《འགྱུར》སོགས་ལྷུག་རྩོམ་ཁག་བཞི།

རྣམ་རྒྱལ་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-06-06

  ཕ་ཡུལ་ལ་སོས་ཀ་བཞད་ནས་ཡུན་རིང་མ་འགོར་བར་མི་ཞིག་ཁྱོད་ཀྱི་འཇིག་རྟེན་དང་ཉེ་བར་བཅར་ནས་ལས་ཀྱི་བདེ་སྡུག་གླེང་། ཁྱོད་རང་མཚོ་ཆུང་དེའི་འགྲམ་དུ་བསྡད་དེ་སྔོན་ཆད་ཀྱི་རྨི་ལམ་དག་ལ་ཕྱིར་མིག་བལྟ་དུས་རང་ཉིད་དངོས་གནས་འགྱུར་འདུག་པ་ཚོར།ཁྱོད་ཀྱིས་གས་ཆག་ཏུ་ཤོར་བའི་བརྩེ་དུང་གི་ར་བར་ཕྱིར་མིག་བལྟ་ཐེངས་རེར་འཇིག་རྟེན་སྟེང་ཆེས་ཡིད་སྐྱོ་བ་ནི་མི་ཞིག་གིས་ཁྱོད་ཀྱི་བརྩེ་བ་རིན་ཐང་མེད་པར་བཟོས་པ་དེ་ཡིན་པ་ཚོར།ལོ་ཟླ་མང་པོ་ཞིག་འགོར་རྗེས་ཁྱོད་ཀྱིས་ཡོད་ཚད་ལ་གུ་ཡངས་བྱེད་ཐུབ་ནའང་འདས་སོང་ལ་ཕྱིར་དྲན་བྱེད་པ་ནི་སྐྱོ་གར་དག་ཡང་བསྐྱར་འཁྲབ་མི་འདོད་པས་ཡིན་པ་འདྲ།

  ཉིན་དེར་ཁོ་ཚོས་ཁྱོད་ཀྱི་མ་འོངས་པར་བདག་པོ་རྒྱག་དུས་ཁྱོད་ནི་དེ་ལྟར་གདམ་ཀ་བྱེད་དབང་མེད་པའམ་གདམ་ཀ་བྱེད་མི་དགོས་པ་ཞིག་རེད།ཁྱོད་ཀྱིས་འཚོ་བའི་གོ་རིམ་རིང་མོ་ཞིག་བརྒྱུད་ནས་རང་གི་ནམ་མཁར་བཏགས་པའི་སྐར་ཕྲན་དག་གི་འོད་སྣང་ནི་ཉི་འོད་ཀྱི་ངོགས་སུ་དེ་ལྟར་ཉམ་ཆུང་བ་ཚོར་ཡོང་།གྲོགས་མོས་ཞེ་འདང་མཚོན་བྱེད་ཀྱི་མེ་ཏོག་ཡང་ཡང་བརྗེ་ཞིང་ཡང་ཡང་གསོ་དུས་ཁྱོད་ཀྱིས་རང་ཉིད་ནི་མེ་ཏོག་མེད་པའི་བརྩེ་དུང་གི་ཞིང་ཁམས་གཞན་ཞིག་ན་ཡོད་པ་ཚོར།མཚན་མོ་རེ་རེར་མུན་པ་དང་ཁེར་རྐྱང་རྒྱང་དུ་དེད་དེ་སེམས་པ་དང་སེམས་པའི་གས་སྲུབས་བསྣོལ་དུས་ཁྱོད་ཀྱིས་ཚོད་ཚོད་ལ་ལོ་ཟླ་མང་པོ་ཞིག་གི་སྔོན་གྱི་སྨག་ནག་པའི་མཚན་མོ་རེ་རེའི་ཚོར་བ་ཆ་མེད་དག་དྲན་སྲིད། དངོས་གནས་ཚོར་བ་དེ་དག་ལོ་ཟླ་དང་ལྷན་དུ་རྒྱང་ལ་བཞུད་འདུག

