བྲེལ་འཚུབ།

  ཞོགས་པའི་ཆུ་ཚོད་བརྒྱད་པར་མལ་ལས་ལངས་ཤིང་ཁོ་ཧྥེ་ཁང་ལ་གཙང་སྦྲ་ཞིག་བྱས་རྗེས། སྒེའུ་ཁུང་འགྲམ་གྱི་འབོལ་ཁྲིར་ཙོག་སྟེ་དེ་རིང་ད་ལས་རྒྱུ་ཞིག་མེད་སྙམ་གྱིན་ཁོ་ཧྥེ་ཧུབ་གང་འཐུང་ཞོར་ཁ་པར་གྱི་འཆར་ངོས་ནས་ཅི་ཞིག་བོར་སོང་བ་ལྟར་ཕར་སློགས་ཚུར་སློགས་འགའ་བྱས་མོད། སྐད་འཕྲིན་གྱི་སྒོ་ཕྱེས་མེད་པས་དམིགས་གསལ་གྱིས་ཅང་ལས་རྒྱུ་འདྲ་མེད་ཀི། དེ་ལྟར་ཅི་ཞིག་ལས་དགོས་མིན་ལ་བསམ་བློ་མ་བཏང་བར་ལས་རྒྱུ་མེད་ལ་ཁོམ་སོང་བ་འདི་ཅི་འདྲ་སུན་ཨང་སྙམ་པའི་ཚེ་ལ། གྱང་ངོས་སུ་རིམ་པ་དྲུག་དུ་བརྩིགས་པའི་དཔེ་སྒྲོམ་ནང་གི་དཔེ་ཆ་དག་ཡུན་རིང་ལ་བལྟ་མཁན་ཀློག་མཁན་མ་བྱུང་པས། ཁོ་ཚོའི་སྐྱོ་གདུང་གི་མིག་ལ་ཉམ་ཐག་པའི་མདངས་ཤིག་ཤར་ཏེ་ང་ལ་བལྟས་འདུག ཁོ་ཚོས་དངོས་གནས་ང་ལ་བལྟས་འདུག རེད་དེ་ང་འདི་ལྟར་ཁོམ་འདུག་པ་ཞིག་ག་ལ་ཡོད། དཔེ་ཆ་དེ་དག་ང་རང་གིས་ས་ལ་ལུང་ནས་ཉོས་ཡོང་བ་མ་ཡིན་ནམ། ལྟ་དགོས་བཀླག་དགོས་བསམ་ནས་ཉོས་ཡོང་བ་མ་ཡིན་ནམ། རེད་དངོས་གནས་དེ་ལྟར་ཡིན་ནི་རེད། ངས་དེ་དག་རེ་རེ་ནས་བཀླག་དགོས། བཀླགས་ནས་ཀྱང་ཟིན་བྲིས་འདེབས་དགོས། དེ་ལྟར་བྱས་ཏེ་བློ་སེམས་རྩེ་གཅིག་གིས་དཔེ་དེབ་དག་རེ་རེ་ནས་བཀླག་ཡོང་ན་མ་མཐའ་ཡང་ང་འདི་ལྟར་ཁོམ་འདུག་པ་ཞིག་ག་ལ་ཡོད། དཔེ་མི་སྲིད། དཔེ་དེབ་དེ་དག་ནི་རྒྱལ་ཕྱི་ནང་ཀུན་དུ་སྙན་པའི་གྲགས་པ་འབར་བའི་བསམ་བློ་བ། ཚན་རིག་པ། སྒྱུ་རྩལ་བ། ལོ་རྒྱུས་མཁས་ཆེན་ཏག་ཏག་གིས་བརྩམས་པའི་གསེར་ཕྱེ་གསེང་ལ་འཐིམ་པའི་གླེགས་བམ་རྩེ་གྲ་ཏག་ཏག་རེད། ངས་དེ་དག་བསམ་གཞིགས་སྔོན་སོང་གིས་བཀླགས་ཚེ། ཤེས་རབ་དང་སྙིང་སྟོབས་བག་ལ་ཞ་བའི་བདག་གི་ཤེས་རིག་དང་བསམ་བློ་འཇོན་པོ་བཟོ་བ་ཐག་གིས་ཆོད།
