ཁ་བ། རི་གྲོང་གི་ཇག་པ།

  ཉིན་ཤས་ཀྱི་སྔོན་དུ་མི་རྣམས་ཀྱིས་ཉི་འོད་གྲོང་ཁྱེར་དུ་གྲགས་པའི་གནས་མཆོག་ལྷ་སར་ཁ་བའི་སྣང་སྦྱིན་ལྷབ་ལྷུབ་ཏུ་འབབ་པས། ཡུལ་འདིའི་ཕྱི་སྣོད་ཀྱི་འཇིག་རྟེན་ནི་ལྟ་བས་མི་ངོམས་པ་ཞིག་ཏུ་སྣང་ལ། འཕྲིན་ཚོམས་ཀྱི་གཟིམ་སྒོ་ཕྱེ་བའི་དག་ཞིང་དེའི་བཀོད་པ་ནི་ཁྱེད་ཅག་གི་མ་ཎིའི་རྩེ་ལ་སྐོན་པའི་གནས་ཁྱད་པར་བ་ཞིག་དང་། བདེ་བ་དང་བཏང་སྙོམས་ཀྱི་སྨོན་ལམ་དུ་བཞུགས་པའི་དགའ་ལྡན་ཡིད་དགའ་ཆོས་འཛིན་དང་གཉིས་སུ་མ་མཆིས་པའི་བརྙན་རིས་ཡན་གར་བ་ཞིག་ཏུ་རློམ་གྱིན་ཡོད། ཕྱོགས་དང་ཕྱོགས་མཚམས་ཀུན་དུ་བཀྲ་བའི་ལྗོངས་རྒྱུ་དེ་དག་པར་མིག་གི་གན་དུ་ལྷགས་དུས། སུ་གང་གིས་ཀྱང་སྒྲུན་དུ་མི་ཕོད་ཅིང་ལོ་ངོ་མང་པོ་ཞིག་གི་ངང་སྒུག་ལས་མཆེད་པའི་མཛེས་སྡུག་གི་འགྱུར་ཁུག་ཅིག་ཡིན་གཤིས། དད་པ་ལ་བཀུམ་པ་མེད་པའི་འུ་ཅག་གི་གཏམ་རྒྱུད་ཡིན་པར་ཐེ་ཚོམ་མི་འདུག

  ལྷ་སར་བབས་པའི་ཁ་བའི་སྣང་སྲིད་འདི་ཉམས་དགའ་བ་ཞིག་རེད་ཨང་། ལྷུང་ལྷུང་དུ་བཞུར་གྱིན་པའི་ཆུ་བོའི་སྐད་སྒྲ་འདི་སྙན་འཇེབས་ལྡན་པ་ཞིག་རེད་ཨང་། ཡིན་ནའང་། རི་གྲོང་ནས་བསྐུར་ཡོང་བའི་བརྡ་འཕྲིན་འདི་རྣ་ལ་གཟན་ཞིང་ཡིད་ཟང་ཟིང་དུ་སྨྱོན་བྱེད་ཀྱི་སྡུག་སྨྲེ་ཞིག་ཅིས་མ་ལགས། ཁ་པར་གྱི་སྐུད་སྣེ་ས་ལ་མ་ཟགས་གོང་། ངའི་མིག་ལམ་དུ་མངོན་ཡོང་བ་ནི་ལྷ་ས་དང་ལྷ་ས་འདྲ་བའི་གནས་མཆོག་དྭངས་གཙང་དེ་མ་ཡིན་ལ། ཤེས་ཡོན་པ་དང་རིག་གནས་པ་འདྲ་བའི་ཁ་མཁས་གཏམ་སྙན་གྱི་རོལ་ཆ་དཀྲོལ་བར་མོས་ཤིང་པར་རིས་མཛེས་པོ་འགའ་གང་སར་བཀྲམ་གྱིན་པའི་གྲོགས་ཕོ་མོ་དེ་ཚོ་ཡང་མ་ཡིན། ངའི་དྲན་སྣང་གི་ངོས་སུ་འཆར་འོང་བ་ནི་རི་ཟུར་གཉིས་ཀྱི་བར་མཐའ་ན་ལུས་པའི་གྲོང་ཚོ་ཆུང་ཆུང་དེ་ཡིན་ལ། ཡུལ་དེའི་ཕ་ཁྱིམ་དྲོན་མོར་གཞིས་སུ་ཆགས་པའི་ནང་ཕ་མ་སྤུན་མཆེད་དང་ཡ་ང་བའི་ཟོག་སེམས་ཅན་ཁྲ་ཁྲ་དག་ཡིན། སོམས་དང་། རི་གྲོང་ལ་ཁ་བ་འབབ་ཡོད་པ་འདྲ། ཁ་བ་བབས་ནས་སྐྱ་ཐིང་ཐིང་གི་ཞིང་ཁམས་སུ་ནག་འཐོམ་འཐོམ་གྱི་བསམ་བློས་བཀྱིགས་ཡོད་པ་འདྲ། ང་ལོག་དགོས། ངེས་པར་དུ་རི་གྲོང་དུ་ལོག་དགོས།

  ཉིན་འདིའི་ཕྱི་དྲོའི་དུས་ཚོད་སམ་མི་སིམ་མི་ཞིག་ལ་བྲེལ་འཚུབ་འཚུབ་ཀྱི་གོམ་སྟབས་ཤིག་ལས་སྐྱོ་ལྷང་ལྷང་གི་ཁུར་བོ་ལྗིད་པོ་ཞིག་དྲུད་དེ། གྲོང་ཁྱེར་འདིའི་བསླུ་བྲིད་དང་ཞལ་གྱེས་ཞུས་ནས་རི་གྲོང་ལ་ལོག་མཁན་གྱི་འཇིབ་འཁོར་ཆུང་ཆུང་ཞིག་གི་ནང་དུ་སྟོང་སང་སང་གི་ངང་ནས་རང་ཡུལ་གད་པ་གཞུང་ལ་ཐོན་འགོ་བརྩམ་པ་ཡིན། ལམ་གྱི་གཡས་གཡོན་གང་སར་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་འདི་ལོའི་ཁ་བ་དེ་ཡག་པོ་ཞིག་བབས་སོང་ཞེས། སེམས་ཁམས་བག་ཕེབས་ཤིག་ལ་རེ་བའི་གསོན་ཤུགས་གསར་པ་ཞིག་སྤྲས་ཏེ། བལྟས་བལྟས་རིག་རིག་ཏུ་སྣང་བའི་རྣམ་པ་མཛེས་པོ་དེ་པར་མིག་ཏུ་བླུགས་པ་དང་། ཁ་བའི་མི་དང་ཁ་བའི་ལྷ་སྐུ། ཁ་བའི་ཁང་བཟང་ལ་རི་རབ་གླིང་བཞི་ཉི་ཟླས་བརྒྱན་པའི་གྲོང་ཁྱེར་གྱི་གྲུ་ཟུར་དུ་ཅི་དགའ་དགའ་དང་གང་སྐྱིད་སྐྱིད་ཅིག་གི་སྟོན་མོ་གཤོམ་གྱིན་འདུག ཡིན་ནའང་། གྲོང་ཁྱེར་ནི་གྲོང་ཁྱེར་རང་ཡིན་ལ། གྲོང་ཁྱེར་གྱི་མི་དང་གྲོང་ཁྱེར་གྱི་ཐོག་ཁང་། གྲོང་ཁྱེར་གྱི་གཏམ་གླེང་། གྲོང་ཁྱེར་གྱི་མཁའ་དབུགས་ཡིན་དགོས།