  ཞོགས་པ་རེ་རེར་ཁྱོད་ཀྱིས་མི་ཞིག་གི་འཛུམ་མདངས་ཉི་འོད་དང་ལྷན་དུ་བསུས་ཆོགཞེ་སྐྱོ་བ་དང་སེམས་ཕམ་པའི་གཏམ་རྒྱུད་དག་ཀྱང་རྒྱང་རིང་ལ་བསྐུར་ཆོགའཚོ་བ་ནི་དེ་ལྟར་སེམས་པ་གཉིས་རྒྱང་བཀྱེད་པའམ་སེམས་པ་གཉིས་ལྷན་དུ་འདྲེས་པའི་གོ་རིམ་ཞིག་རེད། སྐབས་སྐབས་སུ་མི་ཚེའི་གདམ་ཀ་དག་ལ་འགྲེལ་བ་ཅི་ཡང་མེད་པ་བཞིན་ཁྱོད་ཀྱིས་ཀྱང་རང་གི་གདམ་ཀ་དག་ལ་འགྲེལ་བ་ཅི་ཡང་བྱ་མི་སྲིད།དད་མོས་ཀྱི་རྩ་དོན་ཁོ་ན་བཟུང་ནས་ཚེ་སྲོག་གི་འགྲུལ་བཞུད་ཅི་ཡང་བྱ་སྲིད།དྭངས་གཙང་གི་སེམས་པ་ཁོ་ན་འཁྱེར་ནས་ལྷོད་འཇགས་ཀྱི་འཚོ་བ་ཁོ་ན་རོལ་སྲིད། གྲགས་འདོད་དང་ཧམ་སེམས་ཀྱི་རྒྱབ་ན་ཡིད་ཕམ་པའི་གཏམ་རྒྱུད་ཀྱིས་ཁེངས་འདུག གཡོ་ཟོལ་དང་བརྫུ་བག་གི་ཤུགས་ན་རྙོག་འཛིང་གི་འབྲེལ་བས་ཁེངས་འདུག

  ཁྱོད་ཀྱིས་འཚོ་བ་རོལ་བྱེད་ཀྱི་ལག་ཆར་གྱུར་ཟིན་པའི་མི་དག་ལ་འཚོ་གནས་ཀྱི་རིན་ཐང་འདྲི་མི་སྲིད་པ་བཞིན་ང་ཚོ་ཅིའི་ཕྱིར་ན་ཚོད་ཅིག་ལ་སླེབས་ན་སྣང་བའི་མེ་ཏོག་དང་ན་ཚོད་ཅིག་ལ་སླེབས་ན་འཚོ་གནས་ཀྱི་ལག་ཆར་འགྱུར་དགོས་དོན་ཡང་འདྲི་མི་སྲིད། མིག་ལ་ཐོགས་པའི་མི་ཡོད་ཚད་ཁོ་ཚོའི་གཏམ་གྱི་སོ་ཁ་བརྒྱུད་དགོས་པ་བཞིན་ཁྱོད་ཀྱི་ལས་དབང་གཉོམ་པོ་ཡང་ཁོ་ཚོའི་གཏམ་གྱི་སྒོ་མོ་བརྒྱུད་དགོས་པའི་རྒྱུ་མཚན་རྟོགས་མི་སྲིད།ཡིན་ནའང་ཁྱེད་ཀྱིས་སྔར་བཞིན་ཡོད་ཚད་གར་ལ་འཁྲུལ་བའི་ཁོར་ཡུག་ཅིག་ཏུ་ནང་སེམས་ཀྱི་མཛེས་པ་འཚོལ་སྲིད།དེ་ནི་ཁྱོད་ཀྱི་ཚེ་རབས་འདིའི་འཚོལ་སྙེག་ཁོ་ན་ཡིན་པ་བཞིན་ནང་སེམས་ཀྱི་མཛེས་པ་ཁོ་ན་འཚོལ་སྲིད།

  ཆར་ཆུ་མོད་པའི་དབྱར་ཁ་དེར་གྲོགས་མོ་ཚོས་གཅིག་རྗེས་གཉིས་མཐུད་དུ་མཛའ་གྲོགས་བསྒྲིགས་ཤིང་མཚམས་མེད་པའི་ལབ་གླེང་གིས་མལ་ཁང་གི་ལྷིང་འཇགས་དཀྲོགས་དུས་ཁྱེད་ཀྱང་རྒྱང་རིང་གི་མི་ཞིག་གི་ཁེར་རྐྱང་གི་རྒྱ་ལ་ཡང་ཡང་ཚུད།གནམ་མཐའ་ནས་སྐར་ཕྲན་ཁ་ཤས་ལྷེམ་ལྷེམ་འདར་དུས་ཁྱོད་ཀྱིས་དྲི་བ་ཡོད་ཚད་རྒྱང་ལ་དེད་དེ་རྨི་ལམ་གཞན་ཞིག་གི་མགོ་རྩོམ་པ་ནི་སང་ཉིན་གྱི་ཉི་འོད་ཁོ་ནའི་ཕྱིར་ཡིན་པ་འདྲ།