  དེ་ན་ད་འདི་ལྟར་ཁོམ་འདུག་པ་ཞིག་ག་ལ་ཡོད། ཅུང་འཁྱག་འདུག་པའི་ཁོ་ཧྥེ་ཧུབ་གང་འཐུང་རྗེས་སྔར་བཞིན་རང་ཉིད་ལ་ཁོམ་པ་ཞིག་གཏན་ནས་མེད་དོན་ལ་བསམ་བློ་བཏང་། དེ་ལྟར་བསམ་བློ་བཏང་གིན་བཏང་གིན་ངས་རང་ཉིད་དང་འབྲེལ་བ་མེད་པའི་མི་ཚོགས་གྲོག་ཚང་རྡོལ་ལྟ་བུ་ཞིག་ཉིན་རྒྱུན་ཁོམ་འདུག་པའི་སྐོར་ལ་བསམ་བློ་འཁོར་དགོས་སོང་། དོན་ངོ་མ་དེ་ཚོར་ལས་རྒྱུ་མ་ཡོད་པ་ཡིན་ནམ། ཡིན་རྒྱུ་མ་རེད། གལ་ཏེ་ཁོང་ཚོ་ལ་ཕུགས་བསམ་ཟེར་བ་ཞིག་མེད་པའི་དབང་དུ་བཏང་ཀྱང་འཚོ་བ་རོལ་དགོས་པ་ནི་ཁོ་ཐག་རེད། ཁ་གསོ་ཐབས་དང་རྒྱབ་ཁེབས་ཐབས་ཤིག་ལ་ཅིའི་ཀྱང་འབད་དགོས་ཨང་། ལྡུམ་ཚོང་ཁང་གི་གྲི་ཟུར་ལ་ལུང་ན་སློང་མོ་བྱེད་ཀྱིན་པའི་སྤྲང་པོ་དེ་ཚོ་ཡང་ཁོམ་གྱི་མེད་པ་འདི་རེད། དེ་ན་ཁོང་ཚོ་ཟས་རང་འགྲུབ་གོས་རང་འགྲུབ་ཡིན་ནམ། ཡིན་རྒྱུ་མ་རེད་འདི་ལྷ་ཡུལ་མ་རེད་མོད། ཆུང་དུས་མ་ལགས་ཀྱི་གནའ་བཤད་རེ་ལས་ལྷ་ཡུལ་ནི་ཟས་རང་འགྲུབ་དང་གོས་རང་འགྲུབ་ཡིན་ནི་རེད་ཅེས་བཤད་མྱོང་མོད་མི་ཡུལ་འདི་དེ་འདྲ་ཞིག་ཡིན་རབས་གོ་མ་མྱོང་། རེད། ད་ཁོང་ཚོ་ཏག་ཏག་མི་ལོ་མང་པོ་ཞིག་མི་འགོར་བར་མུག་ཤི་ཐེབས་རྒྱུ་རེད།
  སྤྱིར་རང་ཉིད་དང་འབྲེལ་བ་མེད་པའི་མི་ཚོགས་ཤིག་ལ་སེམས་འཁུར་བྱེད་པ་ནི་ཅི་འདྲའི་ལས་ཚེགས་ཆེ་བ་ཞིག་རེད་ཨང་། དེ་ལས་རང་ཉིད་གཅིག་པུར་སེམས་འཁུར་བྱས་ན་བཟང་གི། ཨ་ཤུ། ཉིན་འདི་ཚོར་གནམ་གཤིས་དེ་འདྲ་བཟང་རྒྱུ་མེད་པས་སྣ་འཆམ་ཞིག་ཀྱང་ཕོག་འདུག ཨ་ཤུ།
  ཁོ་ཧྥེ་ཧུབ་གང་འཐུང་། འོ་ས་རུབ་ཀྱིན་འདུག སྤྱིར་སྐབས་འདི་ལ་བཟའ་ཚང་ཚང་མ་གོ་ཁར་འདུས་ཏེ་དགའ་དགའ་སྐྱིད་སྐྱིད་ངང་ནུབ་ཚ་འཐུང་དུས་ཡིན་མོད། ང་ནི་རི་དྭགས་རྨས་མ་ཞིག་དང་འདྲ་བར་ཉིན་གང་བོར་གནས་གཅིག་དུ་ཙོག་སྟེ་རང་ཉིད་མི་ཁོམ་པའི་སྐོར་ལ་བསམ་བློ་བཏང་ནས་བསྡད། སྤྱིར་ཁེར་རྐྱང་གི་འཚོ་བ་འདི་སྡུག་ཐུག་ཅིག་རེད་མོད། ཡིན་ཡང་ང་ལ་ལོབས་སོང་ཟིག