སྙིང་ཉེ་བའི་དབྱངས་གསལ་མཚོ།(ཞར་བཀོད་གཅིག་ཡོད)

སྙན་དོན་སྙིང་པོ།(མཛོད་དགེ་གླིང་བ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-02-28

  ངས་ཡ་ཁའི་སྣབས་ལའང་བདག་བྱེད་མི་ཐུབ་པར་མགོ་ཡི་རལ་བ་རླུང་ལ་འཕྱོ་བཞིན་རྐང་རྗེན་དུ་ཁོད་ཡངས་པའི་འབྲོག་ཡུལ་གྱི་རྩྭ་ཐང་དུ་རྒྱུག་མ་འདུར་ཀྱིས་རྩེད་འཇོར་གཡེངས་བའི་བྱིས་དུས་ཤིག་ལ། འབྲོག་གི་སྦྲ་ཁྱིམ་གྱི་དྲེག་པ་ཧ་ཅང་མོད་པའི་ཤིང་གི་མར་སྒམ་ཤིག་གི་འགྲམ་ནས་འུ་གཉིས་དང་ཐོག་འཕྲད་པ་ཕྲན་གྱི་དྲན་པའི་ཟབ་ས་རུ་གསལ་ལྷང་ངེར་འདུག

  འུ་གཉིས་དང་ཐོག་འཕྲད་ས་ནི་འབྲོག་གི་སྦྲ་ཁྱིམ་གྱི་དྲེག་པ་ཧ་ཅང་མོད་པའི་ཤིང་གི་མར་སྒམ་ཤིག་གི་འགྲམ་ནས་ཡིན་པ་ཕྲན་གྱི་དྲན་པའི་ཟབ་ས་རུ་གསལ་ལྷང་ངེར་འདུག དྲིན་ཆེན་གྱི་ཨ་མྱེས་འདས་པོས་ཁྱེད་ཀྱི་མཛེས་སྡུག་གི་གཟུགས་རིས་རེ་རེ་མར་སྒམ་གྱི་སྟེང་དུ་བྲིས་ཤིང་། སྐབས་དེར་ང་ཁྱོད་ཀྱི་འབོད་བདེ་བའི་མིང་དང་ཡིད་འོང་གི་ལང་ཚོར་དགའ་སྣང་ཤོར། སྙིང་ཉེ་བའི་དབྱངས་གསལ་མཚོ། དེ་ནི་ཆུང་འདྲིས་ཀྱི་བརྩེ་ཞེན་ཞིག་སྟེ་ངའི་རུས་རྐང་དུ་འཐིམས་པའི་བག་ཆགས། རྩ་ལམ་ན་རྒྱུ་བའི་ཐ་སྙད་ཀྱི་ཁྲག་རྒྱུན་ཐོག་མ་ཡིན། དྲིན་ཆེན་གྱི་ཨ་མྱེས་འདས་པོ་དེའི་དམིགས་ཡུལ་ཅི་འདྲ་ཞིག་གིས་དབྱངས་གསལ་མཚོ་ང་ལ་ངོ་ཤེས་སུ་བཅུག་པའི་རྒྱུ་མཚན་གསལ་བོ་ཞིག་དེ་རིང་ད་དུང་ངས་མ་ཤེས་མོད། འོན་ཀྱང་ཁོང་གི་བཀའ་དྲིན་གྱིས་ཁྱོད་ནི་ངའི་མི་ཚེའི་མངར་སྐྱུར་གྱི་གཏམ་རྒྱུད་འཆད་སའི་བློ་ཐུབ་ཀྱི་སྙིང་ཉེ་ཁོ་ནའོ།། དེང་སང་ཕྱི་དྲན་རེ་བྱེད་ཚེ་བྱིས་དུས་ནས་བཟུང་ཁྱེད་དང་འགྲོག་བདེ་ཡི་དུངས་བ་ཞིག་ངང་གིས་འཕེལ་ནའང་ཉིན་དེར་རང་དུ་འུ་གཉིས་གཟུགས་དང་གྲིབ་མ་བཞིན་འགྲོག་པའི་སྐལ་བ་རེ་ཞིག་ཕྲན་ལ་མ་ལྡན། དེ་ནི་སྐབས་དེའི་རྩྭ་ཐང་གི་འབྲོག་ཕྲུག་ཕལ་མོ་ཆེ་ཡི་མི་ཚེའི་བྱུང་བ་རྩྭ་ཐང་ནས་སྐྱེལ་དགོས་བས་ང་ཡང་དེ་བཞིན་ལོས་ཡིན། འོན་ཀྱང་བདག་གི་བྱིས་དུས་ཀྱི་དུངས་ཞེན་གཙང་མ་དེ་ཁྱོད་ཀྱི་མཛེས་སྡུག་གི་ལང་ཚོས་དབང་མེད་དུ་བཀུག་སོང་བས། སེམས་ཚོར་དེའི་དབང་གིས་ང་རང་སླར་ཡང་ཁྱེད་ཀྱི་འཇིག་རྟེན་ལ་ཆ་ཡོད་རྒྱུས་ཡོད་ཅིག་དུ་འགྱུར་ཆེད་ངས་ཨ་ཕ་ལ་ང་རང་སློབ་གྲྭར་མངག་པའི་རེ་བ་མིག་ཆུ་དང་ལྷན་དུ་ཡང་ཡང་ཞུས་མྱངས། ལོ་དེའི་དགུན་ཁ་ཨ་མས་བཟོས་པའི་རས་ཀྱི་དཔེ་ཁུག་སྔོ་སྐྱ་དེ་ཁུར་ནས་ཆེས་ཐོག་མའི་ཤེས་རིག་གི་སྒོ་ཆེན་དུ་འཛུལ་བ་ནས། འུ་གཉིས་ཇ་དང་འོ་མ་བཞིན། ཆུ་དང་ཆར་བ་ལྟར་སླར་ཡང་འདྲིས་ཤིང་གོམས་ཏེ་ཤེས་རིག་གི་རྒྱ་མཚོར་རུ་ཤེས་བྱའི་ཆུ་ཐིག་ཐོབ་པར་བརྩོན།