  དཔེ་ཁང་མདུན་དུ་དུས་ཚིགས་ལྡོག་པའི་ཤིང་ལོ་ས་རུ་འཐོར་ཞིང་དཔེ་ཆ་བ་རྣམས་ཀྱིས་ཤིང་ལོ་ཁ་ཤས་དཔེ་དེབ་བར་དུ་གསེབ་རྗེས་ཤིང་ལོ་གཞན་དག་གིས་མི་རྣམས་ཀྱི་རྡོག་པའི་བར་ནས་ཚེ་སྲོག་གི་མཇུག་མཐའི་སྙན་དབྱངས་བསྒྲགས།དེ་ནི་མི་ཁ་ཤས་ཀྱི་རྨི་ལམ་བདེ་ལེགས་ངང་འགྲུབ་རྗེས་མི་མང་པོ་ཞིག་འགྲན་སེམས་དང་བརྙས་དམོད་ཀྱི་སོ་ཁ་ནས་གཏན་དུ་ཐར་མ་ཐུབ་དང་འདྲ། ཁྱོད་ཀྱིས་འཚོ་བའི་ངོ་གདོང་དཀར་ནག་རེས་སུ་འཁོར་བའི་ཡང་སྙིང་གང་ཞིག་ཡིན་པ་ཤེས་མི་སྲིད་ནའང་གོམ་པ་རེ་རེ་མདུན་དུ་སྤོ་བ་ནི་རང་ཉིད་ལ་བདག་པོ་རྒྱག་སྟངས་ཤིག་ཡིན་པ་ཤེས་ཡོད་པ་འདྲ།

  ཁྱོད་དང་འདང་བརྩེ་ཟབ་པའི་གྲོགས་མོ་དག་གིས་མཐར་ཕྱིན་དཔང་ཡིག་བསྣམས་ནས་གྲོང་ཁྱེར་དང་བྲལ་རྗེས་ཁྱོད་ཀྱིས་གཞི་ནས་དེ་དུས་ཀྱི་བློ་འདྲི་ས་དང་སེམས་གཏོད་སའི་གྲོགས་མོ་ཚོ་དང་ལྷན་དུ་ཕ་ཡུལ་གྱི་འཚོ་བ་གླེང་བའི་གོ་སྐབས་ཉུང་དུ་སོང་འདུག་པ་རྟོགས།སེམས་ནང་དུ་འགུག་ཐེངས་གང་ཞིག་འཚོལ་བའི་གོ་རིམ་ཁྲོད་ཡོད་ཚད་འགྱུར་འདུག་པའི་སྐྱོ་སྣང་ཐན་ཐུན་ཡིག་འབྲུའི་རྒྱུན་ལ་འདྲེས་ནས་བཞུར།

                                                     ༢༠༡༩.༥.༢༧

  དྲིན།

  གཟའ་ཉི་མའི་ཞོགས་པར་རྒྱང་རིང་གི་ཨ་མར་ཁ་པར་བཏང་ན་ཡང་ཁ་མ་ཕྱེས་པས་དུས་ཚོད་ལ་བལྟས་པ་ན་ཨ་མས་ནོར་བཞོ་བའི་དུས་ཚོད་ལ་འཁེལ་ཡོད་པ་རྟོགས།ཉི་འོད་འོག་ཏུ་ལྭ་བ་བཀྲུས་ཏེ་རྡང་ལ་བསྐམས་རྗེས་གྲོགས་མོའི་དཔེ་སྒྲོམ་ལས་བརྩམས་སྒྲུང་གི་དཔེ་ཆ་ཞིག་མཐོང་།ན་ནིང་ད་ཚོད་ཅིག་ལ་རྩོམ་པ་པོ་འདིའི་བརྩམས་སྒྲུང་གཞན་ཞིག་དྲ་ཐོག་ནས་ཉན་ཚར་བ་དྲན་པས་དེབ་འདི་ཡང་བཀླག་དགོས་བསམ་བྱུང་།ཆར་རྗེས་ཀྱི་ཞོགས་པ་རེ་རེ་ནི་སྡུག་བསྔལ་ལས་ཐར་བའི་མི་ཞིག་ལྟར་དྭངས་གཙང་དང་ལྷོད་ཉམས་ཀྱིས་ཚེས་འདུག།དྲུག་ཐོག་ནས་བྱང་ཕྱོགས་སུ་དྲང་ཐད་དུ་བལྟས་ན་ཁ་དོག་དང་ཆེ་ཆུང་གཅིག་པའི་ཁང་བརྩེགས་མང་པོ་ཕྱི་བརྩེགས་ནང་བརྩེགས་བྱས་ཡོད་པས་གཞས་ཤིག་ཏུ་''གྲོང་ཁྱེར་གྱི་ཁང་བརྩེགས་མང་པོས་ཁྱོད་ཀྱི་རྨི་ལམ་དང་མཐོང་ལམ་བསྒྲིབས་བྱུང་ངམ''ཞེས་པ་དེ་ལས་དྲན་རྒྱུ་གང་ཡང་མི་འདུགདྲུག་ཐོག་ནས་ཐུར་ཕྱོགས་སུ་བལྟས་ན་ཉི་གདུགས་ཐོགས་པའི་བུ་མོ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཕྱི་རུ་འགྲོ་བ་མཐོང་ཞིང་ཁོ་མོ་ཚོའི་མགྱོགས་མྱུར་གྱི་གོམས་སྟབས་རེ་རེ་ལས་མ་འོངས་པའི་ཨ་མ་མང་པོ་ཞིག་གི་སྐྱིད་སྡུག་མཐོང་ཡོང་བ་འདྲ།