  ལམ་འགྲོ་བའི་གཏམ་རྒྱུད་བཞེངས་བཞིན་པའི་འགྲུལ་བཞུད་ཀྱི་ལམ་དུ་མཐོང་ཐུབ་པ་ནི་ཁྱེད་ཅག་ལ་དབང་བའི་བར་སྣང་ཡངས་པོ་དང་འཛུམ་མདངས་སྒོར་མོ་དེ་དག་ཡིན་པ་ལས། འཇིགས་སྣང་ཞིག་གིས་བྲང་ཁོག་དབྲལ་བ་ལྟ་བུའི་ཚོར་སྣང་ར་རོ་དེ་ག་ལ་ཡིན། དངངས་འཚུབ་ཅིག་གིས་ལག་ཟུང་ཧྲེང་བ་ལྟ་བུའི་སྣང་བ་བན་བུན་དེ་ག་ལ་ཡིན། དེ་བས། ང་ལ་དབང་བ་ནི་སྙིང་ཁ་ལ་བདེ་སྣང་ཅི་ཡང་མི་སྟེར་ཞིང་དབུགས་ཀྱི་རྒྱུ་ལམ་ཡར་འདེད་མར་འདེད་བྱེད་པའི་བརྒྱུད་རིམ་ཟང་ཟིང་གི་བརྙན་རིས་ལས་མ་འདས། ཁ་བ་ཞེས་པའི་ཐ་སྙད་བར་མ་དེར་སྙན་རྒྱུ་ཟེར་ཡང་སྙན་ཆ་ཅི་ཡང་མི་འདུག་ལ། མི་སྡུག་པ་ཟེར་ཡང་མདོག་ངན་དྲི་བཙོག་པ་ཞིག་ཡེ་ནས་མ་ཡིན། རི་གྲོང་གི་མགུལ་དུ་འཁྱུད་པའི་སྨྲེང་སྒྲ་ཏིག་ཏིག་དེ་ལ་འགྲེལ་པ་བྱེད་རྒྱུའི་ཁོམ་པ་ཞིག་མཆིས་ན། ཁ་བ་ནི་ངས་འཕྲིན་ཚོམས་ཀྱི་པར་མིག་ལས་མཐོང་བའི་ངག་ལྐུགས་སུ་བཅུག་སྟེ་ཅི་ཡང་བཤད་མི་ཕོད་པའི་རྣམ་པ་དེ་དང་། ངའི་ཨ་མ་འཆི་ལམ་དུ་བརྫང་གྲབས་བྱེད་མཁན་གྱི་རྐུན་ཇག་ལྟ་བུའི་ཕོ་རོག་དཀར་པོ་ཞིག་གི་བྱ་འགུལ་ཡིན་པ་ལས། བསོད་ནམས་ལ་དབང་འབྱོར་བའི་དབུ་རྨོག་བཙན་པོ་དེ་མ་ཡིན། མི་ཆོས་ཀྱི་དམ་ཚིག་གཙང་བའི་སྲུང་བྱ་དེ་མ་ཡིན། ནམ་ཞིག་གི་ཚེ་ན་འཆར་སྒོ་ལ་དགོད་སྒྲ་དང་བྲལ་ཞིང་གཏམ་གླེང་ལ་ཞག་ཚིས་དབུལ་བས། ངག་དམ་པོར་བསྡམས་ནས་ཁྲོ་བ་གཏིང་ནས་འཕྱོ་བྱེད་ཀྱི་ངར་ཤུགས་དྲག་པོ་དེ་སྒེའུ་ཁུང་ཕ་རོལ་གྱི་ཁ་བའི་ཚུར་རྒོལ་ལ་སྟོན་པར་བྱེད །