  མི་ལོ་དུ་མ་རིམ་གྱིས་འདས་པའི་ལོ་ཟླའི་ཁྲོད་ངས་གཞན་ཡིག་ཐར་ཐོར་རེ་ངོ་ཤེས་ཀྱང་། འུ་གཉིས་ཀྱི་ཆུང་འདྲིས་ཀྱི་བརྩེ་བའི་ཞེ་འདང་དང་བསྡུར་ན་ངས་སུ་ཡང་ངོ་ཤེས་མེད་པ་འདྲ། དེ་ལྟར་འདྲིས་ཤིང་གོམས་པའི་བདག་གི་སྙིང་ཉེ་བའི་ཆུང་དུས་ཀྱི་དབྱངས་གསལ་མཚོ། ངའི་ཁེར་རྐྱང་གི་དཔུང་ཡ་དགའ་བོ། ངའི་སེམས་ཚོར་གྱི་བཞུར་རྒྱུན་གསོན་པོ། ཤི་ན་ཁྱོད་དང་མཉམ་དུ་ཡིན་ལ་གསོན་ན་ཁྱོད་དང་མཉམ་དུ་ཡིན། འབྱུང་འགྱུར་གྱི་མི་ཚེ་རུ་གཞན་གང་མང་མང་ཞིག་ཤེས་ན་ལོས་དགའ་མོད། གལ་ཏེ་གང་ཡང་མ་ཤེས་ནའང་། ཁྱོད་ཀྱི་མཛེས་སྡུག་དང་ལྷན་དུ་ངའི་སེམས་ཚོར་ཀྱི་འཇིག་རྟེན་ཆེན་མོ་ལོ་སར་ཀྱི་སྡེར་ཁ་བཞིན་ལྷུག་པོར་བཤམ་ཆོག རི་གཟར་ཀྱི་རྦབ་ཆུ་ལྟར་ལྷུང་ལྷུང་འབབ་ཆོག ཁྱོད་ཁོ་ན་ཡོད་པས་ངས་རྒྱལ་ཁམས་སེམས་ཀྱིས་མྱོང་ཞིང་འཇིག་རྟེན་རིག་པས་འཚོལ་ཆོག ཁྱོད་ཀྱི་མཛེས་སྡུག་གི་ལང་ཚོ་ཡིད་སེམས་ཀྱི་ལོངས་སྤྱོད་དུ་སྒོམ་བཞིན་ངའི་ཉིན་ཞག་གི་ལོ་ཟླ་ཆུ་མོ་བཞིན་རྒྱང་དུ་གྱེས་ཀྱང་། ངས་ཁྱོད་ཀྱི་འཇིག་རྟེན་ལ་མིག་གིས་བལྟས་བལྟས་ལ་ཡོད། རྣ་བས་ཉན་ཉན་དུ་ཡོད། ཁྱོད་ཀྱི་ལྷད་མེད་ཀྱི་ཆུ་རྒྱུན་དྭངས་མོ་བདག་གི་ཟུང་ཁྲག་ལ་འདྲེས་ཤིང་རུས་རྐང་དུ་སིམས་ཤིང་། ཁྱོད་ཀྱིས་གནང་བའི་བརྡ་དང་གོ་བ་རེ་རེ་མིག་ལམ་དུ་མངོན་ཞིང་ཡིད་ཡུལ་དུ་ལྷུང་ཚེ། ཁྱོད་ནི་དྲིན་ཆེན་སུ་ཞིག་གི་རྔུལ་ཆུ་དང་ཚེ་སྲོག་ལ་བརྗེས་ནས་ནར་སོན་ཡོང་བའི་རིན་ཐང་གཞལ་མེད་དེ་ཡིན་པ་ཚོར། ད་ལྟ་ངས་བསམ་ན་ཁྱོད་གང་ནས་འོངས་དང་ཅི་ལྟར་འོང་བ་གཙོ་བོ་མ་ཡིན་པར་འདོད། དེ་ལས་ཀྱང་གལ་ཆེ་བ་ནི་ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལ་སྙིང་ནས་བརྩེ་བ་དང་ཁྱོད་དང་མཉམ་དུ་མངར་སྐྱུར་ཀྱི་འཚོ་བ་རོལ་རྒྱུ་ལས་ལྷག་ཅིག་མེད། ཕལ་བའི་འཚོ་བ་རེ་རེ་ཁྲོད་ཁྱོད་ཀྱི་ཚེ་སྲོག་གི་འོད་སྣང་རེ་ཇ་ཚྭ་ལྟ་བའི་ཀུན་མཁོ་ཡི་དུས་སུ་སྙིང་ཉེ་ལགས། དེ་ནི་ཤི་གསོན་གྱི་གདམ་གསེས་ཤིག་དང་། འབྱུང་འགྱུར་གྱི་རེ་བ་ཞིག་ཡིན།