  བརྩམས་སྒྲུང་འདིའི་མི་སྣའི་གྲས་སུ་བུ་མོ་མང་པོ་ཞིག་ཡོད་ནའང་མཐའ་མཇུག་ཞོའོ་བང་ཞེས་པའི་ཉེན་རྟོག་བུ་མོ་དེ་ལས་གཞན་ཚང་མ་མེ་མདའི་ཁ་ནས་ཐར་ཐུབ་མ་སོང་།ཁོ་མོ་ཚོའི་འཆི་རྐྱེན་ནི་དེ་ལྟར་དོན་སྙིང་ཆུང་ལ་གླེང་རིན་མེད་པ་ཞིག་རེད།བུད་མེད་དེ་དག་ནི་རྣམ་ཤེས་ཀྱིས་སྟོང་བའི་ལག་ཆ་དང་ཡོ་བྱད་ཅིག་ལྟར་དགོས་དུས་རྡོ་རྗེ་དང་མི་དགོས་དུས་གདོན་རྫས་ལྟར་གཡུག་ཆོགབྱིས་པ་བསྲུངས་བའི་ཨ་མ་དེ་དང་ཁྱིམ་ཚང་བསྲུངས་བའི་ཨ་མ་དེ་གཉིས་ལའང་སྐྱིད་སྡུག་ཞུ་ས་གང་ཡང་མེད་པར་མེ་མདའི་ཁ་ནས་སར་འགྱེལ་དུས་དབང་ཐང་དང་རྒྱུ་ནོར་ལ་ཧམ་སེམས་ཀྱི་རྦ་རླབས་དྲག་ཏུ་བསྐྱོམས་དུས་ཆེས་སྤྱིར་བཏང་གི་ཚེ་སྲོག་དེ་དག་གི་རིན་ཐང་སར་གཡུག་ཡོད་པ་རྟོགས།

  དུས་ཆེན་རེ་རེར་དྲ་ཐོག་ནས་དུས་ཆེན་དེ་དག་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་བཀླགས་ཆོག།ཏག་ཏག་དེ་ནི་ང་ལ་མཚོན་ན་བདེ་སྐྱིད་ཅིག་རེད།རྣམ་དག་གི་བརྩེ་བ་རེ་རེ་ལས་རྣམ་དག་གི་ཡིག་འབྲུ་འཁྲུངས་སྲིད་པས་ཨ་མའི་བྱམས་བརྩེའི་ཐུ་འོག་ནས་མི་སེམས་སྒུལ་བའི་རྩོམ་ཡིག་མང་པོ་ཞིག་འཁྲུངས་འདུགངས་ནམ་རྒྱུན་དུས་ཆེན་འདི་དག་རོལ་དགོས་མིན་དང་ཅི་ལྟར་རོལ་ཐད་བསམ་བློ་བཏང་མྱོང་ནའང་མི་ཡུལ་གྱི་བརྩེ་བ་རེ་རེ་ཡིག་འབྲུའི་ཕྲེང་བར་བརྒྱུས་ཏེ་དུས་ཆེན་ལ་ཕུལ་བ་དེས་མི་ཡུལ་ནི་ཇི་འདྲའི་བརྩེ་སེམས་ཀྱིས་ཕྱུག་པ་དང་མི་རེ་རེ་ནི་ཇི་འདྲའི་གཏམ་རྒྱུད་ཀྱིས་ཕྱུག་པ་ཞིག་རེད་ཨང་བསམ་བྱུང་།