  མུ་ཁྱུད་སྟར་ལ་བརྒྱུས་འདྲའི་ཁ་བའི་སྐྱ་ལམ་གྱི་ངོགས་སུ་རྨིག་རྗེས་གང་ཡང་མི་མཐོང་ཞིང་། དཔའ་བའི་བློ་སྤོབས་རྒུད་དུ་བཞུགས་པའི་ནམ་དུས་འདིའི་མཁའ་དབྱིངས་སུ་བྱ་བྱེའུ་སྐད་སྒྲ་ཨེན་ཙམ་ཡང་ཐོས་རྒྱུ་མི་བྱུང་། ཕར་རྒྱབ་ཀྱི་མི་བུ་ཚོའི་ངོ་གདོང་ཐལ་སྐྱ་བ་དེར་གཟབ་ནན་གྱིས་ངང་ནས་ཅེར་སྐབས། ད་ལོའི་དགུན་གྱི་ཡུལ་ལྗོངས་སུ་ཞིང་འབྲོག་པའི་མི་རྣམས་ལ་རྣོ་ངར་གྱི་མེ་མདེའུ་ཕོག་པ་བཞིན་ཟུག་གཟེར་གྱིས་མནར་ཏེ། སེམས་པ་ལང་ལོང་ཞིག་ལ་སྤྲིན་ནག་གི་ངལ་བས་ཅི་ཡང་མཐོང་མི་ཐུབ་པའི་གནས་ལ་སྤྱུགས་སོང་བ་འདྲ། ཁོ་བོ་ཡོད་སའི་འཇིབ་འཁོར་གྱི་ནང་དུ་གཞས་པ་གང་རུང་གིས་བཏང་བའི་གླུ་གཞས་ཁག་ལ་གམ་ན་མཆིས་པའི་གྲོགས་པོ་ཚོས་མཉམ་ལེན་བྱེད་པ་དང་། རྐང་འཁྲབ་ལག་འཁྲབ་ཀྱི་སྤྲོ་སྣང་སྣ་ཚོགས་སྟོན་པ་ནི་ངའི་བྲང་གཞུང་གི་ཉི་འོད་སྒྲིབ་བྱེད་དང་སྙིང་རླུང་ལྡང་བྱེད་ཀྱི་ཁ་རླངས་རྩུབ་པོ་ཞིག་ཡིན་པ་ལ་བསྙོན་དུ་མེད། ཁོ་ཚོས་ཁྱིམ་དུ་ལོག་པ་ལས་ཁྱིམ་དྲན་གྱི་མི་འདུག་ལ། ཁོ་ཚོས་རི་གྲོང་གི་སྣོད་བཅུད་མིག་འོག་ཏུ་ཉུལ་བ་ལས་རི་གྲོང་གི་བརྩེ་བ་རང་སེམས་སུ་འགུགས་ཀྱི་མི་འདུག ཁ་བ་ལ་གཅེས་གཅེས་པའི་བདག་གི་ཡུལ་གྲོགས་ལགས། གལ་ཏེ། བརྩེ་བ་ལྷག་ལུས་མེད་པ་འཕྲང་ལམ་དུ་བསྐྱུར་ཟིན་པའི་མི་བུ་དེ་སླར་ཡང་རང་ཡུལ་དུ་ལོག་དགོས་ན། ངས་སེམས་གཏིང་ནས་ཁྱེད་ལ་འདྲི་འདོད་པ་ནི་ཁྱེད་ཀྱི་རི་གྲོང་ལ་ཁྱེད་ཀྱི་དྲོད་ཁོལ་ཡོད་དམ། ཁྱེད་ཀྱི་རི་གྲོང་ལ་ཁྱེད་ཀྱི་བརྩེ་བ་རྣལ་མ་དེ་གནས་ལགས་སམ། ཡང་ན། རི་གྲོང་ནི་ཁྱེད་དང་འབྲེལ་བ་ཙམ་ཡང་མེད་པའི་ས་རྡོའི་ཕུང་པོ་དེ་དག་ཡིན་ངེས། རི་གྲོང་ནི་ཁྱེད་དང་རྒྱང་དུ་བཀྱེད་པའི་དུས་ཚོད་ཀྱི་འཆི་རྐྱེན་དེ་ཡིན་ངེས། ད་སོ་མ་ངེད་གཉིས་ཀྱི་བར་ཐག་རིང་བའི་གཏམ་གླེང་བར་ལ་གསལ་ཆ་ཅི་ཡང་མི་འདུག་པས། ང་ལ་ཤ་ཚ་བ་ཞིག་ཡིན་ན་མགྱོགས་མྱུར་གྱི་ངང་ནས་ངའི་ལུས་པོ་དེ་རི་གྲོང་གི་ལྟོ་འོག་ཏུ་འདྲེན་རོགས།

  ལམ་དུ་དགའ་སྐྱོ་ཆགས་སྡང་གི་ཚོར་བས་ཡོངས་སུ་བསྡམས་ནའང་། ཁ་བའི་སྟངས་སྟབས་ལ་འཛོལ་བའི་རོལ་དབྱངས་ཀྱི་རྡོག་ཁྲེས་དེ་མུ་མཐུད་ནས་འཁུར་དགོས། འཆི་གྲབས་ཡོད་པའི་ཉི་མའི་ཟེར་ཐིགས་ལ་ཁ་ལོ་བསྒྱུར་མི་ཐུབ་པའི་རང་གཤིས་དབུལ་པོ་དེ་སྔ་མོ་ཞིག་ནས་འཇིགས་ཟིན། བདག་གི་སུན་སྣང་འཇོམས་མཁན་གྱི་ཕུགས་བསམ་ལ་བྱམས་བརྩེ་ཡི་ཁྲ་རྒྱན་ཞིག་ངེས་པར་དུ་འདོགས་དགོས། རྒྱུ་མཚན་ནི་ཞི་ལྷོད་ཀྱི་ཁྱིམ་གཞིས་སུ་འཁྲིད་ཐུབ་མཁན་གྱི་དཔའ་བོ་དེ་ཁྱེད་ཅག་གི་དྲན་ངོགས་སུ་རྣོག་གིན་པའི་རི་གྲོང་གི་གྲིབ་གཟུགས་ཁེར་མ་དེ་ཡིན། གྲིབ་གཟུགས་དེའི་པང་བ་ནས་ཁ་བྲལ་དུ་མེད་པ་ནི་རྡོ་རིང་དུ་བརྐོས་པའི་གཉུག་མའི་བསམ་གཞིགས་དེ་ཚོ་ཡིན་ལ། དཔའ་ཞུམ་མི་མྱོང་བའི་རྫི་བོ་རྒན་པོ་ཚོའི་ཚིགས་རུས་སུ་སྦས་ཤིང་ཁ་ཆར་བུ་ཡུག་ལ་གདོང་ཁ་གཏད་ནུས་པའི་ངང་རྒྱུད་རིང་མོ་དེ་ཡིན། དུས་ཀྱི་བརྗེ་སྤོར་འོག་ཏུ་རིང་མིན་ཐུང་མིན་གྱི་རི་ལམ་ཀྱག་ཀྱོག་ཅིག་ལ་བློ་གཏད་ག་ཚོད་བཅོལ་ཡང་། གསལ་ལ་མི་གསལ་གྱི་མོ་ལུང་ལ་བདེན་ཁ་ཅི་ཡང་མ་མཆིས་པས། སྐབས་སྐབས་སུ་གནམ་གཤིས་སྔོན་བརྡ་ལས་འཆར་བའི་གཏན་ཚིགས་ནག་པོ་དེར་ཡིད་མི་ཆེས་ཀ་མེད་བྱུང་ལ། ཁ་བའི་ཤུལ་རྗེས་དཀྱིལ་དུ་རང་ཉིད་ཀྱི་ལྷོད་གཡེང་ལ་སོང་བའི་སྒྲུང་གཏམ་དེ་ལྟག་རྒྱབ་ཀྱི་རླུང་ཁྲོད་ནས་མངོན་ཡོང་བར་ངལ་བ་ཅི་ཡང་མི་འདུག གནམ་རྒན་མ། ཕྱོགས་སུ་གསོན་དང་། སྣུམ་ཟད་མར་མེ་འདྲ་བའི་ཕ་ཡུལ་གྱི་ལམ་གཞུང་དུ་དགའ་འབོད་ཀྱི་བརྡ་རྟགས་ཅི་ཡང་མི་འདུག ངལ་དུབ་ཀྱི་ལ་ཀླུང་རྒལ་མཁན་ཚོས་བདག་གི་སྒལ་གཞུང་དུ་ནུས་མཐུ་ཞིག་ངེས་པར་དུ་སྩོལ་དགོས། རི་ལུང་ལ་ཟུངས་ཤུགས་མེད་པའི་ཉིན་དེར་མགྱོགས་མྱུར་ངང་ཕ་ཡུལ་དུ་ཕུར་འདོད་པ་ནི་བདག་གི་རེ་བ་ཉག་ཕྲ་བ་དེ་ཡིན་ནོ། །