  གཅེས་པར་འོས་པའི་དབྱངས་གསལ་མཚོ། རྒྱ་མཚོའི་ཕར་རོལ་ནས་གངས་རི་མིག་གིས་མི་ཟིན་ན་ཡང་སེམས་ཀྱིས་མྱོང་བཞིན་ཅི་ཞིག་ཕན་ཚུན་ལ་ད་དུང་གླེང་བར་འདོད། ནགས་ཚལ་གྱི་ལྗོངས་སྟུག་པས་རྩྭ་ཐང་དུ་རྐང་རྗེན་དུ་རྩེད་བའི་སྐལ་བ་དཀོན་ན་ཡང་། སེམས་པ་རྩྭ་ཐང་དུ་འཁྲེང་བཞིན་གང་ཞིག་བརྗོད་འདོད་ཡོད། ངའི་སྙིང་ཉེ་བའི་དབྱངས་གསལ་མཚོ་ཁྱེད་ཀྱི་ལང་ཚོར་གས་ཆག་མེད་པར་སྨོན། ཁྱེད་ཀྱི་མཛེས་སྡུག་ལ་གཟི་བྱིན་འཕྲོ་བར་ཤོག སྙིང་ཉེ་ལགས་ཁྲི་ལོ་ནས་ཁྲི་ལོ་ཤོག ང་རང་རྟག་ཏུ་ཁྱོད་ལ་དགའ། དབྱངས་གསལ་མཚོ།

  བརྗེད་པར་དཀའ་བའི་བོད་ཡིག་འབྲི་དེབ།

  ང་རང་སློབ་ཆུང་སློབ་མ་ཡིན་དུས་ཀྱི་འབྲི་དེབ་སྟེ་བདག་གི་བརྗེད་པར་དཀའ་བའི་བོད་ཡིག་འབྲི་དེབ་དེ་ཡིན། སློབ་ཆུང་སློབ་མ་པྲ་ཆལ་ངས་འབྲི་དེབ་མང་པོའི་ངོས་སུ་དོན་ཡོད་མེད་ཅི་རིགས་བྲིས་ཡོད་པས་འབྲི་དེབ་དེ་དག་གླེང་བར་དོན་སྙིང་ག་ལ་ཡོད། རེད་དེ། དེ་དག་ལས་བརྗེད་རྒྱུ་མེད་པའི་གཅིག་ནི། མི་ལོ་བཅུ་ལྷག་གི་ཡར་སྔོན་གྱི་ཕྱི་ལོ་ལྟར་ན ༢༠༠༣ ལོའི་དགུན་ཟླ་ཞིག་ཏུ་ང་དང་འཛིན་གྲོགས་བཀྲ་ཤིས། ངེད་གཉིས་ཐུན་མོང་ལ་དབང་བའི་བོད་ཡིག་འབྲི་དེབ་སྟེ་སློབ་གཙོ་མའི་གཞུང་ལས་ཁང་གི་ལྕགས་ཐབ་དུ་བུད་ཤིང་བྱས་སོང་།