  གལ་ཏེ་ཁྱོད་ཀྱིས་ཀྱང་འཕྲིན་ཡིག་ཅེས་པའི་སྙན་ངག་དེར་བལྟས་ཡོད་ན་བུ་མོ་ཞིག་ཨ་མར་འགྱུར་བའི་གོ་རིམ་ཁྲོད་ཀྱི་ནང་སེམས་ཀྱི་ཐེ་ཚོམ་དང་སྐྲག་སྣང་།ཡི་ཆད་དང་ངོས་ལེན་ཡང་རང་བཞིན་གྱིས་ཚོར་ངེས།མི་ཞིག་གི་སྡུག་བསྔལ་ཐོག་མ་ནི་རང་ཉིད་ཀྱི་ངོ་བོར་འགྱུར་བ་གཏོང་དགོས་པ་ནས་བྱུང་བ་འདྲ་ལ་མི་ཞིག་གི་གཟི་བརྗིད་ཀྱང་འགྱུར་ལྡོག་གི་གོ་རིམ་འདིའི་ཁྲོད་དུ་ཕམ་ཁ་ལ་མགོ་མ་བསྒུར་བ་ལས་བྱུང་བ་འདྲ།དེ་ན་འཇིག་རྟེན་གྱི་མ་ཡུམ་ཚོ་ནི་རང་ཉིད་ཅེས་པའི་ཡིག་འབྲུ་གཉིས་ཕལ་བར་འཇོག་པའི་འགྱུར་ལྡོག་གི་གོ་རིམ་རིང་མོའི་ཁྲོད་བྱུང་བའི་དུས་གསུམ་གྱི་བདག་མོ་དངོས་རེད་དུག

  ཨ་མས་ཁ་པར་ཐོན་དུས་ཉིན་གུང་ཞིག་རེད།དེ་རིང་སྨན་ཁབ་བརྒྱབ་མིན་དང་ནངས་ཇ་དུས་ལྟར་འཐུང་མིན་སོགས་ཐོག་མར་དྲིས་བྱུང་།ངས་དེ་དག་རེ་རེར་ལན་བྱིན་རྗེས་མོས་སྒྲོལ་མ་ཆག་མི་ཉན་རབས་དང་ཕྱི་རུ་སོང་ན་བདེ་འཇགས་ལ་གཟབ་དགོས་ཚུལ་བཤད་ངེས།ཨ་མའི་སེམས་ཀྱི་ཁུར་བོ་ནི་མོ་དང་རྒྱང་ཐག་བཅད་པ་ནས་ཇེ་ལྕིར་སོང་ཞིང་སྙིང་ཉེ་བའི་ཁོ་མོས་བུ་ཕྲུག་ཚོའི་རྗེས་ལ་མཐའ་དང་ཟད་དུ་མེད་པའི་སེམས་ཁྲེལ་ག་ཙམ་གནང་དགོས།ངས་ཨ་མར་དེ་རིང་ཉིན་མོ་ཁྱད་པར་བ་ཞིག་ཡིན་པ་ཅི་ལྟར་བརྗོད་དགོས་པ་གཏན་ནས་མ་ཤེས།ཨ་ཅེ་དང་ནུ་བོ་སོགས་ཀྱི་གནས་ཚུལ་དྲིས་ཚར་རྗེས་ཐེངས་སྔོན་མ་ལྟར་བདེ་མོ་བཞགཁ་པར་ཁ་གཏན་རྗེས་རང་ཉིད་ནི་ཕམ་ཁ་བྱུང་བའི་མི་ཞིག་ལྟར་གློག་ཀླད་ངོས་ཀྱི་ཨ་མ་ཞེས་པའི་ཡིག་འབྲུ་གཉིས་ལ་ཅེར་ནས་བསྡད།མཚམས་ཤིག་ལ་ནུ་བོས་ཁ་པར་ཐོན་ཏེ་ཁོས་ཨ་མར་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཟིན་ཞེས་དགའ་སྤྲོ་ཆེན་པོའི་ངང་བཤད་བྱུང་།ངས་ད་གཟོད་ང་ལ་རང་ཉིད་ལས་ལོ་ལྔས་ཆུང་བའི་ནུ་བོའི་སྤོབས་པ་ཡང་མི་འདུག་སྙམ་བྱུང་།དུས་ཚོད་ལ་གཤོག་པ་ཐོགས་པའི་ལོ་རབས་ཤིག་ལ་ང་ཚོས་དམིགས་བསལ་གྱི་ཉིན་མོ་འདིར་རང་ཉིད་ལ་དྲིན་ཆེ་བའི་མི་དག་ཐེངས་གཅིག་དྲན་པ་ཡང་གོ་སྐབས་ཤིག་ཅི་ལ་མིན།ཉམས་ཚོད་ཅིག་ཅི་ལ་མིན།