  འགྲོ་གིན་འགྲོ་གིན་དུ་ལྗོངས་འདིའི་ཞིང་ས་གཤིན་པོ་ཞིག་ནས་འཕྱོངས་རྒྱས་ཀྱི་ལོ་རྒྱུས་ལ་གུས་འབུལ་དང་བཙན་པོའི་སྙིང་སྟོབས་ལ་གྱེས་ཕྱག་ཞུས་ཏེ། ལུ་གུ་ལ་མོའི་ཡང་རྩེ་རུ་ཕྱོགས་ཡོད། ཁ་བ་དང་གྲང་ངད་ཀྱིས་བཙིར་བའི་ནུབ་མཁའི་མཚམས་སྤྲིན་ལ་ཁ་མདོག་མི་འདུག ལྔ་པ་ཆེན་པོའི་བྱིན་རླབས་དང་དགུན་གྱི་གནོད་འདྲེ་འགོག་པའི་རྔམ་ཟིལ་དེ་དབེན་པའི་རི་ཁྲོད་དུ་མཚམས་ལ་བཞུགས་འདུག སྔོན་མ་ཡིད་དབང་འཕྲོག་ཡུལ་དུ་འགྱུར་ཅིང་དེང་དུས་རྣ་ལམ་དུ་འཇབ་པའི་ཟླ་བ་སྒྲོལ་མ་ཟེར་བའི་མཛེས་མ་དེ་ཡང་ཁ་བའི་གསེང་ལ་ཡིབ་སྟེ། ངེད་ཚོའི་ཡིད་ཡུལ་དུ་ཚོར་བ་གསར་པ་ཞིག་དང་དགའ་འབོད་ཁྱར་ཁྱོར་ཞིག་གིས་བསླུས་སོང་བས་ཆགས་པ་བྱེད་རིན་མི་འདུག ཕུ་ལམ་ཁ་བས་བསྐྲུན་པའི་འཕྱོངས་རྒྱས་ཀྱི་དག་ཞིང་དུ་ལོ་ཆུ་རྟག་ཏུ་རྒྱས་པའི་སྔ་ལྟས་བཟང་པོ་ཞིག་ཡོད་ན་རྒན་པོ་ཚོའི་ཁ་ནང་ནས་ཟློ་གིན་པའི་མ་ཎིའི་མཆོད་པ་ལ་སྙིང་པོ་ཅི་ཡང་མི་འདུག རི་འདེབས་ཁ་བས་བརྒྱན་པའི་འཕྱོངས་རྒྱས་ཀྱི་ཞིང་ཁམས་སུ་མཛེས་པ་སྨོན་མེད་ཅིག་ཡོད་ན་ནོར་ལུག་གི་ཁྱུ་རྣམས་ས་གཞིར་ནུར་གྱིན་པའི་འདེགས་འཇོག་ལ་སྙན་ཆའི་ར་རོས་སྟོངས་སོང་བ་འདྲ། རྫུན་ཚིག་གི་གཡའ་དང་བྲལ་བའི་རི་ལུང་འདི་ནས་བདག་གི་སེམས་པ་ན་ཟུག་གིས་གཙེས་ན་ཡང་། བདག་སྔར་བཞིན་རང་ལམ་རྡོག་པས་མནན་ཏེ་མི་བུ་སྟོང་དང་སྒོ་བདུད་མང་དུ་སྒྲིལ་བའི་འབྲོག་གཞིས་གང་དེ་གྲི་གུ་གྲོང་རྡལ་གྱི་སྤང་ཐང་ཡངས་མོར་ཕྱོགས་བཞིན་ཡོད།

  མུ་མཐའ་མི་མངོན་པའི་གྲི་གུ་རྩྭ་ཐང་དང་འབྱམས་སུ་ཀླས་པའི་གྲི་གུ་མཚོ་འགྲམ་དུ་སླེབས་སྐབས། བྲེད་ཤ་ལངས་པའི་སྙིང་ཆུང་ལྡིག་ལྡིག་ཏུ་ལྡིང་བྱུང་། ས་འདི་འདྲ་ཞིག་ལ་རླུང་གི་རྒོལ་བ་ཆེ་སོང་བ་ཡིན་ནམ། ཡང་ན། འབྲོག་ཐང་གི་རྟོག་འཆར་ལ་མཛེས་སྡུག་གི་མེ་ཏོག་མ་བཞད་པ་ཡིན། གང་ལྟར། ཁ་བས་བཅོམ་ཟིན་པའི་རྣམ་ཤེས་ཀྱི་ཚོགས་ལ་སྐྱེ་རྒྱུན་ཕྱི་མ་ཞིག་ཡོད་མི་སྲིད་ལ། གཅར་རྡུང་བྱས་ཟིན་པའི་ཡུལ་ལུང་ལ་སྣུམ་ཞག་འཁྱིལ་བའི་གླུ་གར་གྱི་སྟོན་མོ་ཞིག་ག་ལ་ཡོད། ཁ་བས་བརྫིས་པའི་རྩྭ་ཆུའི་ངོ་མདངས་སྐྱ་བོར་མངོན་མེད་གཏིང་ལ་བཞུགས་པའི་ལྷན་པ་ནག་པོ་དེ་ཡིད་མི་ཚིམ་པའི་ཐྲོག་སྒྲ་ཞིག་ཅིས་མ་ལགས། མིག་གི་མཐོང་ལམ་དུ་འགྱུར་བའི་རྩྭ་ཐང་གི་སྟེང་དུ་ནོར་ལུག་རིག་རྒྱུ་མེད་པ་ནི་བར་ཆད་ཅིག་གི་འཁྲབ་སྟོན་མ་ཡིན་ནམ། མཚོ་ལ་དར་ཁ་བསྒྲིགས་ནས་གཉིད་ཀྱི་རུམ་དུ་ལྷུང་བའི་རྣམ་པ་ནི་གོད་ཆགས་ཤིག་གི་ཐན་ལྟས་མ་ཡིན་ནམ། དེ་བས། སྡེ་བ་སྤྱི་ལ་བསྒྲགས་ཤིང་ལྷ་སྒྲུང་གི་རྣ་ལོང་ལ་འཁྱུད་པའི་སྤྱི་འགྲོས་ལ་བདེན་ཁ་མཆིས་ན། ད་ལོའི་གནོད་འཚེ་ལས་མཆེད་པའི་ལྐོག་འགྱུར་གྱི་བརྡ་རྟགས་དེར་སྙིང་ཉེ་བའི་ཡུལ་མི་རྣམས་གླེན་པ་ནང་ལྟར་རང་གི་སྒོ་ཟོག་ལ་ཅེར་ནས་ཡུན་རིང་ཧད་དེ་བསྡད་འདུག ངས་འཇིབ་འཁོར་གྱི་ཕྱི་ལ་འཐད་པ་མ་བྱུང་བའི་དབུགས་རིང་ག་ཚོད་འཆོར་ཡང་། བཟོད་པ་བསྒོམ་ཐབས་བྲལ་བའི་རང་བྱུང་ཁམས་ཀྱི་སྒྱུ་མ་ལ་ཁྲོ་བའི་མེ་ལྕེ་གྱེན་དུ་གཏད་དེ། འཇིགས་ཡེར་བའི་འཚུབ་ཆ་ནང་དུ་བསྐུངས་ནས་མི་སྐྱིད་པའི་རྟོག་བཏགས་ལ་འཚིག་པ་མ་ཟ་ཀ་མེད་བྱུང་། སྙིང་རྗེ་བྲལ་བའི་ཁ་བའི་བྱད་བཞིན་ལ་ཀི་སྒྲ་འཕེན་ཞོར། འཁོན་ལན་སློག་ཐབས་མེད་པའི་རིག་པ་ལྕེ་འོག་ཏུ་གླན་ནས་སྡུག་ཡུས་ཀྱི་ཁེར་ལབ་བར་མེད་དུ་སྒྲོག་དགོས་བྱུང་སོང་། །