  ད་ལྟ་ཕྱིར་དྲན་རེ་བྱས་ཚེ་དེ་ནི་དགུན་དུས་ཤིག་ཡིན་ཡ། གཞུང་ལས་ཁང་གི་མེ་དྲོད་དང་ཐབ་ཐོག་གི་རྫ་མའི་ནང་གི་ཆུ་འཁོལ་གྱི་རླངས་པ། ཉིན་དེའི་སློབ་གཙོ་མའི་ངོ་གདོང་གི་རྣམ་པ་དང་འཛིན་བདག་དགེ་རྒན་འུ་ཐུག་ཐབས་ཟད་ཀྱི་ངང་ཚུལ་དེ་དག་དེ་རིང་ད་དུང་ངའི་དྲན་པའི་ཡུལ་དུ་ཁ་སང་བྱུང་བ་འདྲ་པོ་འདུག

  སློབ་གསོ་ཡིན་མདོག་མདོག་གི་སྐབས་དེའི་བཙན་གཏམ་འཇིགས་སུ་རུང་བ་ནི་བཀྲ་ཤིས་ངེད་གཉིས་ཀྱི་འབྲི་དེབ་ད་ལྟ་རང་གཞུང་ལས་ཁང་དུ་སློབ་གཙོ་མའི་ལག་ཏུ་ངེས་པར་སྤྲོད་དགོས་བ་དང་གལ་ཏེ་འབྲི་དེབ་རྩིས་སྤྲོད་མ་བྱུང་ན་ལོ་རིམ་དྲུག་པའི་སློབ་མ་ཆ་ཚང་སློབ་གྲྭ་ནས་ཕྱིར་ཕུད་བྱེད་རྒྱུ་ཡིན་ཟེར། དེ་དུས་ཀྱི་ང་ཚོ་ནི་ལོ་ཆུང་རུང་སེམས་མ་ཆུང་། འབྲི་དེབ་ཁོ་ནའི་ཆེད། ཡང་ན། ང་དང་ངའི་གྲོགས་པོའི་དོན་དུ་སློབ་གྲོགས་ཚོའི་འབྱུང་འགྱུར་གྱི་མདུན་ལམ་བསླུ་ག་ལ་རུང་།

