པ་འཇོག་ཚུལ་གྱི་ཆེས་སྤྱིར་བཏང་མ་ཡིན་པའི་སྤྱིར་བཏང་གི་བྱ་སྤྱོད་འདི་དག ཆེས་དམིགས་བསལ་མ་ཡིན་པའི་དམིགས་བསལ་བའི་ཁོར་ཡུག་ན་དམིགས་བསམ་གྱི་དོན་སྙིང་རིགས་ཤིག མཚོན་དོན་རིགས་ཤིག་དང་བསྟན་བྱ་རིགས་ཤིག་ཀྱང་ཡོད་ངེས་ན། སྤྱིར་བཏང་བའི་ཁྱོད་ཀྱང་འདས་མ་ད་གསུམ་གང་དུའང་ང་ལ་མཚོན་ན་དམིགས་བསལ་བ་ཞིག་གི་ཟུར་མིག་རྣོན་པོ་དེ་ཡིན། སེམས་གཏམ་དྲོན་པོ་དེ་ཡིན། སྐད་ཆ་སྙན་མོ་དེ་ཡིན། འཛུམ་མདངས་ཡག་པོ་དེ་ཡི། མདོར་ན། དོན་ལྔ་སྣོད་དྲུག་གི་བདེ་བར་འབྱར་བའི་རྣམ་ཤེས་ཀྱི་ཟུངས་ཁྲག་ཀྱང་ཡིན་སྲིད།
  ནམ་མ་ལངས་བའི་སྔ་རོལ་དེ། བར་ཐག་མེད་ལ་ཟོལ་བཅོས་ཀྱང་མེད་པའི་སྔ་རོལ་དེ། ཁྱོད་ཀྱི་མིག་ཟུང་ལངས་སུ་སྤྱད་ཅིང་གསང་གཏམ་ལ་རྣ་གཤོག་བརྐྱངས་དུས། རྣམ་ཤེས་དང་རྣམ་ཤེས་ཀྱི་ཁ་བརྡ་གློད་ཅིང་། སེམས་པ་དང་སེམས་པའི་ནང་སྙིང་སྔོག་པའི་བརྗེད་མེད་ཀྱི་དུས་ཚོད། གང་གིས་ཀྱང་མགོ་མ་བརྩམས་ལ་སུ་ཡིས་ཀྱང་མཇུག་མི་བསྡུ་བའི་དུས་ཚོད་ཀྱི་ཐག་སྒྲ་མེད་པའི་སྐབས་དེར། འཇིག་རྟེན་འདི་ཇི་འདྲའི་མཛེས་སྡུག་ལྡན་ཞིང་འཚོ་བ་འདི་ཇི་འདྲའི་བདེ་སྐྱིད་ཀྱིས་ཕྱུག་པ་ཞིག་རེད་ལ། རང་དང་འབྲེལ་བའི་འཇིག་རྟེན་ཞིག་གི་ནང་ངོས་སུ་རང་དང་མཐུན་པའི་འཇིག་རྟེན་ངོ་མ་ཞིག་ཡོད་པའང་ཚོར་བྱུང་། ཡུན་རིང་ལ་རེ་ཞིང་སྒུག་པའི་མི་བུ་དེའི་ངོ་གདོང་གི་ཉེ་ས་ནས་དབུགས་ཀྱི་རྒྱུ་བའི་དབྱངས་འགྲོས་དང་། དྲོད་གཤེར་བརླན་གསུམ་གྱི་ཁ་རླུང་དེ་དག་དཔྱིད་ཀའི་བསིལ་རླུང་འཇམ་པོ་བཞིན། ངའི་ངོ་གདོང་གི་བ་སྤུ་རེ་རེ་ནས་ལུས་ཀྱི་ཁྲག་རྩ་རེ་རེར་འཐིམ་ཞིང་། དལ་གྱིས་སྙིང་གི་ཟབ་ས་ནས་ཀྱང་ཚོར་ཐུབ་ལ་རེག་བྱུང་བའི་ཁ་རླུང་མངར་མོ། ཆེས་ཡིད་འཚིམ་པའི་ངའི་ལུས་ངག་ཡིད་གསུམ་གྱི་བདེ་བའི་རྩ་བ་རུ་གྱུར་སོང་། ལྷད་མེད་དྭངས་གཙང་གི་ཕུགས་འདུན་དུ་གྱུར་སོང་།
  ནམ་མ་ལངས་བའི་སྔ་རོལ་དུ། འཇིག་རྟེན་འདི་ཁྱོད་དང་ང་ཁོ་ན་ལ་དབང་ཞིང་། དུས་ཚོད་དང་བརྩེ་དུང་ལས་ཅི་ཡང་མི་དགོས་པས། སྲིད་པའི་གླིང་གི་གནས་ལུགས་ཁྲི་སྟོང་ལ་རྒྱབ་འགལ་དུ་སོང་ཡང་། ནང་སེམས་ཀྱི་མཛེས་པ་གཅིག་པུ་ད་གཟོད་ངས་འཚོལ་བཞིན་པ་དེ་ཡིན། ནམ་མ་ལངས་བའི་སྔ་རོལ་དུ་ང་འདི་ལྟར་རོལ་ཞིང་། རྗེས་སུ་ངས་འདི་ལྟར་དྲན་བཞིན་མི་ཚེ་གཅིག་གི་ཉིན་ཐོ་རུ་གྱུར། ངས་ནམ་ཡང་འབོར་མི་སྲིད་ལ་བརྗེད་དུ་མེད་པའི་སེམས་ཀྱི་ཟབ་ས་རུ་སྦས། འུ་གཉིས་གཅིག་པུ་ལ་ཡོད་པའི་གསང་བའམ་རིན་ཐང་ཅན་གྱི་ཕྱིར་དྲན་འཇམ་པོ་དེ་ཡིན། དུས་རྟག་ཏུ།

                                                        2015.5.31
 
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་མ་ལངས་པའི་སྔ་རོལ།

2015-11-13 མཛོད་སྐྱ་བོ།༼ ལན་ཀྲུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།