  དེ་ནས་སེམས་ངལ་ལ་འཛེམ་པ་མེད་པར་རྐྱང་གོ་ལ་ཞེས་པའི་རི་གཤམ་དུ་འབྱོར་དུས། མཐོ་སྒང་གི་ལྗོངས་ཁམས་ཤིག་ལ་ག་ཚོད་མྱུལ་ཡང་རང་ཉིད་ལ་མངའ་བརྙེས་པའི་ནམ་ཀུན་གྱི་སྤྲོ་བོ་དེ་ཚོར་བར་མི་སྣང་། གང་ལགས། རི་འདབས་སུ་གནས་བཅའ་བའི་རྐྱང་གི་ཚོགས་རྣམས་ན་ནིང་ནང་ལྟར་གྱི་འཕག་ཚག་དང་མཆོངས་ལྡིང་བྱེད་ཀྱི་མི་འདུག་ལ། ཟླ་ཤས་རིང་གནས་སྡོད་བྱེད་ཀྱིན་པའི་འབྲོག་པའི་སྦྲ་གུར་ནག་ནག་དེ་ཚོ་ཡང་མཐོང་རྒྱུ་མི་འདུག རྩྭ་བཟང་ས་དང་ཆུ་བཟང་ས་བཀབ་ཟིན་པའི་ལོ་འདིའི་དགུན་ཁ་ཞིག་ལ་སྲོག་ཆགས་ཀྱི་དཔུང་རྣམས་གནས་གང་འདྲ་ཞིག་ལ་ཤི་གསོན་གྱི་སྟ་གོན་བྱེད་བཞིན་ཡོད་དམ། ནམ་མཁའ་རུ་གཤོག་རྩལ་ངོམས་བཞིན་པའི་འདབ་ཆགས་ཀྱི་ཁྱུ་ལ་ད་དུང་དྲོ་སོབ་སོབ་ཀྱི་བདེ་སྐྱིད་འཚོ་བ་ཞིག་དབང་སྲིད་དམ། འཛུལ་ས་མ་རྙེད་པའི་གླ་བ་དགོ་བ་རྣ་བའི་རིགས་དང་འབབ་ས་མ་རྙེད་པའི་བྱེའུ་སྐྱ་ཀའི་རུ་དཔུང་དག་ཀྱང་གནམ་རྒན་མའི་དགྲ་རུ་ལངས་དོན་ལ་བསམ་གཞིག་བྱེད་རིན་མི་འདུག གསར་གཏོད་ཀྱི་དཔའ་གདེང་སྔོན་བསུ་བྱས་ནས་བར་ཆད་ལ་རྒོལ་ལན་བྱེད་ནུས་པའི་མིའི་རིགས་ཀྱང་ཁ་བའི་མདུན་དུ་ཅི་བྱ་གཏོལ་མེད་ཀྱི་གནས་ལ་གྱར་སོང་། དེ་བས། ཤ་ཚ་བའི་ཡུལ་མི་ཚོས་ཁ་བ་ཕྱགས་ཟིན་པའི་སྤང་ཐང་ཆུང་ངུ་ཞིག་ཏུ་རང་ཁྱིམ་གྱི་ནོར་ལུག་ཁྱུ་རྣམས་བདས་ནས་རང་བྱུང་ཁམས་ལ་དམག་གྲ་སྒྲིག་དུས། ཉམས་སྡུག་སྡུག་གི་ངང་ནས་འཚོ་བ་ལ་རོལ་གྱིན་པའི་སྒོ་ཟོག་དག་ནི་ངེད་ཅག་གི་སེམས་ལ་ཁེན་པའི་ན་ཟུག་གི་ཚེར་མ་ལ་འགྱུར་ཅིང་། མིག་ནང་ནས་འཛག་གིན་པའི་ཆུ་རིལ་རྡོག་རྡོག་དེ་ལ་ཡང་ཁ་ཡ་བྱེད་དབང་ཞིག་མི་འདུག