  འབྲི་དེབ་སློབ་གཙོ་མའི་ལག་ཏུ་འབྱོར་དུས་བཀྲ་ཤིས་ངེད་གཉིས་སུ་ཚང་གི་ནག་ཆེན་གྱི་ཁྲིམས་པ་གཉིས་དང་འདྲ་བར་སློབ་གཙོ་མ་དང་འཛིན་བདག་དགེ་རྒན་གྱི་སྔོན་ན་མགོ་སྒུར་སྒུར་དང་ཉྭ་འདར་འདར་ཀྱིས་ཡར་ལངས་བསྡད་ཡོད། བྱིས་དུས་ཀྱི་ང་རང་མཚར་སྣང་མི་སྐྱེས་ག་མེད་ཅིག་ཏུ་འབྲི་དེབ་མོའི་ལག་ཏུ་འབྱོར་རྗེས་ཁ་ཕྱེ་ནས་ལྟ་ཙམ་བྱས་རྗེས་འཁྲིས་སུ་ཡོད་པའི་ཐབ་ཀའི་སྟེང་གི་རྫ་མ་ཡར་བགྱགས་ནས་རྡོ་སོལ་དམར་ཆེམ་ཆེམ་དུ་འབར་ཀྱིན་པའི་ཐབ་ནང་དུ་གཡུགས་སོང་། དེ་ནས་བཟུང་། མི་ལོ་རེ་འགའི་རིང་དུ་མཚར་སྣང་གི་དྲི་བ་ཞིག་ལ་ཅིའི་ཕྱིར་ངེད་གཉིས་ཀྱི་འབྲི་དེབ་སྟེ་ངེས་པར་དུ་མོའི་ལག་ཏུ་རྩིས་སྤྲོད་དགོས་དོན་དང་ལག་ལ་ཐོབ་ཀྱང་ཁ་ཕྱེ་ནས་ལྟ་ཙམ་ལས་ཀློག་ཡང་མ་སོང་བར་མེ་རུ་སྲོག་དོན་ཅི། ངོ་མ་ཡིན། སྐབས་དེར་ང་ལ་མཚར་སྣང་གི་དྲི་བ་འགའ་ཤས་སེམས་སུ་ཤར་ཀྱང་ན་ཚོད་ཀྱིས་དབང་གི་དྲི་ལན་ཞིག་རྙེད་མ་སོང་། ངས་མཚར་སྣང་གི་དྲི་བ་སྟེ་སེམས་ཀྱི་ཟབ་སར་ན་ཟུག་དང་ཞེ་འཁོན་འདྲེས་མས་བཅུགས་སྟེ་རི་བོ་ཧི་མ་ལ་ཡ་བརྒལ་རྗེས་ཀྱི་ཚ་བའི་ལུང་པ་འདི་ནས་རང་དབང་གི་འཁོར་ཡུག་ཞིག་ཏུ་སློབ་སྦྱོང་བྱེད་བཞིན་པའི་ནར་སོན་གྱི་ལོ་ཟླའི་གོ་རིམ་ཁྲོད་དུ་གཞི་ནས་འདས་བའི་མི་ལོ་ཁ་ཤས་ཡར་སྔོན་གྱི་བྱིས་དུས་ཀྱི་འདས་དོན། ངས་བརྗེད་པར་དཀའ་བའི་བོད་ཡིག་འབྲི་དེབ་དང་འབྲེལ་བའི་མཚར་སྣང་གི་དྲི་བ་དེ་ལ་མ་ནོར་བའི་ལན་ཞིག་རྙེད།

  འབྲི་དེབ་དེའི་ཕྱིའི་དབྱིབས་ཏེ། ཆེ་ཆུང་དང་ཁ་མདོག ནང་གི་ཐིག་སོགས་ཆེས་སྤྱིར་བཏང་གི་བོད་ཡིག་འབྲི་དེབ་ཞིག་ཡིན། སྤྱིར་བཏང་མ་ཡིན་པ་ནི་འབྲི་དེབ་དེ་ནི་འཛིན་གྲོགས་བཀྲ་ཤིས་ངེད་གཉིས་ཐུན་མོང་དུ་དབང་ལ་ནམ་རྒྱུན་གྱི་ལས་བྱ་འབྲི་དེབ་ལྟར་དགེ་རྒན་ཚོ་ལ་ཁྲལ་དང་ཆད་པའི་ཚབ་དུ་རྩིས་སྤྲོད་མི་དགོས་པར་རང་གི་ནུས་ཚོད་དང་བསྟུན་ནས་བྱིས་དུས་ཀྱི་མཚར་སྣང་། འབྱུང་འགྱུར་གྱི་རེ་བ་དང་གཞོན་དུས་ཀྱི་རྨི་ལམ་སོགས་དྭངས་གཙང་ཚོར་སྣང་གི་ས་བོན་གཏོར་སའི་ཤོག་བའི་ས་ཞིང་ལེགས་པོ་ཞིག་ཡིན། ངའི་རྣམ་དག་གི་བྱིས་བློ་ཁ་བའི་འདབས་མ་བཞིན་ཤོག་བའི་འཇིག་རྟེན་དུ་འབབ་འགོ་བརྩམས་མ་ཐག་སུ་ཞིག་གི་དབང་ཡོད་ཀྱི་མེ་ལྕེ་དམར་པོས་ངའི་རང་དབང་གི་བསམ་སྤྱོད་བཅོམ་སོང་ན་ཞེ་འཁོན་དང་ན་ཟུག་ལོས་ཡོད། ཡང་། དྲན་ཚུལ་གཞན་ཞིག་ལྟར་ན། འདས་བའི་ལོ་ཟླ་དེ་དག་ནི་ཟམ་འོག་གི་ཆུ་བོ་བཞིན་འགག་མེད་དུ་བཞུར་ནས་མི་ལོ་བཅུ་ལྷག་འདས་སོང་བས་མྱི་ཤ་འདྲ་བའི་ཁོན་སེམས་ཡལ་བ་ཞིག་མེད་ཀྱང་ཆུང་དུས་བྱུང་བའི་འདས་དོན་ལ་ལ་ཞིག་གསུབ་མེད་བརྗེད་མེད་རེད་འདུག