  ཕྱི་དྲོར་ངས་གཞི་ནས་ཨ་མར་འཇིག་རྟེན་ན་མ་ཡུམ་དུས་ཆེན་ཟེར་བ་ཞིག་ཡོད་པ་དང་བུ་ཕྲུག་ཚོས་བཤད་ཀྱང་མ་བཤད་ཀྱང་ཨ་མའི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད་ཅེས་བཤད་པ་ན་མོས་ཨ་ཕྱིར་ཁ་པར་ཞིག་གཏོང་དགོས་འདུག་ཟེར། ཨ་མ་ནི་དེ་ལྟར་སྙིང་དུ་སྡུག་པ་ཞིག་རེད།

                                                                                       ༢༠༡༩.༥.༡༣

  འཚོ་གནས།

  སློབ་ཁྲིད་གྲོལ་རྗེས་སློབ་གྲོགས་ཚོ་གཅིག་རྗེས་གཉིས་མཐུད་དུ་ཇ་ཁང་གི་ཕྱོགས་སུ་འགྲོ་བཞིན་འདུགངས་ཁ་སང་གི་སྨན་ཡིག་འཁྱེར་ནས་སྨན་ཁང་གི་ཕྱོགས་སུ་སོང་།འདི་དག་ཡོད་ཚད་འཚོ་གནས་ཀྱི་ཆེད་ཡིན་པ་འདྲ།ལྭ་བ་དཀར་པོ་གྱོན་པའི་བུ་མོ་དེས་ཐད་ཀར་སྨན་ཁབ་འཁྱེར་ནས་ཐོན་བྱུང་ལ་འཛུམ་དང་བཅས་ཏེ་ངའི་ལག་པ་གཡོན་པར་བརྒྱབ་བྱུང་།འཁྱག་སོབ་སོབ་གྱི་སྨན་ཆུ་ངའི་རྩ་ལམ་རེ་རེ་བརྒྱུད་ནས་ལུས་ཧྲིལ་བོར་ཁྱབ།ངས་སྨན་ཁབ་བརྒྱབ་ན་གནོད་པ་མང་པོ་ཞིག་ཡོད་པ་ཐོས་མྱོང་ནའང་གློ་བུར་བའི་ན་ཚ་དག་ལ་སྡུག་བསྔལ་ལྷག་མ་ཞིག་ཡོད་པ་འདྲ།

  སྨན་ཁང་ནི་ལྷིང་ཞིང་འཇགས་པས་བསམ་གཞིགས་ཀྱི་ཐང་མ་གང་སར་བརྡལ་ཆོགསྨན་ཁང་ནང་དུ་སླེབས་རྗེས་ད་གཟོད་ཕྱི་ཡི་མི་རྣམས་སྤྲོ་དགའི་ངང་འཚོས་ཆོག་པའི་ངེས་པ་རྙེད་ཡོང་།རྣམ་ཤེས་འཁོར་སའི་ལུས་རྟེན་འདི་ཡང་རང་ཚུགས་ངང་འགྲོ་མི་ཐུབ་དུས་ཁྱོད་ཀྱིས་ད་གཟོད་ཡོད་ཚད་ལ་སྙིང་བོས་དབེན་པ་ཚོར་ཡོང་།ངས་སྔོན་ཆད་ཤིས་ཚིག་གང་རུང་དུ་ཚེ་རིང་ལོ་བརྒྱ་ཞེས་པའི་ཡིག་འབྲུ་དེ་ཚོ་ཐེངས་མང་པོར་མཐོང་མྱོང་ནའང་དེ་ནི་མི་རྣམས་ཀྱིས་ལོབས་ཕྱོགས་ཤིག་གིས་བྲིས་པ་རེད་བསམ།རང་དང་སྙིང་ཉེ་བའི་མི་མང་པོ་ཞིག་འཇིག་རྟེན་གཞན་དུ་བཞུད་པ་དང་མི་ཞིག་གི་བདེ་སྡུག་ཐག་གཅོད་པའི་སྨན་ཁང་དུ་སླེབས་ཐེངས་རེར་ཚེ་རིང་ལོ་བརྒྱ་ནི་ཤིས་ཚིག་རྩ་ཆེན་ཞིག་ཡིན་པ་ཚོར་ཡོང་ལ།མི་རེ་རེར་རང་ཉིད་ཀྱི་རིན་ཐང་དང་བདེ་སྐྱིད་ཡོད་པ་བསམ་ན་སྨན་གྱིས་བཟུང་བའི་མི་འདི་དག་ཅི་འདྲའི་སྐྱོ་ཨང་།