  ཉམ་ཆུང་གི་ཚེ་སྲོག་རྙི་ལ་ཐེབས་པའི་ལམ་གཞུང་འདིར། ཁ་བའི་གཟི་མདངས་སྔར་ལས་ལྷག་པའི་སྒོ་ནས་གྲོང་འདབས་ཀྱི་ར་བར་འཇབ་ཅིང་། ལུས་པོ་སྦྲིད་དུ་འཇུག་པའི་ཁ་བའི་ཤུ་སྒྲ་དེ་ཡང་རྣ་བའི་འགེགས་སུ་འགྱུར་དུས། བྱེ་རླུང་ལ་རྩེའི་ཕར་རྒྱབ་ཏུ་སྦྲུམ་པའི་རེ་བའི་སྨོན་ཚིག་ལ་བར་ཆད་ལམ་སེལ་གྱི་ཟུངས་ཤུགས་མཆིས་ན་བསམ་བྱུང་། ཐ་དཀར་མགོན་གྱི་རྒྱ་ཕིབས་འོག་ཏུ་ཡིབ་པའི་ཕུག་རོན་ལ་བོར་སོང་བའི་རྣམ་ཤེས་ཚུར་ལ་རྙེད་ན་བསམ་བྱུང་། འཕྲུལ་ཤེས་ཀྱི་དབང་དུ་སོང་བའི་བདག་གི་འདུན་པ་དུས་ལ་མ་འབབ་པའི་ཕྲང་ལམ་དོག་པོར་གཟིར་ཏེ། ཕྱི་ནང་གི་ནམ་མཁའ་རུ་གསལ་ཆ་ཅི་ཡང་མི་སྟོན། ལ་གླུའི་ལེན་སྟངས་ནོར་སོང་བའི་ས་མ་འབྲོག་གི་ཕུ་མདོ་གང་སར་མི་ཕྱུགས་ཀྱི་སྐྱོ་གར་འཁྲབ་དུས། འབྲི་འཕྲོ་ལུས་པའི་རི་ལུང་གི་ལོ་རྒྱུས་ནང་དུ་བྱུང་བའི་ས་བདག་ཟེར་བའི་མི་རྒན་རྫོབ་རྫོབ་དེ་ཡང་ཁ་བའི་འཚེར་མ་དང་མཉམ་དུ་ཡིད་ལ་འཆར་ཞིང་། འཇིག་རྟེན་དཀར་ངོགས་ཤིག་ནས་གཞུང་རྟ་རུལ་གྱིན་པའི་ཚེ་སྲོག་ལ་རྒྱང་ལྟ་ཕྲ་མོ་ཞིག་བྱས་ཡོད། ཆག་གྲུམ་ཤོར་བའི་མི་ཚེ་ལྐོག་གཡོ་ཞིག་གི་མཐུ་འོག་ཏུ་འདྲེན་འགྲོ་བ་ནི་མུན་རུབ་ཀྱི་ལུང་བསྟན་ཡིན་པ་ཤེས་རྗེས། ཁྱེད་ཀྱི་ཞབས་རྗེས་ཀྱང་འཇིགས་སྣང་གིས་འཁུར་བའི་ཀི་སྒྲའི་ཀློང་དུ་འདྲེས་འགྲོ། དེ་དུས། མི་མེད་ཁྱི་མེད་ཀྱི་ཕུ་སྦུབས་ཤིག་ནས་བྲན་དུ་འགྱུར་བའི་ཕ་མེས་ཀྱི་ཀོ་ཆས་རྙིང་པ་དག་ལ་འོད་དུ་བཀྲ་བའི་རེ་སྨོན་དང་ལྷག་བསམ་དྭངས་མ་ཞིག་མུ་ནས་མུ་མེད་པར་བཅངས་ཡོད།

  སྔོན་མ་ཡིན་ན་སློབ་མཚམས་བཞག་ནས་རི་གྲོང་ལ་མཆེད་ཐེངས་རེར། རྩེད་མོ་ཁོ་ནའི་དབང་དུ་སོང་བའི་གྲོགས་པོ་ཚོ་དྲན་པ་ལས། རི་གྲོང་གི་བར་སྣང་ལ་བསམ་བློ་ཡེ་ནས་གཏོང་མ་མྱོང་ལ། བཀྲ་མ་ཤིས་པའི་གཏམ་ཆ་ག་གེ་མོ་ཞིག་ལ་བསམ་གཞིགས་སེན་མོ་ཙམ་ཡང་བྱེད་མ་མྱོང་། དེ་བས། ཁ་བ་འབབ་པ་ནི་བཀྲ་ཤིས་དགེ་བཅུ་ཚང་བའི་རྟེན་འབྲེལ་བཟང་པོ་ཞིག་ལ་ངོས་འཛིན་ཅིང་། རི་ལུང་ཁ་བས་གཡོགས་པ་ནི་ངོ་མཚར་གཡང་གིས་བརྟས་པའི་དུས་ཚིགས་ལེགས་པོ་ཞིག་ལ་ཆ་འཇོག་བྱེད་ཀྱིན་ཡོད། ཡིན་ནའང་། ད་ཆ་ར་མོ་ལའི་ལ་གཤམ་དུ་བསླེབས་པའི་ཚོར་བ་ནི་སྔར་སོང་ལོ་རྒྱུས་ནང་ལྟར་གྱི་བག་ཕེབས་དང་ཉམས་དགའ་བའི་སྣང་བ་ཞིག་མ་ཡིན། བུ་ཡུག་གི་རྡུལ་ཕྲན་མགུལ་དུ་འཁྱུད་པའི་ཡིད་བརྙན་ལ་བྱིས་དུས་ནང་ལྟར་གྱི་སྤྲོ་བ་དང་སྟོབས་ཤུགས་ཤིག་མི་འདུག རི་མགོའི་དར་རྐྱང་གི་ལག་བརྡ་རེ་རེ་ལས་མཆེད་པའི་མ་ཎི་ཡིག་དྲུག་བདག་གི་ལྷིང་ལ་མ་འཇགས་པའི་སེམས་པར་བརྟེན་ནས་བསྔོ་སྨོན་གྱི་ལམ་དུ་འདྲེན་པར་བྱེད་ལ། རླུང་གི་ངུ་སྒྲ་ལྟག་རྒྱབ་ཀྱི་སྐྲ་ལོར་འཁྲིལ་ནས་བདག་གི་རྣ་རྩར་ལྷང་ལྷང་དུ་སྒྲོག་གི་འདུག དུས་དེ་ཙམ་ཞིག་ནས་ངས་གཉིད་སད་རག་གི་བར་དུ་རྒྱང་རིང་གི་ལེ་ལན་རྒྱབ་ལ་བསྐྱུར་ཏེ། ཁ་བ་དང་གྲང་ངད་ཀྱི་བསུ་མའི་མདུན་དུ་དྲན་གདུང་གི་འཆི་ཞགས་འཁྱིལ་མ་རི་གྲོང་གི་གཞས་སྒོར་དང་མཉམ་དུ་འཕྱོ་ལྡིང་བྱེད་པར་འདོད་དོ། །