མ་རེད། ང་ཁེར་རྐྱང་ག་ལ་ཡིན། ང་ལ་རང་སེམས་སུ་མེ་ཁ་གསོ་སྤྱད་ཀྱི་སྙན་ངག་ཡོད་པ་མ་ཡིན་ནམ། ངས་སྙན་ངག་བྲིས་ན་ཁེར་རྐྱང་མ་རེད་མོད། ངས་ད་དུང་སྙན་ངག་མང་པོ་བྲི་དགོས། ངས་སྙན་ངག་དུང་ཕྱུར་གཅིག་བྲི་དགོས། དུང་ཕྱུར་གཅིག་ལས་ཀྱང་མང་བ་བྲི་དགོས། ད་དུང་ང་ལ་སྙན་ངག་གི་བླ་གཟའ་ལྟ་བུའི་མིང་མེད་པའི་བུ་མོ་སྙིང་དུ་སྡུག་པ་ཞིག་ཡོད། མ་འོངས་པ་ན་ངས་མོ་ཆུང་མར་བསུ་དགོས།བུ་ཕྲུག་མང་པོ་གསོ་དགོས། ངའི་སྙན་ངག་གི་བྲང་གཞུང་ལྟ་བུའི་གངས་རིའི་འདབས། ཆུ་མོའི་འགྲམ། མེ་ཏོག་ཐང་། སྦྲ་ནག་ནང་དུ་བཟའ་ཚང་འཛུམ་གྱིས་འཛོམས་དགོས། དེ་དུས་ད་དུང་དེ་ལས་མང་བ་ཞིག་ལས་རྒྱུ་ཡོད་ངེས། ང་ངོ་མ་ཁོམ་རྒྱུ་མ་རེད། བྱིས་པ་དག་ལག་ཆགས་རྗེས་བ྄ོད་ཀྱི་སློབ་གྲྭ་གྲལ་དག་ཅིག་ལ་བསྐྱལ་དགོས། ཡི་གེ་བསླབ་དགོས། ཁོང་ཚོས་ཀྱང་ཨ་ཕ་ནང་བཞིན་སྙན་ངག་བྲི་དགོས། ཨེ་མ། ང་ལ་ཅི་འདྲའི་ལས་བསོད་ཆེ་ཨང་། ཁོང་ཚོ་རུམ་གྱིས་ལག་ཆགས་ཤིང་ནར་སོན་རྗེས་རེ་རེས་ཁྱིམ་ཐབས་སྐྱོང་དགོས། དེ་དུས་ངས་སླར་ཡང་སྔར་བཞིན་སྐྲ་དཀར་རྒྱབ་ལ་ཤད་ཀྱང་མིག་ཤེལ་དགུང་ལ་དཔྱངས་ཏེ་སྙན་ངག་བྲི་དགོས། ཚ་བུ་ཚ་མོར་༼འབུ་མེ་ལྕེབས༽ དང་༼གག་ཕྲུག་གཙོག་པོ༽།༼འབར་ཞུན་འཚོང་བའི་བུ་མོ།༽༼གཉའ་ཁྲི་བཙན་པོ༽་སོགས་བྱིས་སྒྲུང་ཤ་ཚ་ལ་སྙིང་དུ་སྡུག་པོ་དག་བཤད་དགོས།
  རེད། དེ་ནས་ངས་ད་དུང་རབ་ཏུ་འཇམ་པའི་འཆི་བ་སེམས་ཀྱིས་བསུ་དགོས། གངས་ཀྱི་འདབས། ཆུ་མོའི་འགྲམ། མེ་ཏོག་ཐང་ནས་སྐམ་ལ་རིད་པའི་ལུས་པོ་དུར་ཏུ་འཇུག་དགོས། དུར་བྱང་ངོས་སུ་སྙན་ངག་བྲི་དགོས། གྲོགས་པོ་ཚོར་ཆེས་མཐའ་མའི་འཕྲིན་ཡིག་རེ་རེ་བྲི་དགོས། ཉེ་དུ་ཚོར་ཆེས་མཐའ་མའི་ཁ་ཆེམས་ཁྲོད་དུ་མཛེས་སྡུག་གི་དབྱར་ཟླ་ལྗིབས་ནས་བྲི་དགོས།
  ཨ་ཤུ། ཨ་ཤུ། ཉིན་འདིར་ཚོར་གནམ་གཤིས་དེ་འདྲ་བཟང་རྒྱུ་མེད་པས་སྣ་འཆམ་ཞིག་ཀྱང་ཕོག་འདུག ཨ་ཤུ།
  དེ་ནས་ང་རང་གཅིག་པུ་ལམ་ལ་ཆས་དགོས། རྒྱང་རིང་རྒྱང་རིང་ཞིག་ལ་འགྲོ་དགོས།
  ཧ་ཧ། མྱི་འདི་དངོས་གནས་ཁོམ་སོང་ཟེར་བ་ཞིག་ཡོད་རྒྱུ་མ་རེད།
 
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྲེལ་འཚུབ།

2015-12-27 མགར་དམག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།