  ཆར་བ་བབས་ཏེ་དྲོད་ཚད་མར་ཆགས་ནས་བཞུད་མ་ཐག་པའི་དགུན་ཁ་ཡང་བསྐྱར་དྲན་གསོས་རྗེས་གཞི་ནས་ཉི་འོད་སྒོར་མོ་ཞིག་གིས་སློབ་རའི་ཕྱི་ནང་བརྒྱན་བྱུང་།ངས་སྒེའུ་ཁུང་ཕྱི་རོལ་གྱི་གཡའ་དག་པའི་ནམ་མཁའ་མཐོང་ཞིང་དེ་དང་འབྲེལ་བའི་མི་ཞིག་ཀྱང་དྲན་བྱུང་།ཕན་ཚུན་གྱི་ནམ་མཁའ་ནས་སྤྲིན་བཞིན་འཁྱར་ཏེ་རྒྱང་དུ་སོང་ཤུལ་དུ་ཡོད་ཚད་མགོ་བརྩམས་ཆོག་པ་བཞིན་མཇུག་ཀྱང་བསྡུས་ཆོག་པ་ཤེས་ཡོད་དམ།འཚོ་བའི་བདེ་སྡུག་བྱོ་སའི་སྤང་ལྗོངས་དུ་མི་ཁའི་མེ་ལྕེ་གཙམ་བརྒལ་དགོས། དགོས་མེད་འགྲེལ་བཤད་ཅི་ཙམ་ཞུ་དགོས།

  སྨན་པས་སྨན་ཐུམ་མང་པོ་ཞིག་བྱིན་ཏེ་སང་ཉིན་ནས་བཟུང་སྨན་ཐུངས་ཟེར།ངས་སྨན་ཐུམ་དག་འཁྱེར་ནས་སྒོར་བུད་པ་ན་གཞི་ནས་ཉི་མའི་ཞལ་ཁྱིམ་མཐོང་ཞིང་འཇིག་རྟེན་སྟེང་ཆེས་བདེ་སྐྱིད་ལྡན་པའི་དུས་ཚོད་རིགས་ཤིག་ནི་སྨན་ཁང་ནང་ནས་སྒོར་བུད་པའི་སྐད་ཅིག་མ་དེ་ཡིན་པ་ཚོར།ཁ་པར་ནང་གི་ཁམས་འདྲིའི་སྐད་དག་ལ་ཉན་རྗེས་གཞི་ནས་འཚོ་གནས་ཀྱི་འདུན་པ་རེ་རེར་བདེན་ཁ་སྟེར་དགོས་པའི་དྲན་པ་ཞིག་གིས་ཡང་ཡང་བཏེགས།

                                                                          ༢༠༡༩.༥.༨

  ཆར་བས་སྒུལ་བའི་སེམས་འགྱུ།

  ས་འོག་མེ་འཁོར་ས་ཚིགས་ཀྱི་མི་ཚོགས་ལ་བྲི་བ་མི་འདུགརྒྱབ་གཟུགས་ཤིག་མི་ཚོགས་ཀྱི་གསེང་དུ་ཡལ་ཤུལ་དུ་ངས་ལོ་ངོ་དུ་མའི་སྔོན་ལ་ཨ་ཕས་ང་རང་འདི་ལྟར་བསྐྱུར་ནས་ཡུལ་ལ་ལོག་པ་དྲན་བྱུང་། མི་ཞིག་གིས་བསྐྱུར་ཤུལ་གྱི་སེམས་པར་ཡང་ལྕི་འཇལ་རྒྱུ་མི་འདུག སྐབས་ལན་རེར་རང་ཉིད་ཀྱང་ཁོ་ཚོ་དང་ལྷན་དུ་གང་ཞིག་ལ་ལོག་ན་བསམ་ཡང་རེ་བ་མང་པོ་ཞིག་ནི་ཡིད་ལ་དྲན་པ་ཙམ་ལས་རིན་ཐང་གང་ཡང་མེད་པ་མིན་ནམ།ཁ་ཕྱིར་འཁོར་ནས་སྒོ་ཁར་བུད་པ་ན་ནམ་མཁའ་སྔར་བཞིན་སྐྱ་ཐིང་ངེར་འདུག་ཅིང་མདུན་གྱི་ལམ་ཕྲན་དཀར་ནག་སྐྱ་འཐབས་ཏེ་རྒྱང་དུ་འཐེན་འདུག

  ཉན་མི་ཚར་བའི་སྐྱོ་གཞས་དག་ཐོས་འཛིན་གྱི་བུ་ག་བརྒྱུད་ནས་སེམས་པའི་རྒྱ་ལ་ཡང་ཡང་ཐོགས།སྨན་ཁང་ནང་གི་ཨ་མའི་ཚེ་སྲོག་བསྲུང་བའི་གྲོགས་མོའི་སྐྱོ་བ་ཅི་ལྟར་མཚོན་ནམ།ཚེ་སྲོག་དང་འཚོ་བའི་བར་དུ་དོན་ངོ་མར་སྔོག་མི་ཚར་བའི་གསང་བ་ཅི་ཞིག་ཡོད་དམ། མཚན་ངོགས་ཀྱི་མེ་འཁོར་བྱང་ནས་བྱང་དུ་བགྲོད་ཤུལ་དུ་ཁོ་བོས་རེ་བ་ལྷག་མ་ཞིག་ཆ་མེད་ཀྱི་གྲོང་ཁྱེར་ལ་བསྐྱུར་ཡོད་སྲིད།