  དེ་ལྟར། ལོ་ལུང་མང་པོ་ཞིག་བརྒལ་རྗེས་སྐྱ་མོ་ཐང་གི་དགུན་གཞུང་རྡོག་པས་མནན་ཏེ། འཁྱགས་དར་གྱིས་མནར་བའི་ས་ཞིང་སྦར་མོ་གང་དེར་བསླེབས་སོང་། མཚམས་སྤྲིན་དམར་སྨུག་ཅིག་གིས་བཀབ་པའི་གནམ་མཐའི་ས་ཚིགས་དེ་རུ་བསླེབས་སོང་། བདག་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་དྲིན་ཕ་མའི་ཚོགས་ཀྱི་པང་ཁ་དྲོན་མོར་འབྱོར་བྱུང་། གཡུལ་ཐང་ཡངས་མོ་དེ་ནས་འཇིབ་འཁོར་དང་བསམ་མེད་ཀྱི་གྲོགས་པོ་དག་དང་ཞལ་གྱེས་ཞུས་ཏེ། ཁ་བའི་འཛེར་སྒྲ་དང་མཉམ་དུ་གོམ་པ་གང་རེ་གང་རེ་བྱས་ནས་རང་ཁྱིམ་གྱི་སྒོ་ཐེམ་བརྒལ་སྐབས། སེམས་ན་བསྐུང་མི་ཐུབ་པའི་སྤྲོ་བ་དཔག་མེད་སྐྱེ་གྱིན་འདུག་ལ། ངག་ནས་བརྗོད་དུ་མེད་པའི་འཆར་སྣང་སྣ་ཚོགས་པ་ཞིག་གིས་ལུས་པོ་རྒུད་དུ་འཇུག་གིན་འདུག ཨ་མ། ཨ་མ། ངག་རྡག་རྡིག་ཅིག་ལ་མིག་ཆུའི་ཕྲེང་ཐག་བརྒྱུས་པའི་རྣམ་པ་དེ་སུ་གང་ལའང་ཤོད་དུ་མི་སྤོབས། མཐོང་སྣང་ཞིག་ལས་ངས་ཁྱིམ་ཚང་འདིའི་སྔ་ཕྱི་བར་གསུམ་དུ་དཀའ་ངལ་སྐྱོན་མཁན་གྱི་ཕ་རྒན་རེག་བྱུང་ལ། སྙིང་ཉེ་ཞིང་མཛའ་ཆེ་བའི་སྤུན་མཆེད་ཀྱི་དཔུང་རྣམས་མཐོང་བྱུང་། དེ་བས། ངས་བརྡ་འཕྲིན་མི་སྡུག་པ་ཞིག་ལས་དངངས་སྐྲག་གི་ངང་ནས་འགྲུལ་བཞུད་ཅིག་ལ་བཅོལ་བའི་མནོ་བསམ་གང་དེ། ཁང་པའི་ཟུར་ཞིག་ན་ཤིང་གི་ཉལ་ཁྲི་རྙིང་པ་ཞིག་ཡོད་པ་དེའི་ཐོག་ཏུ་ཉལ་ཡོད་པའི་མ་རྒན་ཤ་ཚ་བོ་དེ་རེག་བྱུང་། རེག་ནས་ཀྱང་སེམས་ཀྱི་ངུ་ངག་ཅིག་ལས་རང་ཉིད་ལ་ཁོང་ཁྲོ་ཟ་གི་འདུག་ལ། དགུན་གྱི་ཁ་བ་དེ་ལ་ཤ་འཁོན་གཏིང་ནས་སྐྱེ་གྱི་འདུག ཡིན་ནའང་། མ་རྒན་མོས་ངག་འཇམ་པའི་ངང་ནས་རང་ཉིད་བདེ་པོ་ཡིན་ཚུལ་དང་མགྱོགས་པོ་དྲག་སྐྱེས་ཡོང་བའི་གཏམ་ཆ་ཞིག་གིས་ངའི་སྐྱོ་ངལ་ལ་སེམས་གསོ་བྱེད་ཀྱིན་འདུག་ལ། ཤེས་རིག་གང་ལའང་སྦྱངས་པ་བྱེད་མྱོང་མེད་ཀྱང་ཉམས་མྱོང་རྒན་པོའི་འབེལ་གཏམ་མང་པོ་ཞིག་ང་ལ་སྨྲོས་པར་བྱེད། དེ་དུས། ངས་བརྩེ་ཆེ་བའི་མ་རྒན་མོར་འཆད་འདོད་པ་ནི། གཞོམ་ཞིག་བྲལ་བའི་རང་གཤིས་སྦོ་འོག་ཏུ་བཅུག་ཏེ། ཁྱེད་ཉིད་ལ་སེམས་གཏིང་ནས་དགོངས་པ་མ་ཚོམ་རོགས་ཞེས་པའི་ཡིག་འབྲུ་ལྗིད་པོ་དག་གིས་བཀའ་ཁྲོལ་ཡོང་བའི་ཞུ་ཡིག་སྨྲོས་ཆོག་པར་ཞུའོ། །

  མཚན་མོ་འདིར་ཉིན་གང་གི་གནས་ཚུལ་ཕྲ་རགས་རྣམས་ཡིད་ལ་འཁོར་ཞིང་། འཆར་སྣང་བསྐྱུར་མོ་དག་གིས་སེམས་ལ་འཇབ་བྱུང་། གཉིད་འདོད་པའི་མི་ལ་གཉིད་མི་ཡོང་ཞིང་། རྒོལ་འདོད་པའི་དཔའ་གདེང་ལ་གཤོག་ཟུང་སྐྱེ་གྱིན་མི་འདུག ཁུ་སིམ་སིམ་གྱི་ངང་ནས་མིག་ཆུའི་སྐྱོ་གླུ་ཞིག་གིས་མཚན་མོའི་ལྷིང་འཇགས་དང་མལ་སའི་དྲོད་ཁོལ་སྲུང་སྟེ། མཛུབ་མོ་ལྔ་པོ་གྱང་ལ་བརྡེགས་ནས་རང་བྱུང་ཁམས་ཀྱི་འགྱུར་བ་ལ་མོ་རྩིས་གཤོམ་བཞིན་ཡོད། ཕྱི་རོལ་གྱི་རླུང་སྒྲ་དང་མ་རྒན་མོའི་འཁུན་སྒྲ་གཅིག་ཏུ་བསྲེས་ཏེ། རང་ཉིད་ཀྱི་རྨ་མེད་པའི་ན་ཟུག་ལ་འགྲོ་ལམ་འཚོལ་བཞིན་ཡོད། རྨང་ནས་ཉིལ་བའི་མདུན་ལྗོངས་རབ་རིབ་ཅིག་ལ་ལས་སྐལ་གྱི་བསམ་གཞིགས་བསྐྱར་དུ་བྱེད་ཞོར། སྡུག་གིས་བཀྲུས་པའི་བླ་སྲོག་དྭངས་མ་ཞིག་ལ་མུན་པའི་སྐེ་དཀྲིས་བཏགས། བཤུལ་ལམ་དེ་ག་རང་དུ་རྐང་འོག་གི་ཚག་སྒྲ་དང་བུ་ཡུག་གི་ཤུ་སྒྲ་ཡུལ་ལྷ་གཞི་བདག་གི་དར་ལྕོག་གསེང་དུ་ཀོ་བཏུམས་བརྒྱབ་སྟེ། མཚན་མོའི་ཁེར་རྐྱང་དང་སྐྱོ་ཡ་ལ་ལྐུགས་བརྡ་སྤྲོད་བཞིན་བདོག རུལ་སོང་བའི་རྨི་ལམ་རིང་མོ་ཞིག་ལས་གདུང་བ་མཐའ་དག་ཁ་ནང་དུ་ལྡད་ནས་མཐོང་དུ་མེད་པའི་རི་གྲོང་དང་རི་གྲོང་གི་ཉེས་པ་སེམས་དབུས་སུ་ཉར་ཡོད།