  ད་ལྟ་ལུས་སེམས་གཉིས་ཀ་ནར་སོན་ཙང་། ཕྱིར་འདང་རེ་བརྒྱབ། རང་སར་གཞན་བཞག གཞན་ས་ལ་རང་བསྡད་ནས་ལྡོག་འཕྲོས་ཀྱི་མེ་ལོང་དུ་བསམ་ཤེས་དང་གུ་ཡངས་ཀྱིས་ལྟ་དུས། གཞི་ནས་མངོན་ཡོང་བ་ནི་སློབ་གཙོ་མ། འགན་འཁུར་དང་ཞེད་སྣང་། ཕོ་བ་དང་གླ་ཕོགས། རྩ་ཁྲིམས་དང་སྲིད་ཇུས་ཀྱིས་བཙིར་ཡོང་དུས་ང་དང་ངའི་བོད་ཡིག་འབྲི་དེབ་ནི་དགེ་བ་དགེ་བ་ཟེར་བཞིན་རྐང་འོག་གི་འབུ་སྲིན་དག་སྣང་མེད་དུ་གསོད་པ་དང་མཚུངས། གསལ་བོ་བཤད་ན། སློབ་གསོ་དང་སློབ་མ་གླེང་བཞིན་ང་དང་ངའི་འབྲི་དེབ་ལྟ་བུ་མེ་རུ་བསྲེག་རྐྱང་རེད། ཡིན་ཡང་། དེའི་རྒྱབ་ན་མི་རིགས་ཤིག་གི་སློབ་གསོའི་འབྱུང་འགྱུར་དང་རྒྱ་ཁབ་ཅིག་གི་སྲིད་ཇུས་ཀྱིས་སྦྱིན་པའི་བྱ་བ་སོགས་མང་པོ་ཞིག་མངོན་ལྐོག་གཉིས་སུ་ཡོད་པ་བྱིས་དུས་ཀྱི་ངས་དཔག་མ་ནུས།

  གང་ལྟར་ངའི་སེམས་ཀྱི་འབྲི་དེབ་སྟེ་དགུན་དུས་ཤིག་ལ་ཐབ་ནང་ནས་རྡུལ་དུ་འཐིམ་སོང་ལ་ང་རང་སློབ་སྐབས་དེའི་རྗེས་སུ་སློབ་གྲྭ་དེར་མ་སོང་བར་ཧི་མ་ལ་ཡི་རི་བོ་བརྒལ་ནས་ཕ་ཡུལ་དང་ཁ་ཐོག་རིང་ས་འདི་ནས་ཕ་ཡུལ་དང་བྱིས་དུས་སུ་འབྲེལ་བའི་ཚོར་སྣང་ཅི་རིགས་བྲིས་ཀྱང་སུ་ཞིག་གིས་བཙན་གྱིས་བུད་ཤིང་བྱས་མ་སོང་བ་རང་དབང་གི་འཁོར་ཡུག་ནས་དྭངས་གཙང་གི་མཁའ་དབུགས་རྔུབ་པ་འདི་མི་ཞིག་གི་འཚོ་བ་ལ་མ་གཞི་ནས་ཐོབ་དགོས་བའི་ཚེ་སྲོག་གི་དབང་ཆ་ལོས་ཡིན། ང་ཡི་བྱིས་དུས་ཀྱི་འབྲི་དེབ་རྡུལ་དུ་འཐིམ་སོང་རུང་ལུས་ཀྱི་ཁྲག་རྒྱུན་ན་རྒྱུ་བའི་ཀ་ཁ་དང་ཕ་ཡུལ་ལ་བཅངས་པའི་ཆུང་དུས་ཀྱི་བརྩེ་སེམས་ཀྱི་ས་བོན་ས་མཐའ་ནས་སྨིན་ཞིང་ཕ་ཡུལ་ལ་འཁྲེང་བའི་ཆུང་དུས་ཀྱི་ང་ཡིན།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྙིང་ཉེ་བའི་དབྱངས་གསལ་མཚོ།(ཞར་བཀོད་གཅིག་ཡོད)

2022-02-28 སྙན་དོན་སྙིང་པོ།(མཛོད་དགེ་གླིང་བ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།