  སློབ་གྲོགས་ཚོས་དཔེ་ཁུག་འཁུར་ནས་ཕྱིར་ཐོན་བྱུང་།ཁོ་ཚོས་ཀྱང་འགྲུལ་བཞུད་ཀྱི་ལམ་ཁ་རེ་རེ་ནས་འཚོ་བ་གསར་བ་ཞིག་གམ་འཇིག་རྟེན་གཞན་པ་ཞིག་གི་ངོ་གདོང་མཐོང་ཡོད་པ་འདྲ།ང་རང་སྒེའུ་ཁུང་འགྲམ་དུ་བསྡད་དེ་རླུང་བུ་ཡང་མོ་ཞིག་ལ་མདུན་ཕྱོགས་ཀྱི་ལམ་བུ་དྲིས་ནའང་དྲིས་ལན་ཡོད་ཚད་མ་གཞི་ནས་རང་སེམས་ན་གསལ་བའི་བརྡ་བསྟན་བྱུང་།སློབ་རའི་འཚོ་བ་ལོ་སྔོན་མའི་དཔྱིད་ཀ་བཞིན་ལྷིང་འཇགས་ངང་ཡལ་དུས་དྲིས་ལན་གསལ་བའི་འཕྲིན་ཡིག་ཅིག་འབྲི་བ་ཡང་སྐྱོ་ངལ་ལྷག་མ་ཞིག་ལྟར་སྣང་།

  གྲོགས་མོས་བསྐུར་བའི་དཔེ་ཆ་ཐོན་དུས་གཞི་ནས་ས་རུབ་འདུག།ཁ་པར་གཏོང་ཐེངས་ཤིག་གི་རྗེས་སུ་མོས་ང་ལ་ལོ་འགའི་སྔོན་གྱི་སྐད་ཆ་དེ་དག་ཡང་བསྐྱར་བཤད་བྱུང་། སིལ་སྡོང་ལ་མེ་ཏོག་བཞད་འདུག ཁྱོད་རང་ཡུལ་ལ་ཡོང་ངམ། དུས་ཚིགས་འདིར། ཆུང་དུས་ཀྱི་དྲན་པ་བརྩེགས་པའི་སིལ་ཏོག་ར་བ་ན་མོ་གཅིག་པུའི་འཛུམ་མདངས་ལ་མེ་ཏོག་བཞད་ཡོད་ངེས།སྙིང་ཉེ་བའི་མི་དག་གཅིག་རྗེས་གཉིས་མཐུད་དུ་སོང་རྗེས་སུ་མོས་གཞི་ནས་ཁེར་རྐྱང་ལ་འགྲེལ་བཤད་ཅི་ཡང་མེད་པ་ཚོར་ངེས།དུས་ཚིགས་འདི་དངོས་གནས་ལམ་བུ་གཞན་ཞིག་བསྙེག་པའི་ན་ཚོད་ཡག་ཤོས་དེ་ཡིན་པ་འདྲ།

  སྐྱེལ་མ་ཐེངས་ཤིག་གི་རྗེས་སུ་སེམས་པ་རང་མལ་དུ་ལོག་ཟིན་ནའང་གཞས་ཚིག་དེ་དག་གིས་ཅི་ཞིག་བརྗེད་མི་ཉན་པའི་གསལ་འདེབས་ཞུ་བཞིན་པ་འདྲ། ཞོགས་པ་དེར་སློབ་མ་ཚོས་བོད་ལྭ་གྱོན་ཏེ་གང་ཞིག་ལ་བསྟོད་གླུ་བླངས་རྗེས་སློབ་ཁྲིད་ལ་འགྲོ་བཞིན་འདུག ངས་ཀྱང་བོད་ལྭ་གྱོན་པའི་ཨ་ཅེ་དྲན་བྱུང་ནའང་ཁོ་ཚོའི་བར་དུ་འབྲེལ་བ་གང་ཡང་མེད་པ་འདྲ།

                                                                                                 ༢༠༡༩.༥.༦

རྩོམ་སྒྲིག་པ། དབང་མོ།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《འགྱུར》སོགས་ལྷུག་རྩོམ་ཁག་བཞི།

2019-06-06 རྣམ་རྒྱལ་སྒྲོལ་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།