  ཞོགས་པ། མལ་ལས་ལངས་ཏེ་མ་རྒན་པོའི་དྲུང་ནས་གཏམ་གླེང་གང་མང་ཞིག་བྱས་རྗེས། ཁང་པའི་ཕྱི་ལ་སོང་སྟེ་རི་གྲོང་གི་ཕྱོགས་བཞིར་ཞིབ་ལྟ་བྱེད་སྐབས། གནས་འདིའི་ཁུག་ཆ་གང་སར་ཁ་བ་དང་ཁ་བས་མནན་པའི་འགྲོ་ལམ་དང་འཐུང་ཆུ། ལུང་གཞུང་གི་ཕུ་ལམ་ཞིག་ནས་ཕྱིར་ལོག་ཐུབ་ཙམ་དུ་བྱུང་བའི་ལུག་ཁྱུ། རང་ཁྱིམ་གྱི་སྒོ་འགྲམ་དུ་ལུས་སོང་བའི་སྒོ་ཟོག ངོ་མདོག་སྨུག་པོ་ཞིག་ལ་སྡུག་བསྔལ་གྱི་རུས་རྒྱན་བཏགས་པའི་སྡེ་པ་སྤྱིའི་མང་ཚོགས་དག་ལས། ཁ་བ་དང་ཁ་བས་བཞེངས་པའི་གཞལ་ཡས་ཁང་དང་རྒྱུ་ནོར་གྱི་ཚོགས། ཁ་བའི་མི་དང་ཁ་བའི་ལྷ་སྐུ། ཁ་བ་ལ་བཅོལ་བའི་དྭངས་གཙང་གི་བསམ་པ་ཞིག་མཐོང་དུ་མི་འདུག བར་ཆད་གང་དེས་སྣེ་འདྲེན་བྱས་པའི་ལུང་མདོ་འདི་རུ་ངས་གསོལ་འདེབས་གཙང་མ་ཞིག་གིས་བསྔོ་སྨོན་བྱེད་འདོད། ཁ་བའི་རྐུན་ཇག་གིས་འཕྲོག་ཟིན་པའི་ཡ་ངའི་ཚེ་སྲོག་དག་ལ་འཕོ་བ་གྲོང་འཇུག་གི་བཀའ་སློབ་ཅིག་ཞུ་འདོད། དྲོད་སྣང་བརླག་ཟིན་པའི་ཕ་ས་གཙང་མ་དེར། བང་རིམ་གྱིས་བརྩིགས་པའི་ཉི་མའི་ཟེར་ཐིགས་རེ་རེ་ཁ་བས་གཡོགས་པའི་ས་གཞིའི་སྟེང་དུ་འཕྲོ་སྐབས། གཟུགས་མེད་ཀྱི་ཁབ་རྩེ་དེ་འུ་ཅག་གི་མིག་མདངས་བརྒྱུད་ནས་སེམས་ཀྱི་ཟབ་ས་རུ་ཟུག་གི་འདུག སྒྲ་མེད་ཀྱི་ངུ་ངག་གང་དེ་རི་གྲོང་གི་སྣོད་བཅུད་ལ་གཡོགས་ནས་ཅི་ཡང་རེག་ཏུ་མི་སྣང་།

  ཁ་བ་ཨ། ཁ་བ། སྙིང་རྗེ་བྲལ་བའི་མི་ཡུལ་གྱི་སྲིན་འབུ་ཁྱེད་རང་རི་གྲོང་གི་ཞིང་ཁམས་འདི་རུ་བསྲེགས་གཏོར་བཅོམ་གསུམ་གྱི་ལས་ངན་བརྩམས་པ་ནི་རྒྱུ་འབྲས་ལ་འཛིན་པ་མེད་པའི་བྱ་སྤྱོད་ཅིག་ཅིས་མ་ཡིན། ཁ་བ་ཨྰ། ཁ་བ། དུས་ཚིགས་ཤིག་གི་གདོན་འདྲེ་ཁྱེད་རང་ལས་འབྲས་ཀྱི་བློ་མིག་རྒྱབ་ཏུ་བསྐྱུར་ནས་རྣམ་ཤེས་སྟོང་གི་གསང་མིག་ཏུ་འཛུལ་ཏེ། ལྐོག་ལས་ཀྱི་བགྱི་བ་དང་དུ་བླངས་པ་ནི་ངོ་ཚ་དགོས་པའི་སྒྲུང་རབས་ཤིག་ཅིས་མ་ཡིན། ད་ཆ། ངས་ཁྱེད་ལ་འཇག་པ་ཞེས་པའི་མཚན་སྙན་མི་སྡུག་པ་དེ་བཀོལ་འདོད་པ་ལས། དྭངས་གཙང་དང་ལྷག་བསམ་ཟོལ་མེད་ཀྱི་དཔའ་བོ་ཞིག་གི་ཆོ་ལོ་སྩོལ་འདོད་མི་འདུག སྡུག་བསྔལ་གྲངས་མེད་དང་མིག་ཆུའི་ཡོན་ཆབ་དག་ནི་ཁྱེད་ཀྱིས་རི་གྲོང་ལ་བཟོས་པའི་བུ་ལོན་ཡིན།

  ཁ་བ། དབང་པོ་ནང་དུ་བསྡུས་པའི་རི་གྲོང་གི་ཇག་པ་དེ་ཡིན།

  ཁ་བ། ལས་འབྲས་གཡང་ལ་ཕུད་པའི་རི་གྲོང་གི་ཇག་པ་དེ་ཡིན།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཁ་བ། རི་གྲོང་གི་ཇག་པ།

2020-12-31 གསར་བུ།(ནག་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།